སྟོན་ཀའི་སྙན་ངག(ཞར་བཀོད་གཉིས་ཡོད)

ཀླུ་ཆབ་སྔོན་མོ།(ཡུལ་ཤུལ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-09-15

ལོ་ཟླའི་རྨི་ལམ་མཚན་མོའི་རུམ་ནས་རུལ།།
དྲན་པའི་མེ་ཏོག་སྨུག་པའི་ནང་དུ་འཐིམ།།
མཛེས་པའི་ལང་ཚོ་གྲང་རླུང་ངར་མས་བཅོས།།
བདག་གིས་བཙལ་བའི་རི་མོ་མ་རྙེད་ཐལ།།

མི་ཚེའི་གསང་བ་སྟོན་ཀའི་རླུང་བུས་འཁྱེར།།
མུན་པས་གསེད་པའི་སེམས་ཀྱི་མེ་ཏོག་དེ།།
མེ་ལོང་བཙའ་བོའི་ངོས་ནས་མཐོང་བས་ན།།
བདག་གི་མིག་ཆུ་སུ་ཡི་རུམ་དུ་བསྙལ།།

མཚན་མོའི་སྒེའུ་ཁུང་འགྲམ་དུ་སྐར་མ་ལྷུང་།།
སེམས་ཀྱི་རོལ་དབྱངས་སྐར་མས་དཀྲོལ་བ་ན།།
འཁྲོལ་གྱིན་འཁྲོལ་གྱིན་བདག་གི་ཞེ་ལ་ཆགས།།
དེ་དུས་བདག་གི་རྨི་ལམ་དབྱིངས་ལ་འཐིམ།།

སྤང་གཤོང་དེ་ན་ལུས་པའི་ནམ་གུང་དེར།།
བེམ་གཟུཊ་ཐུར་ལ་བརྐྱངས་བའི་ང་ཡིས་ནི།།
ཁྱོད་ཉིད་འདྲ་བའི་ཐ་སྙད་གསོན་པོ་དག།
ལམ་སྒྲོན་གློག་འོད་ངོས་སུ་ག་ལེར་བཏགས།།

མཚན་མོའི་མུན་པ་ལག་པས་ཕྱེས་པ་ན།།
རྨི་ལམ་དྲོན་མོའི་དཀྱིལ་ལ་ཁྱོད་ཉིད་ལྷུང་།།
འཁྲུལ་བའི་རྨི་ལམ་བདེན་པར་ཞེན་པའི་ཚེ།།
མིག་གིས་ཟིན་པ་ཁྱོད་ཀྱི་གྲིབ་གཟུགས་སོ།།

ང་ནི་ཟང་ཟིང་རྒོད་པོའི་རི་གྲོང་ན།།
འཚོ་བ་སྐྱོ་མོའི་ཐབ་ཤིག་བཟུང་ནས་ཡོད།།
དྲན་གདུང་ཞིག་གིས་ང་རང་བཅིངས་ནས་ཡོད།།
འོན་ཀྱང་འདི་ནི་སྐྱོ་བའི་ཟློས་གར་ཞིག།

དུ་སྤྲིན་སྔོན་མོའི་ནང་དུ་འཐིམ་པ་དེ།།
སེམས་ཀྱི་དབུས་ན་བཞད་པའི་མེ་ཏོག་གོ།
འཚོ་བའི་ཉིན་སྲིབ་ལྡིང་སྐོར་བྱེད་པ་ན།།
ཉམས་དགའི་རྨི་ལམ་ཁྱོད་ཀྱིས་དཀྲོཊ་པ་རེད།།

ལོ་ཟླ་གྲངས་མེད་ཤུལ་དུ་ལུས་པའི་ང་།།
དོ་ནུབ་སྒེའུ་ཁུང་འགྲམ་དུ་བསྒྲེང་བ་ན།།
མིག་ཟུང་སྤྲིན་དཀར་ཕུང་ལ་ཅེར་པའི་ཚེ།།
སྨྲ་བ་ལྐུགས་ནས་ཅི་ཞིག་བསྙད་པ་བརྗེད།།

