དྲང་སྲོང་ཙོང་ཁ་པ།

ཀླུ་པད་བཟང་།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-07-21

ད་མཚམས་ང་ཡི་ལྷུང་བཟེད་སྟོང་པ་རུ།།
བདེན་པའི་ཆུ་ཤེལ་ནོར་བུ་རི་ལྟར་སྤུངས།།
བཙལ་དུ་མེད་པའི་ལྷ་མོ་ཡིད་འོང་མ།།
མི་འཛད་རིགས་པའི་ཟས་ཀྱིས་མངོན་པར་བྱས།།
མིག་གི་བདེན་པ་གཟུགས་ལ་མ་འདྲེས་པས།།
ཡིད་ཀྱི་སྒོ་མོ་བདེ་གཤེགས་ལམ་གྱིས་བརྒྱན།།

མི་ཟད་འཚོ་བའི་ཀློང་གི་མར་མེ་འདྲ།།
དགོངས་པ་རབ་གསལ་ཞེས་བྱའི་སྒོ་འགྲམ་ནས།།
ང་ཡིས་ཁྱེད་ལ་ལག་འཇུ་ཀླན་པ་ཙམ།།
རང་སེམས་རིག་པ་འདི་ཡིས་དྲན་ཙ་ན།།
ད་རེས་ཁ་བཏགས་དཀར་པོའི་སྣེ་མོ་ནས།།
ཁྱེད་ཀྱི་སྙིང་གི་ཁྱིམ་གཞིས་ནང་དུ་འཛུལ།།

སྟོང་ཉིད་ལྷ་མོར་ཞྭ་སེར་རྒྱན་གྱིས་སྤྲས།།
འཇིགས་མེད་གཡེར་བག་ཁྲི་ལ་བཞུགས་སུ་གསོལ།།
བསླུ་བའི་ཆོས་དང་གཡོ་བའི་སྒྱུ་མ་ལ།།
སྣང་བའི་ཁམས་ཀྱི་ངོ་མཚར་གླུ་རུ་ལེན།།
རྒྱུ་འབྱོར་ཕྲག་གི་ཁུར་བོ་སྟོང་པ་རུ།།
སྡོམ་དང་ཚུལ་གྱི་གངས་རི་མཁའ་ལ་འཕགས།།

སྤྱན་ཟུང་གཡོ་བའི་སྲུབས་ནས་ཟགས་པ་ཡི།།
ཡོད་ཡོད་འདྲ་བའི་མཆི་མ་མཉེན་མོ་ཡིས།
ཡུགས་མོའི་བློ་ཡི་ཆུ་སྐྱོགས་གང་བར་བྱེད།།
རང་སེམས་དྲི་མ་དག་པའི་མེ་ལོང་ལས།།
མེད་མེད་འདྲ་བའི་རྨུ་ཐག་རིང་མོ་ཡིས།།
རྣལ་འབྱོར་པ་ཡི་རྟ་ཁ་ལྷོད་ཀྱིས་བསྡམས།།

རང་གི་སྲོག་ལ་བརྡབས་པའི་དར་ཟབ་གོས།།
ལོ་དང་ཟླ་བའི་བར་ནས་བཙིར་བཙིར་ནས།།
འཇིག་རྟེན་འཚོ་བའི་ཁྲོམ་ན་ནད་པ་ཞིག།
སྨུག་པ་སྲབ་མོས་གཅེར་བུར་བཏོན་པ་ན།།
སྙན་འཇེབས་གསུང་དང་ཐུགས་ཀྱི་བདེན་པ་ཡིས།།
རིན་ཆེན་ཕོ་བྲང་རིགས་པའི་ཐབས་ཀྱིས་མགར།།

