འབྲོག་བུ་དཀོམ་བཀྲའི་སྙན་རྩོམ། འཁོར་བའི་འོབས་དོང་གི་གླུ།(ཚན་པ་ལྔ)

འབྲོག་བུ་དཀོམ་བཀྲ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-06-07

                           ང་ཡི་ད་ལྟ་བ།

ཨར་འདམ་བླུག་མའི་སྡོད་ཤག་འཁྱག་པ་རུ། །
ཨ་རག་མཆོད་ཀྱིན་གཅིག་པུར་བསྡད་པ་ན། །
གཟུགས་བརྙན་སྟོང་གིས་ང་ཡི་མཐའ་ནས་རུབ། །
ལ་ལས་གྲི་མདུང་ཐོགས་ནས་གསོད་དགོས་ཟེར། །
ལ་ལས་ནས་ཆང་བཏེགས་ཏེ་མནའ་འཇོག་ཟེར། །
ང་ནི་ཅི་དང་གང་ལ་མི་མཉེས་པས། །
དེ་དག་ཤོག་སྐྱ་བཞིན་དུ་བསྲེགས་པ་ཡིན། །

སྒོ་ལ་གོམ་གང་སྤོས་ན་གངས་ལ་ཐུག །
མིག་ཁ་ཕྱེས་མ་ཉིད་ནས་གངས་རི་མཐོང་། །
ཞོགས་པ་དང་ནི་ནུབ་ཁའི་ཉི་མ་ཡང་། །
གངས་ཀྱི་མེ་ལོང་ངོས་ནས་ཡལ་མེད་འཛུམ། །
ས་རྡུལ་ལང་ལོང་ཁྲོད་ཀྱི་བྱིས་པ་ཚོ། །
ཕྱི་ནང་རབ་ཏུ་དྭངས་པའི་མུ་ཏིག་བཞིན། །
ང་ཡི་མཐའ་ནས་འཚུབ་ཅིང་བགད་པ་ན། །
རུས་མགོ་གངས་ལ་ཐིམ་པའི་མི་རིགས་ཤིག །
སླར་ཡང་རྙེད་བྱུང་སྙམ་པའི་ང་རྒྱལ་སྐྱེ། །
རྨི་ལམ་ཡ་ཡོ་སྒྱུ་མའི་ཟློས་གར་ཡང་། །
རྡུལ་འཚུབ་དྭངས་པའི་ནམ་མཁའ་སྔོན་པོ་བཞིན། །
རེ་ཞིག་བག་མེད་སྤྲོ་བས་རྦད་དེ་ཐལ། །

སེམས་པ་རྒྱ་ཡན་ཅང་ཤེས་སྲབ་མེད་འདི། །
འཁོར་བའི་ཉིན་སྲིབ་བར་ནས་ངལ་བ་ན། །
ཆུང་འདྲིས་ལགས་ནི་ཚེ་འཛིན་ཐག་པ་དང་། །
ང་ཡི་དབུགས་རྒྱུན་གསོ་བའི་མཁའ་རླུང་བཞིན། །
རྟག་ཏུ་གྲོགས་དན་མཛད་ཅིང་སེམས་གསོ་བྱེད། །
དེ་བས་མི་ཆུང་ང་ཡི་འཚོ་བ་ནི། །
ཤིན་ཏུ་ལྷིང་ཞིང་འཇགས་པའི་མཚེའུ་བཞིན། །
ས་གཞིའི་པང་ནས་བདེ་བའི་གཉིད་ལྕོག་རྒྱག །

