མི་ལ་རས་པ་བསྟོད་པས་སྒུལ་བ།

སེམས་གངས་དཀར་གྱི་བཞིན་མདངས་རྡུལ་གྱིས་གཡོག་སྟེ།།
སྤྱན་འོད་གོར་གྱི་ཟེར་ཐིགས་མུན་པས་རུམ་སྟེ།།
གསོན་མྱི་ཡུལ་འདི་དམྱལ་བའི་གཟུགས་སུ་གྲུབ་དུས།།
ལུས་གྲུབ་ཆ་གན་ལྕགས་སྒྲོག་དགུ་ཡིས་མགར་ཡོད།།

མར་ལོ་ཙཱ་མཆོག་སེམས་ཀྱི་མཁའ་རུ་མཆོད་དེ།།
ལུས་ཟུངས་ཁྲག་གི་ཆུ་མིག་དགུ་སྒྲིལ་བསྐྱིལ་བཞག།
མཁར་དགུ་བརྩེགས་ཤིག་ཤ་ཁྲག་རུས་པས་བཞེངས་པས།།
དད་བརྩོན་འགྲུས་ཀྱི་ཕ་རོལ་ཕྱིན་པས་དཀྲིས་ཡོད།།

ཞག་དགུ་བརྒྱ་ལྷག་སྒོམ་པའི་གཏིང་ནས་བཞག་སྟེ།།
སེམས་བསམ་གཏན་གྱིས་ཕ་རོལ་ཐོན་པ་ཡིན་སྟབས།།
ས་མེ་ཆུ་སོགས་ཡོད་ཚད་ལག་མཐིལ་བཞག་སྟེ།།
ཆོས་མི་རྟག་པར་ནང་གི་ཚོར་བས་ཟིན་འདུག།

གོས་ཟས་ཧྲུལ་སོགས་འཚོ་བའི་ལག་རྟེན་བཞག་སྟེ།།
ལུས་ཟག་ཕུང་ལ་རུས་པའི་རྐང་རྗེས་ཕབ་དུས།།
ནང་ཡིད་སེམས་ཉིད་བསམ་གཏན་ཟན་གྱིས་བཀང་བས།།
མགུར་ཉམས་དགའ་ཞིག་ཚངས་པའི་མགྲིན་ནས་རྡོལ་འདུག།

སྲིད་འཁོར་བ་པས་སྨྱོན་པའི་ཐ་སྙད་བཙུགས་ལ།།
སེམས་ཆོས་ལམ་པས་རྒྱལ་སྲས་ཐོས་དགའ་འབོད་དོ།།
ཡིད་ཅང་ཤེས་ལ་སྒོམ་པའི་ཁ་ལོ་བསྒྱུར་བས།།
ནང་རྟོགས་པ་གན་སྲིད་པའི་མཐོ་སར་འགྲེང་ཡོད།།

པོད་བརྩེགས་མའི་ཁྲོད་རྩེན་པའི་རིག་པའི་འོད་ཟེར།།
ཆོས་འདུལ་བའི་ནང་བཞེངས་པའི་ཀུན་སྤྱོད་གཡའ་དག།
ཡིད་རྣམ་དཔྱོད་ཀྱིས་ངལ་བས་ཐོད་དུ་མ་བླང་།།
སེམས་འཆར་ཡན་དེའི་རིག་པ་རང་བྱོན་རེད་གདའ།།

ནང་ཉམས་རྟོགས་ལ་གཤོག་པ་དཀར་པོ་ཐོགས་དུས།།
ཕྱི་ཚོགས་དྲུག་ཀུན་དག་པར་རབ་འབྱམས་འཆར་སྐབས།།
སེམས་རྫུ་བག་གི་ཐག་པའི་སྣེ་ཐག་རུལ་འདུག།
ཆོས་སྒྱུ་མ་པས་སྤྲུལ་བའི་སྣང་བ་བཤིགས་འདུག།

ཡིད་དད་པའི་གསེབ་འཁྲུངས་བའི་ཚིག་གི་མེ་ཏོག།
དུས་སེམས་དཔའ་ཁྱེད་མཆོད་པའི་རྫས་སུ་གཏོར་ཡོད།།
སེམས་གསལ་རིག་གན་གདོད་མའི་རྟགས་སུ་བརྟས་པའི།།
ཐབས་རྩལ་དགུ་ཡི་དངོས་གྲུབ་སིལ་མ་ཕོབས་ཤིག།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ལ་རས་པ་བསྟོད་པས་སྒུལ་བ།

2017-05-21 དུར་རྐང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།