སྲིད་པའི་ཕུན་ཚོགས་རླུང་གིས་གཡོ་བ་ན།།
སྐྱེ་འཆིའི་གཙང་པོ་ཚེ་ཡི་ལྟེང་ཀར་ཟགས།།
མི་འགྱུར་རང་བྱུང་རི་མོ་ཚོན་ལྡན་མ།།
ཆུ་བུར་མིག་གི་ངོགས་སུ་མི་གསལ་མོད།།
མི་སེམས་ལྕགས་ཀྱི་དྲ་བ་གཏོར་ཙ་ན།།
བློ་རུ་འཁྱུག་པ་དག་ནི་ཅི་ཞིག་ལགས།།

ཡོད་ཀྱང་ལོ་དང་ཟླ་བས་འཐག་པ་ཡི།།
ལན་ཆགས་སྨུག་པ་འཐིབ་པའི་ལྡུམ་ར་ནང་།།
ཆོག་ཤེས་རྐང་ཆུང་འདམ་ལ་ནུར་གྱུར་ཚེ།།
བསམ་གཏན་བློ་དང་རིགས་པའི་ཉི་ཐིགས་ཀྱིས།།
ལག་པའི་ཕྱི་ནང་མེ་བཞིན་སྐེམ་པ་ཡིས།།
མི་བསླུ་ལས་ཀྱི་མཛའ་མོ་དབྱིངས་ལ་སྦྱར།།

དོ་ཞག་ལོ་དུས་འུར་སྒྲས་གང་བ་ཡི།།
ཙོང་ཁའི་ཐིག་རིས་ནང་གི་ཁང་ཆུང་དེ།།
དྲང་སྲོང་ཁྱེད་ཀྱིས་པང་དུ་བླངས་ཞེས་གྲགས།།
དེ་ལ་ཅི་ཙམ་ཉེ་བར་བཅར་ཙ་ན།།
མིག་ཆུའི་ཕབས་རྩི་བཏབ་པའི་ཁུར་བོ་ཞིག།
སྲོག་གི་མཆོད་མེ་བཞིན་དུ་སྦར་ནས་ཡོད།།

                       2017. 7. 18ཉིན་གྲུབ།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲང་སྲོང་ཙོང་ཁ་པ།

2017-07-21 ཀླུ་པད་བཟང་།(དཀར་མཛེས) ཀློག་གྲངས། མཆན ཡོད།

ད་མཚམས་ང་ཡི་ལྷུང་བཟེད་སྟོང་པ་རུ།།
བདེན་པའི་ཆུ་ཤེལ་ནོར་བུ་རི་ལྟར་སྤུངས།།
བཙལ་དུ་མེད་པའི་ལྷ་མོ་ཡིད་འོང་མ།།
མི་འཛད་རིགས་པའི་ཟས་ཀྱིས་མངོན་པར་བྱས།།
མིག་གི་བདེན་པ་གཟུགས་ལ་མ་འདྲེས་པས།།
ཡིད་ཀྱི་སྒོ་མོ་བདེ་གཤེགས་ལམ་གྱིས་བརྒྱན།།

མི་ཟད་འཚོ་བའི་ཀློང་གི་མར་མེ་འདྲ།།
དགོངས་པ་རབ་གསལ་ཞེས་བྱའི་སྒོ་འགྲམ་ནས།།
ང་ཡིས་ཁྱེད་ལ་ལག་འཇུ་ཀླན་པ་ཙམ།།
རང་སེམས་རིག་པ་འདི་ཡིས་དྲན་ཙ་ན།།
ད་རེས་ཁ་བཏགས་དཀར་པོའི་སྣེ་མོ་ནས།།
ཁྱེད་ཀྱི་སྙིང་གི་ཁྱིམ་གཞིས་ནང་དུ་འཛུལ།།

སྟོང་ཉིད་ལྷ་མོར་ཞྭ་སེར་རྒྱན་གྱིས་སྤྲས།།
འཇིགས་མེད་གཡེར་བག་ཁྲི་ལ་བཞུགས་སུ་གསོལ།།
བསླུ་བའི་ཆོས་དང་གཡོ་བའི་སྒྱུ་མ་ལ།།
སྣང་བའི་ཁམས་ཀྱི་ངོ་མཚར་གླུ་རུ་ལེན།།
རྒྱུ་འབྱོར་ཕྲག་གི་ཁུར་བོ་སྟོང་པ་རུ།།
སྡོམ་དང་ཚུལ་གྱི་གངས་རི་མཁའ་ལ་འཕགས།།