རྡོ་བ་འཁྱག་པའི་ངོས་སུ་བསྐོས་པའི་ཁྱོད།།
ང་ཡི་ཕྱི་མའི་ལེན་ཆགས་ཡིན་པ་ན།།
ལས་ཀྱི་ལམ་ནས་རྙེད་པའི་རྒྱབ་གཟུགས་དེ།།
སྣང་བའི་ཕར་ངོར་བཞད་པའི་མེ་ཏོག་ཙམ།།

འདི་བྲིས་སྙན་ངག་རླབས་ཀྱིས་བཅོམ་པ་ན།།
སྨྲ་བ་མེད་པར་བདག་ཀྱང་འཆི་བ་འཇིགས།།
དེ་ཕྱིར་དབེན་པའི་རི་ཁྲོད་ཆུང་ངུ་དེར།།
བདག་གིས་ཚུལ་ཁྲིམས་སྲུང་ས་ཡིན་པ་འདོད།།

                      ༢༠༡༧-༩-༡༣ ཉིན་ཁམས་ཡུལ་ཤུལ་ནས་ཤར་མར་བྲིས།

                                      སྣང་བའི་དབུ་ཁྱུད།

བདག་གི་མེ་ཏོག་དབུ་ཁྱུད་ནག་པོ་ཞིག།
སེམས་ཀྱི་དབུས་ནས་མཁའ་ཡི་ངོས་སུ་བྲིས།།
ལག་པ་བསྲིངས་ཤིང་མིག་ཟུང་ཅེར་པ་ན།།
ནམ་མཁའི་མཚམས་སྤྲིན་དམར་པོ་རང་ལ་འཐིམ།།

དྲན་པ་ལ་དང་ཆུ་བོ་བརྒལ་ནས་སོང་།།
ཐོན་པ་གན་གྱི་རི་བོའི་ཕར་བརྒྱབ་ཙམ།།
སྐར་ཕྲན་སྐར་ཕྲན་ཡིན་པ་མང་པ་ལ།།
མེ་ཏོག་རང་ལ་འཁོར་ཞོང་རང་ཉིད་བཟི།།

འཚོ་བའི་ཀོ་གྲུའི་ནང་ནས་གྱེར་པ་དེ།།
དབྱར་དུས་སྐྱེས་པའི་མེ་ཏོག་དམར་པོ་ཡིན།།
དགུན་དུས་ཁ་བའི་ཁྲོད་ནས་འདབ་ལོ་དེ།།
རྨ་ཁའི་རྨི་ལམ་དྲོད་མོའི་ཁྲོད་ལ་ལྷུང་།།

སེམས་འདི་རྡོ་བ་བརྩིགས་པའི་བྲག་རི་ཞིག།
ལས་འདི་ཐལ་རྡུལ་སྤུང་བའི་ཕོ་བྲང་ཞིག།
སེམས་དང་ལས་ཀྱི་བར་ནས་གླེང་པའི་མྱི།།
ཞེ་རུ་ཐོགས་པའི་སྟོན་ཀའི་སྡོང་ལོ་ཡིན།།

སེམས་ཀྱི་སྒོ་ཆེན་ཕྱེས་ན་བྱང་རླུང་གཡུག།
ལས་ཀྱི་ཨ་ཡིག་བྲིས་ན་བཟན་ཤམ་སྤུར།།
ཕྱི་ཡི་མཐོང་བའི་ལམ་ནས་མིག་ཤེལ་ལ།།
ནང་གི་ཚ་བའི་རླབས་ཤིང་ཆགས་པ་དཀའ།།