              ༢༠༡༧/༣/༢ལ།

                           ང་ཡི་ཁུ་སིམ།

དོ་ནུབ་ང་རང་དཔྱི་ཁོག་འབོད་པའི། །
ལུང་ཀྱོག་དོག་མོ་གངས་ཀྱིས་བསྐོར་བའི། །
བས་མཐའི་གྲོང་རྡལ་ཞིག་ཏུ་ཡོད་ལགས། །
འདི་ན་སྒྱུ་མའི་གྲོང་ཁྱེར་བཞིན་དུ། །
འཛུམ་བག་གར་གྱི་བསླུ་བྲིད་ཉུང་ཞིང་། །
སྒྲ་འཛིན་རྣ་བའི་བུ་ག་རྡུང་བའི། །
འཕྲུལ་འཁོར་ཆོམ་སྒྲ་ཡེ་ནས་མེད་དོ། །
རྩྭ་ས་ལྕགས་དྲས་མ་བསྐོར་སྔོན་གྱི། །
འབྲོག་སྡེ་སྨུག་པོ་ཚོམ་བུ་ཚོམ་བུར། །
དབྱར་མཚེར་བབས་ཏེ་བསང་མེ་གཏོང་བའི། །
ཡིད་བརྙན་དར་གྱི་ཤམ་བུ་མང་པོ། །
རེ་རེ་བཞིན་དུ་སྣང་བར་སིམ་ཡོང་། །
ཡུལ་འདིའི་ནམ་ཟླ་འགྱུར་བག་རྒོད་དེ། །
སྐབས་རེར་ཉི་འོད་ཚ་མོ་འཚེར་ཞིང་། །
མིག་གིས་མཁའ་དབྱིངས་བལྟ་བར་མི་བཟོད། །
ལན་རེར་རླུང་དམར་འུར་འུར་འཚུབ་ཅིང་། །
སྡོད་ཁང་ཀླད་པ་འགེམ་པར་རྩོམ་མོ། །
མཚམས་མཚམས་སྤྲིན་པ་གླང་བོ་འདྲ་རེ། །
ས་གཞིའི་པང་དུ་གློ་ཉལ་བྱེད་བཞིན། །
སྣ་ཞགས་རིང་མོས་རྒྱུག་ཆུ་འཐུང་ངོ་། །

             ༢༠༡༧/༤/༡༦

                           ང་ཡི་བཟི་སྣང་།

ཆང་འདི་འཐུང་རྒྱུ་མང་ན་སྣང་བ་འཁྲུག །
རང་ལས་གཞན་དག་ཉམ་ཆུང་གྲོག་མར་མཐོང་། །
གོས་ཀྱི་མདོག་དང་སྐད་བརྡ་མི་གཅིག་པའི། །
ས་སྟེང་སྐྱེ་བོ་སུ་ལ་འཕྲད་གྱུར་ན། །
རྐང་རྡེབ་གཅིག་གིས་ལྔ་ལམ་བརྫང་འཇོག་འདོད། །
དེ་འདྲའི་འཁྲུལ་སྣང་དབང་དུ་ཞུགས་གྱུར་ཏེ། །
མི་འདོད་གྱོད་ཀྱི་ཆུ་སྣ་གློ་བུར་འདྲེན། །
ལྷག་ཏུ་བཟི་ནས་མོ་ཊ་བཏང་བ་ན། །
སྲང་ལམ་ཀུན་གྱི་འཕྲུལ་འཁོར་སྣ་ཚོགས་པས། །
ང་ལ་བརྙས་ཏེ་བགྲོད་ལམ་འགོག་པར་སྣང་། །
སྣུམ་སྒོ་ཤེད་ཀྱིས་བསྣན་ཏེ་གཅུར་འདོད་སྐྱེ། །
ཆང་གིས་བཟི་ན་སྣང་མཐུན་དགའ་མ་དེ། །
ལེ་བར་སྟོང་གི་ཕག་ཏུ་བཞུགས་ན་ཡང་། །
རང་ནི་རླུང་གི་གཤོག་པར་སྤྲུལ་བྱས་ཏེ། །
ནམ་འདི་མ་གསལ་གོང་ལ་ཐུག་འདོད་ཆེ། །

