རྒ་བའི་སྡུག་བསྔལ་ཡོད་པའི་བཙོན་གྲོགས་ཤིག་གི་ཚབ་ཏུ་བྲིས་པ།

བོད་པའི་འཇིགས་སྐྱབས།(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-04-28


 
རྒ་བའི་ལུས་པོ་འདོད་པས་ཉེན་ནས་མཛེས་མའི་ལུས་ལ་འཐམ་པ་མིན།།
རྒ་བའི་ངག་སྒོ་རྒྱ་ཡན་བཏང་ནས་སུ་ལ་ཚིག་མཚོན་བཏབ་པ་མིན།།
རྒ་བའི་སེམས་པ་ཧམ་པས་གཟིར་ནས་གཞན་གྱི་རྒྱུ་ནོར་འཕྲོག་པ་མིན།།
རྒ་བའི་ལག་ཟུང་འདར་ཐེངས་གཅིག་གིས་འདྲུད་འཐེན་འཁོར་ལོ་གཞན་ཐོག་ཤོར།།
 
བསམ་བཞིན་གཞན་ཐོག་བསྐོར་བ་ཡིན་ན་རྒས་ཀྱང་རང་གིས་ཉོས་པ་རེད།།
འདོད་བཞིན་མིག་ཟུང་བཙུམ་པ་ཡིན་ན་རྒས་ཀྱང་རང་ལ་འབབ་པ་རེད།།
ཤེས་བཞིན་འཁོར་སྒག་གློད་པ་ཡིན་ན་རྒས་ཀྱང་ལུས་ཀྱིས་ཐེག་པ་རེད།།
དེ་འདྲ་མིན་ན་ལས་ཀྱི་རྒྱལ་མོས་ཅིས་ཕྱིར་སྤྱན་གྱིས་མ་གཟིགས་སམ།།
 
ལྗིད་པའི་གོམ་འགྲོས་གཡས་སུ་སྤོ་བར་འདོད་ཀྱང་དབང་མེད་གཡོན་དུ་འཁྱར།།
འཁྱར་བའི་ལུས་པོ་ཀྲོང་ངེར་འདུག་དགོས་བསམ་ཀྱང་དབང་མེད་ཡམ་ཡོམ་འདར་།།
བཤད་པའི་གཏམ་ལ་ལགས་སོ་ཟེར་དགོས་སྙམ་ཡང་རྣ་བས་ཐོས་ལོག་བྱུང་།།
གདོང་གི་དཀར་ནག་འཛུམ་གྱིས་བསུ་དགོས་འདོད་ཀྱང་མིག་དབང་ཡོལ་བས་བསྒྲིབས།།
 
རྒ་བའི་དུས་སུ་བཙོན་དུ་འདུག་པ་འཇིག་རྟེན་དམྱལ་བ་ངོ་མ་རེད།།
རྒ་བའི་ལུས་ལ་རྡུང་རྡེག་བྱེད་མཁན་རིགས་མཐུན་བཙོན་གྲོགས་རྐྱང་རྐྱང་རེད།།
རྒ་བའི་རྣ་བར་ཤ་གཅུས་རྒྱག་མཁན་གཅིག་གཅིག་གཉིས་གཉིས་གསུམ་གསུམ་རེད།།
རྒ་བའི་རྒན་པོར་མིག་ལོག་བགྲད་མཁན་བཞི་བཞི་ལྔ་ལྔ་དྲུག་དྲུག་རེད།།
 
རྒ་བའི་ན་སྡུག་ཀུན་ལ་ཡོད་པས་གམ་གྱི་གྲོགས་པོས་མ་གཤེ་རོགས།།
གཞོན་པའི་དུས་སུ་ང་ཡང་ཁྱོད་ཚོ་བཞིན་དུ་ལུས་ཡང་སྤྱོད་ཡང་ཡིན།།
རྒ་བའི་འཇིག་རྟེན་སུ་ལ་ཡོད་པས་འཁྱོས་རྒན་ཟེར་ནས་མ་སྡིགས་རོགས།།
ད་ཆ་ཤ་དར་ཁྲག་དར་ལགས་པའི་ཁྱོད་ཀྱང་ནམ་ཞིག་འཁྱོས་རྒན་ཡིན།།
 