ཁྱོད་ཉིད་ཤིང་ཏོག་ཡིན་ན་རུམ་དུ་བཅུག།
འཚོ་རྟེན་མེད་ཀྱང་སེམས་ཀྱི་རྨ་ཁ་སོས།།
དྲན་པའི་དར་ལྕེ་རླུང་གིས་སྤུར་སྤུར་ནས།།
འཁོར་བའི་ཆོས་ལ་སྙིང་པོ་ཞེན་ནས་སོང་།།

རང་གི་སྙིང་ཁར་དགུན་ཁའི་ཁ་བ་བབས།།
སྙིམ་པའི་ནང་དུ་སྟོན་ཀའི་ཟླ་བ་ཤར།།
སེམས་ཀྱི་གར་སྟེགས་ཐོག་ཏུ་འཁྲབ་པ་དེ།།
མེ་ཕུང་དྲོད་མོའི་ཟུར་ནས་འཁྲབ་པའི་བྲོ།།

གཙང་བོས་ཁུར་བའི་མེ་ཏོག་རློན་པ་དེ།།
ང་ལ་བསམ་བཞིན་ཁུར་བ་མ་ཡིན་ཡང་།།
མི་ཚེ་གཅིག་གི་འཁོར་བའི་གྲུ་ཀ་ནས།།
ང་ཡི་སེམས་སུ་བསམ་བཞིན་ཁུར་བ་འདྲ།།

དགའ་བ་ཞེས་པའི་ཐ་སྙད་ཞིག་རོ་འདི།།
ཤོག་ངོར་བྲིས་ན་ཟད་པའི་མཐའ་ཞིག་མེད།།
ཤི་ཁར་ཧ་ཅང་འགྱོད་སའི་ལས་དབང་དེ།།
ཕྱི་མིག་ཁྲོད་ལ་ལུས་པའི་མི་དེ་ཡིན།།

བདག་གི་རུམ་ཁུག་ཁྱོད་ཉིད་འཁྲུངས་པ་ནས།།
དྲ་བ་བཅད་ནས་ཁྱོད་རང་རྩད་པ་བཞིན།།
དམ་པའི་ཆོས་ཀྱི་སྙིང་དོན་བཙལ་བ་ན།།
སེམས་ཀྱི་ཆོས་ཉིད་མཐོང་བ་སོན་ཉི་མེད།།
         ༢༠༡༧-༩-༡༤ ཉིན་རང་ཤག་དཔེ་མང་སྤུང་བའི་ལྡིང་ནས་འབེ་འོད་དམ་ཀླུ་ཆབ་སྔོན་མོས།

                དུངས་བརྗོད་སྙན་ངག

སེམས་གཞས་ཕྲ་མོས་རང་སྣང་བདེ་བ་ལ་བཀོད་ན།།
སྙན་པའི་ཚིག་ཕྲེང་སྒུམ་པའི་རྨི་ལམ་གྱི་རུམ་ནས།།
དུངས་སེམས་རེ་སྒུག་དཔྱིད་ཀྱི་སྤང་གཤོང་ན་བཞད་པ།།
བཅུ་དྲུག་ལང་ཚོ་རྫོགས་པའི་མཁའ་སྐྱོད་ཀྱི་ལྷ་མོ།།

ལས་དབང་དར་གྱི་སྐུར་དམར་ལྷོད་ལྷོད་གཅིག་མེད་ན།།
སྙིང་སྡུག་སྤྲོ་དགའི་འོ་མ་འཐུང་ཐབས་ཤིག་ལོས་ཡོད།།
སྨིག་མ་སྐྲ་ཡི་གསེང་ནས་སེམས་ངོགས་ན་འཕྱོར་དུས།།
ཟུར་མིག་མདའ་མོས་ང་ཡི་རྣམ་ཤེེས་དེ་བཀུགས་སོང་།།