                            ང་ཡི་འབྲོག་ཁྱི།

སྔོན་ཆད་ང་ཚོ་འབྲོག་པ་ཡིན་དུས། །
འབྲོག་རུ་སྨུག་པོ་མར་ཁུ་ཡིན་དུས། །
དབྱར་ཟླ་དྲུག་པའི་ཙད་ཆེན་ཐོན་ན། །
ཁྱི་རྣམས་དཀར་པོ་འོ་མས་གསོས་མྱོང་། །
རེ་སྦྲ་ནག་པོའི་ཆུ་དར་འོག་ཏུ། །
ཁྱི་ལ་ཚ་བྱོལ་བྱེད་ས་ཡོད་རེད། །
དགུན་ཟླ་གསུམ་གྱི་གྲང་ལྷག་ཐོན་ན། །
ལྟོ་ལ་ཤ་ཁུ་རྩམ་ཁུ་ལྡུད་མྱོང་། །
ས་ཡི་སྤོ་ཏོས་ཁྱི་ཁང་བརྒྱབ་སྟེ། །
ཁྱི་རྣམས་ཨེ་དགའ་ཨེ་དྲོ་བྱེད་རེད། །
ལམ་འགྲོ་དག་གིས་ཁྱི་ལ་བརྙས་ན། །
ཁྱིམ་བདག་ཁྲོས་པའི་གཉེར་མ་བསྡུས་ཏེ། །
ཁྱི་ཡི་དོན་དུ་སྲོག་ཀྱང་འཇོག་གོ །

ད་ལྟ་ང་ཚོ་འབྲོག་པ་འཇིག་སྟེ། །
སྔོན་ཆད་འདྲིས་པའི་ཁྱིམ་མཚེས་རྣམས་ཀྱང་། །
ཐོ་རངས་དུས་ཀྱི་སྐར་མ་ལྟར་དུ། །
རེ་རེ་བཞིན་དུ་ཡལ་བར་གྱུར་ཚེ། །
ཁྱི་རྣམས་ལྟོགས་པའི་རྔ་ལུ་གཡུག་བཞིན། །
མཚེར་ཤུལ་སྐྱ་བོའི་ཐལ་བ་འགམ་དུས། །
དོམ་ནག་ཁྱི་ཡི་སྐྱིད་སྡུག་དོན་ལ། །
མིག་ཆུ་རྡོག་གཅིག་འདོར་མཁན་མ་བྱུང་། །
རྫོང་མཐའི་ཁྱི་ལྡོམ་ལྕགས་རར་བཅུག་སྟེ། །
བཀྲེས་ལྟོགས་སྡུག་བསྔལ་བཟོད་མེད་མྱོང་དུས། །
ཁྱི་ལྕེ་དམར་པོ་གནམ་ལ་བསྲིངས་ཏེ། །
ཆུ་འཛིན་ལྟོ་བ་འཆའ་བར་བྲེལ་བའི། །
བཟོ་ལྟ་དེ་ནི་དེ་འདྲའི་སྙིང་རྗེ། །

               ༢༠༡༧/༤/༡༦

                            ང་ཡི་འབྲོག་སྡེ།

སྐར་ཕྲན་རེ་རེ་འོད་ཀྱི་འཇིག་རྟེན་བཞིན། །
ཆུ་ཐིགས་རེ་རེ་ལྷ་ཡི་བདུད་རྩི་ལྟར། །
ཁྱོད་ཀྱི་ཞིང་བཀོད་མཐོང་ན་སེམས་པ་དགའ། །

མཆོད་མེ་རེ་རེ་ཕྱོགས་སྟོན་སྒྲོན་ལྕོག་བཞིན། །
ཆོས་གླུ་རེ་རེ་ཕ་མའི་མན་ངག་ལྟར། །
ཁྱོད་ཀྱི་འཁོར་བ་མཐོང་ན་བློ་ཁ་བདེ། །

རྩྭ་ཕྲན་རེ་རེ་མཐའ་མའི་སོ་སྲུང་བཞིན། །
རྡོ་བ་རེ་རེ་གནའ་མིའི་བཙན་རྫོང་ལྟར། །
ཁྱོད་ཀྱི་གནས་ཚང་མཐོང་ན་ཡིད་སེམས་བྲོད། །

སྦྲ་ནག་རེ་རེ་དེང་མའི་ཁྱིམ་མཚེས་བཞིན། །
སྒོ་ཁྱི་རེ་རེ་ངོ་ཤེས་རྙིང་བ་ལྟར། །
ཁྱོད་ཀྱི་ལུག་ཁྱུར་འཕྲད་ན་སྤོབས་པ་སྐྱེ། །

