ལན་གཅིག་སྙིང་ཉེ་ཞེས་འབོད་སྙིང་འདུག


མཚོ་ཆུ་བྲི་བའི་ཤུལ་ལ་ཟླ་བའི་གཟུགས་བརྙན་བཙལ།།
མིག་ཁམས་མཛེས་པའི་གཟུགས་ལས་སྐྱ་བོའི་མདངས་མངོན་བྱུང་།།
ལན་གཅིག་ཕྱི་ལ་བལྟས་པས་ནང་གི་རྫ་སྒང་གི།
འབྲོང་ཁྱུ་གཤར་ལམ་མ་མཐོང་གས་ཁ་གཞན་ཞིག་མཐོང་།།
དྲན་པའི་ཐང་ལ་བརྒལ་བའི་སྲོག་ཆགས་དེ་རང་མངོན།།
གྲིབ་མའི་ནང་ལ་མཆོངས་ཤིང་རྨི་ལམ་འཁྲིགས་པ་བྱུང་།།

མེ་ལོང་ནང་གི་བདག་གཟུགས་ཆུ་ཁུར་གང་བུ་ཅི།།
ཁྱོད་གཟུགས་གཙང་བོའི་ངོགས་ཀྱི་ང་ཡི་ཀོ་གྲུ་ཅི།།
འཁྲུལ་ཤེས་རྟ་ཁ་བསྒགས་པ་སུ་དང་སུ་ལ་གནོད།།
བར་ཐག་དབུགས་ཀྱི་བར་གྱང་མེད་ལ་ཡོད་པ་དེ།།
གཞི་གཅིག་གྲུབ་པ་མེད་པའི་ཚ་གྲང་དེ་རང་ཡིན།།
མཉམ་གཅིག་རོལ་ཐབས་བྲལ་བའི་དགའ་སྡུག་དེ་རང་ཡིན།།

ཉི་ནུབ་སྤྲིན་པའི་མདངས་ལས་ཞེ་ཡི་ཞལ་རས་མཐོང་།།
ནུབ་ཁའི་གྲིབ་སོ་དེ་ཡིས་གཏིང་གི་སྨག་ལ་རེག།
ལན་གཅིག་འཕྲོ་འདུ་གར་གྱིས་སྣང་ཁྱིམ་ཟླ་སྐར་ལ།།
སྨྲེང་བའི་གཞས་ཤིག་བཏང་བའི་མགྲིན་པ་བརྣངས་པ་ཅི།།
ཞེ་ཡི་ལག་པ་བསྲིང་ན་བརྡ་བ་ཅི་ཡོད་འདུག།
བརྡ་དེ་རུམ་ལ་བཅུག་ན་ཁེར་རྐྱང་མིན་སྙིང་མེད།།

ནང་རྫོང་འཇིག་རྟེན་ཁམས་ཀྱི་གྲིབ་མ་དེ་རང་ལས།།
ང་ཡིས་རང་གི་ཁ་དོག་རང་གི་དབྱིབས་རྣམ་མཐོང་།།
ཁྱོད་ཅེས་ཕྱི་མའི་མིང་དེར་འབྲེལ་བ་ག་རེ་འདུག།
འབྲེལ་བ་ཡོད་སྙིང་གར་ནི་སྒྱུ་མའི་རི་གྲོང་གི།
ན་བུན་རི་ལ་འཁྱུད་པའི་ངང་ཚུལ་མི་རྟག་ཉིད།།
ལན་གཅིག་སྙིང་ཉེ་ཞེས་ཏེ་འབོད་སྙིང་ཅི་ཡིན་འདུག།

                                    2017-4-27  


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལན་གཅིག་སྙིང་ཉེ་ཞེས་འབོད་སྙིང་འདུག

2017-04-28 ཆར་ཐིགས། ཀློག་གྲངས། མཆན ཡོད།


མཚོ་ཆུ་བྲི་བའི་ཤུལ་ལ་ཟླ་བའི་གཟུགས་བརྙན་བཙལ།།
མིག་ཁམས་མཛེས་པའི་གཟུགས་ལས་སྐྱ་བོའི་མདངས་མངོན་བྱུང་།།
ལན་གཅིག་ཕྱི་ལ་བལྟས་པས་ནང་གི་རྫ་སྒང་གི།
འབྲོང་ཁྱུ་གཤར་ལམ་མ་མཐོང་གས་ཁ་གཞན་ཞིག་མཐོང་།།
དྲན་པའི་ཐང་ལ་བརྒལ་བའི་སྲོག་ཆགས་དེ་རང་མངོན།།
གྲིབ་མའི་ནང་ལ་མཆོངས་ཤིང་རྨི་ལམ་འཁྲིགས་པ་བྱུང་།།

མེ་ལོང་ནང་གི་བདག་གཟུགས་ཆུ་ཁུར་གང་བུ་ཅི།།
ཁྱོད་གཟུགས་གཙང་བོའི་ངོགས་ཀྱི་ང་ཡི་ཀོ་གྲུ་ཅི།།
འཁྲུལ་ཤེས་རྟ་ཁ་བསྒགས་པ་སུ་དང་སུ་ལ་གནོད།།
བར་ཐག་དབུགས་ཀྱི་བར་གྱང་མེད་ལ་ཡོད་པ་དེ།།
གཞི་གཅིག་གྲུབ་པ་མེད་པའི་ཚ་གྲང་དེ་རང་ཡིན།།
མཉམ་གཅིག་རོལ་ཐབས་བྲལ་བའི་དགའ་སྡུག་དེ་རང་ཡིན།།

ཉི་ནུབ་སྤྲིན་པའི་མདངས་ལས་ཞེ་ཡི་ཞལ་རས་མཐོང་།།
ནུབ་ཁའི་གྲིབ་སོ་དེ་ཡིས་གཏིང་གི་སྨག་ལ་རེག།
ལན་གཅིག་འཕྲོ་འདུ་གར་གྱིས་སྣང་ཁྱིམ་ཟླ་སྐར་ལ།།
སྨྲེང་བའི་གཞས་ཤིག་བཏང་བའི་མགྲིན་པ་བརྣངས་པ་ཅི།།
ཞེ་ཡི་ལག་པ་བསྲིང་ན་བརྡ་བ་ཅི་ཡོད་འདུག།
བརྡ་དེ་རུམ་ལ་བཅུག་ན་ཁེར་རྐྱང་མིན་སྙིང་མེད།།

ནང་རྫོང་འཇིག་རྟེན་ཁམས་ཀྱི་གྲིབ་མ་དེ་རང་ལས།།
ང་ཡིས་རང་གི་ཁ་དོག་རང་གི་དབྱིབས་རྣམ་མཐོང་།།
ཁྱོད་ཅེས་ཕྱི་མའི་མིང་དེར་འབྲེལ་བ་ག་རེ་འདུག།
འབྲེལ་བ་ཡོད་སྙིང་གར་ནི་སྒྱུ་མའི་རི་གྲོང་གི།
ན་བུན་རི་ལ་འཁྱུད་པའི་ངང་ཚུལ་མི་རྟག་ཉིད།།
ལན་གཅིག་སྙིང་ཉེ་ཞེས་ཏེ་འབོད་སྙིང་ཅི་ཡིན་འདུག།

                                    2017-4-27  


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།