མུན་པའི་ལྟེབ་ཁུག(ཞར་བཀོད་གཉིས་ཡོད)

ཡུལ་བས་མཐའི་ལུགས་སྲོལ་ལྟེབ་གཉེར་ནང་།།
བཙའ་གཡའ་ལ་ཤོར་བའི་མི་སེམས་ཤིག།
འདར་སིག་སིག་སྙིང་རྗེ་སློང་བ་དེ།།
ལས་མ་དག་ལས་ཀྱིས་ང་ལ་བབས།།

ཚེ་ཕྱི་མའི་གདུག་པའི་འཇིགས་པ་དེ།།
མཚན་རྨི་ལམ་ཙམ་ལ་མ་འཁོར་ཡང་།།
ལས་ད་ལྟ་བགྱིས་པའི་ཚོར་བ་དེ།།
ཕྱི་ལྤགས་དང་ནང་གི་སེམས་ལ་ཟུག

སྒོ་གསུམ་ལ་བསྒོས་པའི་རྡུལ་གྱི་ཁམས།།
གཏམ་ཁ་ལྕེའི་རླངས་པ་དུག་གི་ཚེར།།
བདག་ཚེ་བླ་སྲོག་གསུམ་བསྣད་པ་ཡིས།།
དུས་ད་ལྟ་སོམས་དང་ཡ་རེ་ང་།།

ཆང་ཨ་རག་ཁམ་གསུམ་འཐུང་བ་དང་།།
ཁ་ཐ་མག་ཤུགས་ཀྱིས་རྔུབ་པ་སོགས།།
ངལ་དུབ་པའི་དབུགས་ཀྱི་གཏོང་ལེན་བར།།
ངའི་ལུས་སེམས་ལྷོད་པའི་ཆར་ཟིམ་ཡིན།།

                        ༢༠༡༦/༠༤/༢༢ཉིན།

                           གྱ་གྱུའི་ལྟེབ་དཀྱོགས། 

མི་སེམས་མུན་པའི་ལྟེབ་ཁུག་ན།།
སྒྱུ་མའི་སྤྲིན་གྱིས་གར་རྩེན་པ།།
བློ་ཐུང་རྔ་མའི་ཡོག་བྱས་པ།།
ཡོལ་བའི་རྒྱབ་ཀྱི་གྲིབ་མའོ།།

སྨིག་རྒྱུའི་གྲོང་གི་གཟུགས་རིས་དང་།།
སྤྲིན་རུམ་རྒྱུ་བའི་རླངས་པ་དང་།།
རྩྭ་མགོར་ཆགས་པའི་ཟིལ་བ་དག།
མི་སེམས་མཚོན་པའི་རི་མོ་རེད།། 

གདོད་གཏད་འཛུམ་པའི་སོ་དཀར་ལ།།
བྲལ་ཙམ་གཡོ་ཡི་འཕྲུལ་སྐོར་བ།།
བློ་སེམས་རླུང་ཁའི་དུ་བ་ལ།།
ང་ནི་སུན་ཞིང་མེར་ཙམ་བྱུང་།།

ཨ་འགྲོགས་ཡང་འགྲོགས་ཐེམ་ཁུག་ན།།
རྡུལ་གྱིས་ཟིན་པའི་རི་མོ་དག།
འདི་དང་ཀན་ཞེས་འཛིན་དཀའ་བས།།
ངལ་ཞིང་དུབ་པའི་རྒྱུ་ཙམ་མོ།།

                  ༢༠༡༦/༠༤/༡༩ཉིན། 

                               སེམས་པ་འཁྱག་པ།

ཉི་མ་རི་ལ་ནུབ་སོང་དྲོད་ཀྱི་དབུགས་རྔ་ཁྱེར་སོང་།།
རེ་བ་རྒྱང་ལ་བསྲིངས་ཀྱང་རེ་འབྲས་ཆུ་ལ་བསྐྱུར་སོང་།།
ལ་འགོ་མཐོ་སར་འགོས་ཏེ་མིག་ཟུང་རྒྱང་ལ་བསྲིངས་ན།།
ཐག་རིང་གནམ་སའི་མཚམས་ན་རབ་རིབ་སྣང་བ་གང་རེད།།

གཞུང་གི་ཆུ་མོའི་གཟུགས་རིས་གྱ་གྱུའི་མི་སེམས་ཡིན་ནམ།།
ལམ་དག་བསྣོལ་མར་སྦྲེལ་བ་བསྣད་པའི་རྨ་ཁ་རེད་དམ།།
མིག་ལམ་རབ་རིབ་འཆར་བ་འཚོ་བའི་ཁ་དོག་ཨེ་རེད།།
རླངས་སྨུག་འཁྱིལ་བའི་གྲོང་ལ་སྐད་ཅིག་བཏང་བ་ཚོར་རམ།།

སྤང་ལ་མེ་ཏོག་འཁྲུངས་པའི་ལྗོངས་ཤིག་ཡིད་ལ་དྲན་ནམ།།
བཤད་པ་བློ་ལ་ཁེལ་བའི་མི་ཞིག་སེམས་ན་ཡོད་དམ།།
ནང་སེམས་འདྲེས་པའི་དུས་ཤིག་ཚེ་ཡི་མཐུད་མར་འདོད་དམ།།
ཚེ་བླ་སྲོག་གསུམ་གྱེས་པའི་སྐྱོ་ཤས་ཁམས་ལས་ཨེ་གྲོལ།།

གྲིབ་མ་ལུས་ལ་གྱོན་པས་སིག་སིག་བྱེད་པ་ཨེ་རེད།།
དྲན་པ་སྐྱ་བོའི་ཀློང་ན་ངག་ནི་འདར་བ་བདེན་ནམ།།
སྐྲ་ལོའི་ཕྱིར་དྲན་རི་མོས་འཛུམ་པར་བྱས་པ་ཡིན་ནམ།།
མི་སེམས་སྲེག་པའི་བྱེད་པས་སྐྱོ་འཛུམ་ཤོར་བ་མིན་ནམ།།

ལས་ནི་འདུན་པ་བརླག་བྱེད་གཤིས་ལ་གྲུབ་པ་ཡིན་ནམ།།
གཏམ་ནི་མི་ཁ་འཁོར་བྱེད་ཤུགས་ཀྱིས་བསྐོར་བ་མིན་ནམ།།
གཤིས་ཀྱི་སྣུམ་ཚོན་རི་མོ་རྡུལ་ལ་ཟེགས་པ་རེད་དམ།།
བསམ་སྦྱོར་དུག་གི་བ་མོ་སེམས་ལ་བབས་པ་ཡིན་ནམ།།

མ་དག་སེམས་ཀྱི་འཁྱེར་སོ་ཁྲག་ལ་བབས་པའི་རྡུལ་ཡིན།།
ཡིད་ཀྱི་གད་སྐྱིབས་ཕུག་ལ་འུར་འུར་བྱེད་པའི་སྒྲ་ཡིན།།
རེ་བའི་ལྗང་ལོའི་ཁུད་ལ་ཞེ་སྡང་མངོན་པའི་མིག་ཡིན།།
དུས་ཆད་ཉི་མའི་སྲོག་ལ་ལྕགས་མདའ་འཕེན་པའི་དགྲ་རེད།།

                           ༢༠༡༦/༠༥/༠༥ཉིན།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མུན་པའི་ལྟེབ་ཁུག(ཞར་བཀོད་གཉིས་ཡོད)

2017-05-06 ལྡོག་འཆར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།