ཐབ་མེ་རེ་རེ་དྲོད་ཀྱི་ཉི་ཐིག་བཞིན། །
ཁ་ཚབ་རེ་རེ་དགུ་ཚིགས་གཙང་བོ་ལྟར། །
ཁྱོད་ཀྱི་གོ་ཁར་ཐོན་ན་ལྷོད་ལ་འབབ། །

རྟ་ཕོ་རེ་རེ་བདག་གི་རྫི་རྟ་བཞིན། །
གཡག་རྒོད་རེ་རེ་ང་ཡི་སྒོ་ཟོག་ལྟར། །
ཁྱོད་ཀྱི་རུ་བ་རིག་ན་ངལ་དུབ་བརྗེད། །

འབྲོག་མོ་རེ་རེ་ཕྲན་གྱི་ཨ་མ་བཞིན། །
བཞོ་ཟེའུ་རེ་རེ་འོ་མའི་སྟེང་ཀ་ལྟར། །
ཁྱོད་ཀྱི་ལྷས་ར་མཐོང་ན་མགྲིན་པ་བརྣངས། །

སྤྲིན་པ་རེ་རེ་ཤག་པོའི་ཕྱི་མིག་བཞིན། །
རྒོད་པོ་རེ་རེ་ཤི་བོའི་རྣམ་ཤེས་ལྟར། །
ཁྱོད་ཀྱི་ནམ་མཁའ་མཐོང་ན་མིག་ཆུ་འཆོར། །

གངས་རི་རེ་རེ་བློན་དང་འཁོར་གཡོག་བཞིན། །
མཚོ་མོ་རེ་རེ་བཙུན་མོའི་འཛུམ་བག་ལྟར། །
ཁྱོད་ཀྱི་ས་གཞི་མཐོང་ན་འཇིགས་སྐྲག་བརྗེད། །

           ༢༠༡༧/༥/༨ཉིན་པར་ངོས་ཀྱི་འབྲོག་སྡེ་ཞིག་ལ་གཞི་བྱས་ཏེ་བྲིས་པ།


      རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་བུ་དཀོམ་བཀྲའི་སྙན་རྩོམ། འཁོར་བའི་འོབས་དོང་གི་གླུ།(ཚན་པ་ལྔ)

2017-06-07 འབྲོག་བུ་དཀོམ་བཀྲ ཀློག་གྲངས། མཆན ཡོད།

                           ང་ཡི་ད་ལྟ་བ།

ཨར་འདམ་བླུག་མའི་སྡོད་ཤག་འཁྱག་པ་རུ། །
ཨ་རག་མཆོད་ཀྱིན་གཅིག་པུར་བསྡད་པ་ན། །
གཟུགས་བརྙན་སྟོང་གིས་ང་ཡི་མཐའ་ནས་རུབ། །
ལ་ལས་གྲི་མདུང་ཐོགས་ནས་གསོད་དགོས་ཟེར། །
ལ་ལས་ནས་ཆང་བཏེགས་ཏེ་མནའ་འཇོག་ཟེར། །
ང་ནི་ཅི་དང་གང་ལ་མི་མཉེས་པས། །
དེ་དག་ཤོག་སྐྱ་བཞིན་དུ་བསྲེགས་པ་ཡིན། །

སྒོ་ལ་གོམ་གང་སྤོས་ན་གངས་ལ་ཐུག །
མིག་ཁ་ཕྱེས་མ་ཉིད་ནས་གངས་རི་མཐོང་། །
ཞོགས་པ་དང་ནི་ནུབ་ཁའི་ཉི་མ་ཡང་། །
གངས་ཀྱི་མེ་ལོང་ངོས་ནས་ཡལ་མེད་འཛུམ། །
ས་རྡུལ་ལང་ལོང་ཁྲོད་ཀྱི་བྱིས་པ་ཚོ། །
ཕྱི་ནང་རབ་ཏུ་དྭངས་པའི་མུ་ཏིག་བཞིན། །
ང་ཡི་མཐའ་ནས་འཚུབ་ཅིང་བགད་པ་ན། །
རུས་མགོ་གངས་ལ་ཐིམ་པའི་མི་རིགས་ཤིག །
སླར་ཡང་རྙེད་བྱུང་སྙམ་པའི་ང་རྒྱལ་སྐྱེ། །
རྨི་ལམ་ཡ་ཡོ་སྒྱུ་མའི་ཟློས་གར་ཡང་། །
རྡུལ་འཚུབ་དྭངས་པའི་ནམ་མཁའ་སྔོན་པོ་བཞིན། །
རེ་ཞིག་བག་མེད་སྤྲོ་བས་རྦད་དེ་ཐལ། །