ཉིན་མཚན་རེས་སུ་འཁོར་བའི་བདེ་སྡུག་གི་ཚོར་འདུ།།
མཆུ་སྒྲོས་ལུས་སེམས་སྦྲིད་པའི་རོ་བཅུད་ཅིག་ཡིན་ན།།
འུ་གཉིས་གཅིག་ཏུ་འདྲེས་པའི་རྣམ་སྐལ་གྱི་འོག་ནས།།
མྱི་ཁའི་ལྕགས་རྫོང་གཏོར་པའི་བློ་སྤོངས་ཤིག་ཡོད་དོ།།

གཡུ་སྦྲང་གཞོན་ནུ་འཕུར་པའི་སིལ་སྒྲ་དེའི་འོག་ནས།།
མེ་ཏོག་སེམས་ལ་འཆིང་པའི་རྨི་ལམ་གྱི་གཤོག་པ།།
ཡ་ཆུང་སྙིང་གི་དབུས་ཀྱི་དྲན་པ་ལ་རེག་དུས།།
འདང་ལྡན་སྙིང་གི་བྱམས་པའི་ཞལ་རས་དེ་དྲན་སོང་།།

སྦྲང་ཆར་མཁའ་ནས་བབས་ཏེ་འཛིན་མ་ལ་འཐིམ་དུས།།
ཡངས་བའི་ས་གཞི་ལེབ་མོའི་དཀྱིལ་འཁོར་ན་བཞད་པ།།
ལྷད་མེད་བརྩེ་འདང་ངོམ་པའི་ཆུང་འདྲིས་མ་ཡིན་ན།།
སེམས་ཀྱི་ཕྱི་ནང་དཔར་བའི་སྙིང་གཏམ་དེ་བཤད་ཆོག།

དོ་ནུབ་ནམ་མཁའི་རྒྱུ་སྐར་སེམས་ངོགས་ན་འཚེར་དུས།།
ཁོ་བོའི་ཟླ་བའི་ལངས་ཚོ་ལན་མང་ཞིག་འཁོར་སོང་།།
བརྩེ་འཕྲིན་མེ་ཏོག་འཛུམ་པའི་མགུར་རྒྱན་དེ་དྲན་ནས།།
ལྷ་ཆོས་གླུ་རུ་བླངས་ཏེ་སྒེའུ་འགྲམ་ནས་བལྟས་ཡོད།།

ཁྱོད་ཀྱི་འཛུམ་པའི་བཞིན་རས་དལ་དལ་དུ་ངོམ་དུས།།
ཁོ་བོའི་སྨྲེང་བའི་སྒོ་སྒེགས་དྲོད་སྣང་གིས་ཕྱེས་ཏེ།།
ཚེ་གཅིག་མི་འབྲལ་དམ་བཅའི་མདུད་པ་དེ་མདུད་ནས།།
ལྷོ་ཕྱོགས་སྤྲིན་པའི་གསེང་ན་ཁང་ཆུང་ཞིག་ལས་ཡོད།།

དྲན་གདུང་ཡིད་ཀྱི་རླབས་ཕྲེང་ཁྱོད་ཕྱོགས་འཕྱོར་དུས།།
འདོད་སེམས་ཡིད་ཀྱི་མཁའ་རུ་མེ་ཏོག་ཅིག་བཞད་སོང་།།
ཁྱོད་ཀྱི་རྒྱབ་གཟུགས་ཤོག་དཀར་གྲུ་བཞིའི་ངོས་བྲིས་ན།།
ང་ཡི་ལྡེམས་པའི་ལུས་འདི་ཁྱོད་ཉིད་ལ་དབང་འདུག།

རང་སེམས་དཀར་པོས་བཏབ་པའི་འཇའ་ཚོན་གྱི་དབུས་ན།།
ལངས་ཚོའི་ཁོ་ལག་རྒྱས་པའི་སེམས་ངོོགས་ཀྱི་ལྷ་མོ།།
གདོད་མའི་རི་ནས་སྐྱེས་པའི་མེ་ཏོག་དང་འདྲ་བའི།།
འགོག་མེད་སེམས་ཀྱི་དུངས་བ་ས་གཞི་ལ་ངས་བཅོལ།།