རྒ་བའི་དུས་ཀྱི་ལྕགས་ཀྱུ་ཟེར་བ་སུ་ཡི་མདུན་ན་གོར་སེ་ཡོད།།
དེ་ཡི་སྣེ་མོ་གཤིན་རྗེ་རྒན་པོའི་ཨ་ལོང་ནང་དུ་ཁྲིགས་སེ་ཡོད།།
ཟས་གཙང་སྲས་ཀྱང་གཞོལ་བར་མ་ནུས་ཞབས་ཟུང་ལྕགས་ཀྱུར་ཚུད་སོང་ཟེར།།
ཐོས་པ་དགའ་ཡང་གཡོལ་བར་མ་ནུས་ཨ་ལོང་ནང་དུ་ཤོར་སོང་ངོ།།
 
འཇིག་རྟེན་མཐོང་བ་སྔ་རྟིང་ཙམ་ལས་རྒ་བའི་དུས་སུ་འདྲ་འདྲ་ཡིན།།
ལོ་དང་ཟླ་བའི་ཧེ་བག་ཙམ་ལས་འཆི་བའི་ཚེ་ན་མཚུངས་མཚུངས་ཡིན།།
རྒ་བའི་སྡུག་བསྔལ་ང་ལ་ཆེ་ཞིང་འཆི་བའི་འཇིགས་སྣང་ཁྱོད་ལ་ཆེ།།
དེ་ཕྱིར་ང་དང་ཁྱོད་ཚོ་ཁོ་ཚོ་སྲིད་པའི་སྐད་ཅིག་མགྲོན་པོ་ཡིན།།
         
                   ༢༠༡༤.༥.༢༧ཉིན་གྱི་ཕྱི་དྲོར་བྲིས།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


                

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒ་བའི་སྡུག་བསྔལ་ཡོད་པའི་བཙོན་གྲོགས་ཤིག་གི་ཚབ་ཏུ་བྲིས་པ།

2017-04-28 བོད་པའི་འཇིགས་སྐྱབས།(རྨ་ཆུ) ཀློག་གྲངས། མཆན ཡོད།


 
རྒ་བའི་ལུས་པོ་འདོད་པས་ཉེན་ནས་མཛེས་མའི་ལུས་ལ་འཐམ་པ་མིན།།
རྒ་བའི་ངག་སྒོ་རྒྱ་ཡན་བཏང་ནས་སུ་ལ་ཚིག་མཚོན་བཏབ་པ་མིན།།
རྒ་བའི་སེམས་པ་ཧམ་པས་གཟིར་ནས་གཞན་གྱི་རྒྱུ་ནོར་འཕྲོག་པ་མིན།།
རྒ་བའི་ལག་ཟུང་འདར་ཐེངས་གཅིག་གིས་འདྲུད་འཐེན་འཁོར་ལོ་གཞན་ཐོག་ཤོར།།
 
བསམ་བཞིན་གཞན་ཐོག་བསྐོར་བ་ཡིན་ན་རྒས་ཀྱང་རང་གིས་ཉོས་པ་རེད།།
འདོད་བཞིན་མིག་ཟུང་བཙུམ་པ་ཡིན་ན་རྒས་ཀྱང་རང་ལ་འབབ་པ་རེད།།
ཤེས་བཞིན་འཁོར་སྒག་གློད་པ་ཡིན་ན་རྒས་ཀྱང་ལུས་ཀྱིས་ཐེག་པ་རེད།།
དེ་འདྲ་མིན་ན་ལས་ཀྱི་རྒྱལ་མོས་ཅིས་ཕྱིར་སྤྱན་གྱིས་མ་གཟིགས་སམ།།
 