སེམས་པ་རྒྱ་ཡན་ཅང་ཤེས་སྲབ་མེད་འདི། །
འཁོར་བའི་ཉིན་སྲིབ་བར་ནས་ངལ་བ་ན། །
ཆུང་འདྲིས་ལགས་ནི་ཚེ་འཛིན་ཐག་པ་དང་། །
ང་ཡི་དབུགས་རྒྱུན་གསོ་བའི་མཁའ་རླུང་བཞིན། །
རྟག་ཏུ་གྲོགས་དན་མཛད་ཅིང་སེམས་གསོ་བྱེད། །
དེ་བས་མི་ཆུང་ང་ཡི་འཚོ་བ་ནི། །
ཤིན་ཏུ་ལྷིང་ཞིང་འཇགས་པའི་མཚེའུ་བཞིན། །
ས་གཞིའི་པང་ནས་བདེ་བའི་གཉིད་ལྕོག་རྒྱག །

              ༢༠༡༧/༣/༢ལ།

                           ང་ཡི་ཁུ་སིམ།

དོ་ནུབ་ང་རང་དཔྱི་ཁོག་འབོད་པའི། །
ལུང་ཀྱོག་དོག་མོ་གངས་ཀྱིས་བསྐོར་བའི། །
བས་མཐའི་གྲོང་རྡལ་ཞིག་ཏུ་ཡོད་ལགས། །
འདི་ན་སྒྱུ་མའི་གྲོང་ཁྱེར་བཞིན་དུ། །
འཛུམ་བག་གར་གྱི་བསླུ་བྲིད་ཉུང་ཞིང་། །
སྒྲ་འཛིན་རྣ་བའི་བུ་ག་རྡུང་བའི། །
འཕྲུལ་འཁོར་ཆོམ་སྒྲ་ཡེ་ནས་མེད་དོ། །
རྩྭ་ས་ལྕགས་དྲས་མ་བསྐོར་སྔོན་གྱི། །
འབྲོག་སྡེ་སྨུག་པོ་ཚོམ་བུ་ཚོམ་བུར། །
དབྱར་མཚེར་བབས་ཏེ་བསང་མེ་གཏོང་བའི། །
ཡིད་བརྙན་དར་གྱི་ཤམ་བུ་མང་པོ། །
རེ་རེ་བཞིན་དུ་སྣང་བར་སིམ་ཡོང་། །
ཡུལ་འདིའི་ནམ་ཟླ་འགྱུར་བག་རྒོད་དེ། །
སྐབས་རེར་ཉི་འོད་ཚ་མོ་འཚེར་ཞིང་། །
མིག་གིས་མཁའ་དབྱིངས་བལྟ་བར་མི་བཟོད། །
ལན་རེར་རླུང་དམར་འུར་འུར་འཚུབ་ཅིང་། །
སྡོད་ཁང་ཀླད་པ་འགེམ་པར་རྩོམ་མོ། །
མཚམས་མཚམས་སྤྲིན་པ་གླང་བོ་འདྲ་རེ། །
ས་གཞིའི་པང་དུ་གློ་ཉལ་བྱེད་བཞིན། །
སྣ་ཞགས་རིང་མོས་རྒྱུག་ཆུ་འཐུང་ངོ་། །