སྤྱན་ཟུང་གཡོ་བའི་སྲུབས་ནས་ཟགས་པ་ཡི།།
ཡོད་ཡོད་འདྲ་བའི་མཆི་མ་མཉེན་མོ་ཡིས།
ཡུགས་མོའི་བློ་ཡི་ཆུ་སྐྱོགས་གང་བར་བྱེད།།
རང་སེམས་དྲི་མ་དག་པའི་མེ་ལོང་ལས།།
མེད་མེད་འདྲ་བའི་རྨུ་ཐག་རིང་མོ་ཡིས།།
རྣལ་འབྱོར་པ་ཡི་རྟ་ཁ་ལྷོད་ཀྱིས་བསྡམས།།

རང་གི་སྲོག་ལ་བརྡབས་པའི་དར་ཟབ་གོས།།
ལོ་དང་ཟླ་བའི་བར་ནས་བཙིར་བཙིར་ནས།།
འཇིག་རྟེན་འཚོ་བའི་ཁྲོམ་ན་ནད་པ་ཞིག།
སྨུག་པ་སྲབ་མོས་གཅེར་བུར་བཏོན་པ་ན།།
སྙན་འཇེབས་གསུང་དང་ཐུགས་ཀྱི་བདེན་པ་ཡིས།།
རིན་ཆེན་ཕོ་བྲང་རིགས་པའི་ཐབས་ཀྱིས་མགར།།

སྲིད་པའི་ཕུན་ཚོགས་རླུང་གིས་གཡོ་བ་ན།།
སྐྱེ་འཆིའི་གཙང་པོ་ཚེ་ཡི་ལྟེང་ཀར་ཟགས།།
མི་འགྱུར་རང་བྱུང་རི་མོ་ཚོན་ལྡན་མ།།
ཆུ་བུར་མིག་གི་ངོགས་སུ་མི་གསལ་མོད།།
མི་སེམས་ལྕགས་ཀྱི་དྲ་བ་གཏོར་ཙ་ན།།
བློ་རུ་འཁྱུག་པ་དག་ནི་ཅི་ཞིག་ལགས།།

ཡོད་ཀྱང་ལོ་དང་ཟླ་བས་འཐག་པ་ཡི།།
ལན་ཆགས་སྨུག་པ་འཐིབ་པའི་ལྡུམ་ར་ནང་།།
ཆོག་ཤེས་རྐང་ཆུང་འདམ་ལ་ནུར་གྱུར་ཚེ།།
བསམ་གཏན་བློ་དང་རིགས་པའི་ཉི་ཐིགས་ཀྱིས།།
ལག་པའི་ཕྱི་ནང་མེ་བཞིན་སྐེམ་པ་ཡིས།།
མི་བསླུ་ལས་ཀྱི་མཛའ་མོ་དབྱིངས་ལ་སྦྱར།།

དོ་ཞག་ལོ་དུས་འུར་སྒྲས་གང་བ་ཡི།།
ཙོང་ཁའི་ཐིག་རིས་ནང་གི་ཁང་ཆུང་དེ།།
དྲང་སྲོང་ཁྱེད་ཀྱིས་པང་དུ་བླངས་ཞེས་གྲགས།།
དེ་ལ་ཅི་ཙམ་ཉེ་བར་བཅར་ཙ་ན།།
མིག་ཆུའི་ཕབས་རྩི་བཏབ་པའི་ཁུར་བོ་ཞིག།
སྲོག་གི་མཆོད་མེ་བཞིན་དུ་སྦར་ནས་ཡོད།།

                       2017. 7. 18ཉིན་གྲུབ།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།