ལྗིད་པའི་གོམ་འགྲོས་གཡས་སུ་སྤོ་བར་འདོད་ཀྱང་དབང་མེད་གཡོན་དུ་འཁྱར།།
འཁྱར་བའི་ལུས་པོ་ཀྲོང་ངེར་འདུག་དགོས་བསམ་ཀྱང་དབང་མེད་ཡམ་ཡོམ་འདར་།།
བཤད་པའི་གཏམ་ལ་ལགས་སོ་ཟེར་དགོས་སྙམ་ཡང་རྣ་བས་ཐོས་ལོག་བྱུང་།།
གདོང་གི་དཀར་ནག་འཛུམ་གྱིས་བསུ་དགོས་འདོད་ཀྱང་མིག་དབང་ཡོལ་བས་བསྒྲིབས།།
 
རྒ་བའི་དུས་སུ་བཙོན་དུ་འདུག་པ་འཇིག་རྟེན་དམྱལ་བ་ངོ་མ་རེད།།
རྒ་བའི་ལུས་ལ་རྡུང་རྡེག་བྱེད་མཁན་རིགས་མཐུན་བཙོན་གྲོགས་རྐྱང་རྐྱང་རེད།།
རྒ་བའི་རྣ་བར་ཤ་གཅུས་རྒྱག་མཁན་གཅིག་གཅིག་གཉིས་གཉིས་གསུམ་གསུམ་རེད།།
རྒ་བའི་རྒན་པོར་མིག་ལོག་བགྲད་མཁན་བཞི་བཞི་ལྔ་ལྔ་དྲུག་དྲུག་རེད།།
 
རྒ་བའི་ན་སྡུག་ཀུན་ལ་ཡོད་པས་གམ་གྱི་གྲོགས་པོས་མ་གཤེ་རོགས།།
གཞོན་པའི་དུས་སུ་ང་ཡང་ཁྱོད་ཚོ་བཞིན་དུ་ལུས་ཡང་སྤྱོད་ཡང་ཡིན།།
རྒ་བའི་འཇིག་རྟེན་སུ་ལ་ཡོད་པས་འཁྱོས་རྒན་ཟེར་ནས་མ་སྡིགས་རོགས།།
ད་ཆ་ཤ་དར་ཁྲག་དར་ལགས་པའི་ཁྱོད་ཀྱང་ནམ་ཞིག་འཁྱོས་རྒན་ཡིན།།
 
རྒ་བའི་དུས་ཀྱི་ལྕགས་ཀྱུ་ཟེར་བ་སུ་ཡི་མདུན་ན་གོར་སེ་ཡོད།།
དེ་ཡི་སྣེ་མོ་གཤིན་རྗེ་རྒན་པོའི་ཨ་ལོང་ནང་དུ་ཁྲིགས་སེ་ཡོད།།
ཟས་གཙང་སྲས་ཀྱང་གཞོལ་བར་མ་ནུས་ཞབས་ཟུང་ལྕགས་ཀྱུར་ཚུད་སོང་ཟེར།།
ཐོས་པ་དགའ་ཡང་གཡོལ་བར་མ་ནུས་ཨ་ལོང་ནང་དུ་ཤོར་སོང་ངོ།།
 
འཇིག་རྟེན་མཐོང་བ་སྔ་རྟིང་ཙམ་ལས་རྒ་བའི་དུས་སུ་འདྲ་འདྲ་ཡིན།།
ལོ་དང་ཟླ་བའི་ཧེ་བག་ཙམ་ལས་འཆི་བའི་ཚེ་ན་མཚུངས་མཚུངས་ཡིན།།
རྒ་བའི་སྡུག་བསྔལ་ང་ལ་ཆེ་ཞིང་འཆི་བའི་འཇིགས་སྣང་ཁྱོད་ལ་ཆེ།།
དེ་ཕྱིར་ང་དང་ཁྱོད་ཚོ་ཁོ་ཚོ་སྲིད་པའི་སྐད་ཅིག་མགྲོན་པོ་ཡིན།།
         
                   ༢༠༡༤.༥.༢༧ཉིན་གྱི་ཕྱི་དྲོར་བྲིས།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


                

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།