             ༢༠༡༧/༤/༡༦

                           ང་ཡི་བཟི་སྣང་།

ཆང་འདི་འཐུང་རྒྱུ་མང་ན་སྣང་བ་འཁྲུག །
རང་ལས་གཞན་དག་ཉམ་ཆུང་གྲོག་མར་མཐོང་། །
གོས་ཀྱི་མདོག་དང་སྐད་བརྡ་མི་གཅིག་པའི། །
ས་སྟེང་སྐྱེ་བོ་སུ་ལ་འཕྲད་གྱུར་ན། །
རྐང་རྡེབ་གཅིག་གིས་ལྔ་ལམ་བརྫང་འཇོག་འདོད། །
དེ་འདྲའི་འཁྲུལ་སྣང་དབང་དུ་ཞུགས་གྱུར་ཏེ། །
མི་འདོད་གྱོད་ཀྱི་ཆུ་སྣ་གློ་བུར་འདྲེན། །
ལྷག་ཏུ་བཟི་ནས་མོ་ཊ་བཏང་བ་ན། །
སྲང་ལམ་ཀུན་གྱི་འཕྲུལ་འཁོར་སྣ་ཚོགས་པས། །
ང་ལ་བརྙས་ཏེ་བགྲོད་ལམ་འགོག་པར་སྣང་། །
སྣུམ་སྒོ་ཤེད་ཀྱིས་བསྣན་ཏེ་གཅུར་འདོད་སྐྱེ། །
ཆང་གིས་བཟི་ན་སྣང་མཐུན་དགའ་མ་དེ། །
ལེ་བར་སྟོང་གི་ཕག་ཏུ་བཞུགས་ན་ཡང་། །
རང་ནི་རླུང་གི་གཤོག་པར་སྤྲུལ་བྱས་ཏེ། །
ནམ་འདི་མ་གསལ་གོང་ལ་ཐུག་འདོད་ཆེ། །

                            ང་ཡི་འབྲོག་ཁྱི།

སྔོན་ཆད་ང་ཚོ་འབྲོག་པ་ཡིན་དུས། །
འབྲོག་རུ་སྨུག་པོ་མར་ཁུ་ཡིན་དུས། །
དབྱར་ཟླ་དྲུག་པའི་ཙད་ཆེན་ཐོན་ན། །
ཁྱི་རྣམས་དཀར་པོ་འོ་མས་གསོས་མྱོང་། །
རེ་སྦྲ་ནག་པོའི་ཆུ་དར་འོག་ཏུ། །
ཁྱི་ལ་ཚ་བྱོལ་བྱེད་ས་ཡོད་རེད། །
དགུན་ཟླ་གསུམ་གྱི་གྲང་ལྷག་ཐོན་ན། །
ལྟོ་ལ་ཤ་ཁུ་རྩམ་ཁུ་ལྡུད་མྱོང་། །
ས་ཡི་སྤོ་ཏོས་ཁྱི་ཁང་བརྒྱབ་སྟེ། །
ཁྱི་རྣམས་ཨེ་དགའ་ཨེ་དྲོ་བྱེད་རེད། །
ལམ་འགྲོ་དག་གིས་ཁྱི་ལ་བརྙས་ན། །
ཁྱིམ་བདག་ཁྲོས་པའི་གཉེར་མ་བསྡུས་ཏེ། །
ཁྱི་ཡི་དོན་དུ་སྲོག་ཀྱང་འཇོག་གོ །

ད་ལྟ་ང་ཚོ་འབྲོག་པ་འཇིག་སྟེ། །
སྔོན་ཆད་འདྲིས་པའི་ཁྱིམ་མཚེས་རྣམས་ཀྱང་། །
ཐོ་རངས་དུས་ཀྱི་སྐར་མ་ལྟར་དུ། །
རེ་རེ་བཞིན་དུ་ཡལ་བར་གྱུར་ཚེ། །
ཁྱི་རྣམས་ལྟོགས་པའི་རྔ་ལུ་གཡུག་བཞིན། །
མཚེར་ཤུལ་སྐྱ་བོའི་ཐལ་བ་འགམ་དུས། །
དོམ་ནག་ཁྱི་ཡི་སྐྱིད་སྡུག་དོན་ལ། །
མིག་ཆུ་རྡོག་གཅིག་འདོར་མཁན་མ་བྱུང་། །
རྫོང་མཐའི་ཁྱི་ལྡོམ་ལྕགས་རར་བཅུག་སྟེ། །
བཀྲེས་ལྟོགས་སྡུག་བསྔལ་བཟོད་མེད་མྱོང་དུས། །
ཁྱི་ལྕེ་དམར་པོ་གནམ་ལ་བསྲིངས་ཏེ། །
ཆུ་འཛིན་ལྟོ་བ་འཆའ་བར་བྲེལ་བའི། །
བཟོ་ལྟ་དེ་ནི་དེ་འདྲའི་སྙིང་རྗེ། །