དང་པོ་བསླུ་བྲིད་བྱས་ནས་མགོ་བསྐོར་རང་མ་བཏང་།།
བར་དུ་ལང་ཚོའི་ཉམས་ལ་སྒེག་ཆས་ཀྱང་མ་སྤྲད།།
མཐའ་མར་སེམས་ཀྱི་བརྩེ་བ་ཁྱོད་ཉིད་ལ་འདྲིས་དུས།།
ཞེ་འདང་དབྱངས་རྟ་སྐྱུར་མོ་ཁྱོད་སེམས་སུ་བཞག་ཡོད།།

ང་ཡི་འདས་པའི་གཏམ་རྒྱུད་མཁའ་དབྱིངས་སུ་སྤུར་ནས།།
ཁྱོད་སེམས་མེ་ཏོག་འཐུ་བའི་སྟ་གོན་ལ་ཞུགས་ནས།།
རི་ལུང་ཐང་གསུམ་བརྒལ་ནས་ཁྱོད་ཕྱོགས་སུ་ཆས་དུས།།
བདེ་སྐྱིད་དཔལ་ལ་འགོད་པའི་དུས་ཚིགས་ཤིག་ཨེ་ཡོད།།

ཐོབ་འདོད་སེམས་ཀྱི་འཕར་སྒྲ་ལྷོད་ལྷོད་ཅིག་མེད་པས།།
དགའ་བའི་སྟོན་ལོ་སེམས་ཀྱི་མཁའ་དབྱིངས་ནས་རྒྱུ་འོང་།།
མི་ཚེའི་གདོང་གི་འཛུམ་མདངས་ཁྱོད་ཕྱོགས་ལ་བསྟན་ནས།།
མ་འོངས་འཚོ་བའི་རེ་སྙེགས་སེམས་དཀྱིལ་ན་འཁྱིལ་ཡོད།།

རང་ཉིད་གཅིག་པུར་ཉལ་སའི་གཞལ་ཡས་ཀྱི་ཁང་ནས།།
རང་ལ་དབང་པའི་རྨི་ལམ་སྣ་ཚོགས་ཤིག་རྨིས་ཀྱང་།།
ཁྱོད་ཀྱི་ལུས་ཀྱི་འཇམ་མཉེན་མཐོང་ལམ་ན་མེད་པས།།
ཁོ་བོའི་དྲན་པ་ཉི་མའི་བསིལ་ཟེར་དང་འདྲེས་སོང་།།

བར་ཐག་རི་ཆུ་བཅད་ཀྱང་ཡིད་ཆད་དེ་མེད་པས།།
ང་ཡི་སེམས་ཀྱི་སྐྱ་ཡའི་བདེ་སྡུག་ལ་སེམས་ལ་བཞིན།།
འཁོར་བའི་གྲུ་ཟུར་འདི་ནས་ཁྱོད་ཕྱོགས་ལ་བལྟས་ནས།།
ལྷ་དང་ལྷ་མོའི་ཚོགས་ལ་སྐྱབས་འཇུག་ཅིག་ཞུས་ཡོད།།

ལྷ་ཆེན་སྟོན་པའི་བཀའ་ལ་བཟློག་ཐབས་ཤིག་མེད་ངེས།།
དྲིན་ཆེན་ཕ་མའི་རེ་ཞགས་ཆོད་ཐབས་རང་མེད་ཀྱང་།།
འུ་གཉིས་རི་ལུང་བརྒལ་བའི་དམ་བཅའ་དེ་བརྟན་ན།།
ང་ཡི་དུང་སེམས་གཙང་མས་ཁྱེད་ཉིད་ལ་བསྒུག་ཡོད།།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་ཀའི་སྙན་ངག(ཞར་བཀོད་གཉིས་ཡོད)

2017-09-15 ཀླུ་ཆབ་སྔོན་མོ།(ཡུལ་ཤུལ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།