               ༢༠༡༧/༤/༡༦

                            ང་ཡི་འབྲོག་སྡེ།

སྐར་ཕྲན་རེ་རེ་འོད་ཀྱི་འཇིག་རྟེན་བཞིན། །
ཆུ་ཐིགས་རེ་རེ་ལྷ་ཡི་བདུད་རྩི་ལྟར། །
ཁྱོད་ཀྱི་ཞིང་བཀོད་མཐོང་ན་སེམས་པ་དགའ། །

མཆོད་མེ་རེ་རེ་ཕྱོགས་སྟོན་སྒྲོན་ལྕོག་བཞིན། །
ཆོས་གླུ་རེ་རེ་ཕ་མའི་མན་ངག་ལྟར། །
ཁྱོད་ཀྱི་འཁོར་བ་མཐོང་ན་བློ་ཁ་བདེ། །

རྩྭ་ཕྲན་རེ་རེ་མཐའ་མའི་སོ་སྲུང་བཞིན། །
རྡོ་བ་རེ་རེ་གནའ་མིའི་བཙན་རྫོང་ལྟར། །
ཁྱོད་ཀྱི་གནས་ཚང་མཐོང་ན་ཡིད་སེམས་བྲོད། །

སྦྲ་ནག་རེ་རེ་དེང་མའི་ཁྱིམ་མཚེས་བཞིན། །
སྒོ་ཁྱི་རེ་རེ་ངོ་ཤེས་རྙིང་བ་ལྟར། །
ཁྱོད་ཀྱི་ལུག་ཁྱུར་འཕྲད་ན་སྤོབས་པ་སྐྱེ། །

ཐབ་མེ་རེ་རེ་དྲོད་ཀྱི་ཉི་ཐིག་བཞིན། །
ཁ་ཚབ་རེ་རེ་དགུ་ཚིགས་གཙང་བོ་ལྟར། །
ཁྱོད་ཀྱི་གོ་ཁར་ཐོན་ན་ལྷོད་ལ་འབབ། །

རྟ་ཕོ་རེ་རེ་བདག་གི་རྫི་རྟ་བཞིན། །
གཡག་རྒོད་རེ་རེ་ང་ཡི་སྒོ་ཟོག་ལྟར། །
ཁྱོད་ཀྱི་རུ་བ་རིག་ན་ངལ་དུབ་བརྗེད། །

འབྲོག་མོ་རེ་རེ་ཕྲན་གྱི་ཨ་མ་བཞིན། །
བཞོ་ཟེའུ་རེ་རེ་འོ་མའི་སྟེང་ཀ་ལྟར། །
ཁྱོད་ཀྱི་ལྷས་ར་མཐོང་ན་མགྲིན་པ་བརྣངས། །

སྤྲིན་པ་རེ་རེ་ཤག་པོའི་ཕྱི་མིག་བཞིན། །
རྒོད་པོ་རེ་རེ་ཤི་བོའི་རྣམ་ཤེས་ལྟར། །
ཁྱོད་ཀྱི་ནམ་མཁའ་མཐོང་ན་མིག་ཆུ་འཆོར། །

གངས་རི་རེ་རེ་བློན་དང་འཁོར་གཡོག་བཞིན། །
མཚོ་མོ་རེ་རེ་བཙུན་མོའི་འཛུམ་བག་ལྟར། །
ཁྱོད་ཀྱི་ས་གཞི་མཐོང་ན་འཇིགས་སྐྲག་བརྗེད། །

           ༢༠༡༧/༥/༨ཉིན་པར་ངོས་ཀྱི་འབྲོག་སྡེ་ཞིག་ལ་གཞི་བྱས་ཏེ་བྲིས་པ།


      རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།