རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེ་ལ་སྤྲིངས་པའི་འཕྲིན་ཡིག་ཤུགས་ལྡན་ཅང་ཤེས་འདྲོགས་པའི་རྨིག་སྒྲ།

གཙང་ལ་སྟོད་བསྐོར་ནས་བཞུད་པ་ན།།
དགྲ་ནག་པོའི་དོན་སྙིང་ཕྲལ་བ་ན།།
ཡིད་ངེས་འབྱུང་ཁ་བ་བབས་པ་ན།།
རྗེ་ལྷོ་བྲག་མར་པར་མཇལ་བ་ན།།
རྡོ་དབྱུག་པ་གཉིས་ཀས་བསྣུན་པ་ན།།
མཁར་ལས་བཞིའི་དབྱིབས་སུ་བརྩིཊ་པ་ན།།
ལར་ཡི་ཆད་ལན་བརྒྱད་མྱངས་པ་ན།།
ཆོས་ཟབ་མོའི་བདུད་རྩིས་ཚིམ་པ་ན།།
བཀའ་དཀོན་བརྩེཊ་ཐིཊ་པས་གདུང་བ་ན།།
སྤང་རི་བྲག་ཉུལ་ནས་སོང་བ་ན།།
ཞེ་ཐག་པས་དཀའ་ཐུབ་སྤྱད་པ་ན།།
ནང་རབ་འབྱམས་སེམས་ངལ་གསོ་བ་ཡི།།
མགུར་མ་བཅོས་གཉུག་མའི་རང་སྐད་ཅན།།
ལན་དུ་མའི་བར་དུ་ཨེ་བླངས་ལགས།།

ཡུམ་མྱང་ཚས་འཆི་ལམ་འགྲིམས་དང་གཅིག།
མགོན་བླ་མར་བྲལ་བའི་ཡུས་དང་གཉིས།།
ཆུང་རྩེད་གྲོགས་མཛེས་སེ་དྲན་དང་གསུམ།།
ཁང་ཀ་བཞི་གདུང་བརྒྱད་འགྱེལ་དང་བཞི།།
ཞིང་འོར་མ་གྲུ་གསུམ་ཤོར་དང་ལྔ།།
ཆོས་ཕྱག་ཆེན་བཀའ་རྒྱ་དམ་དང་དྲུག།
གནས་རི་ཟོམ་དགུན་ཁ་གྲང་དང་བདུན།།
རླུང་སྐྱི་བསེར་ངར་ང་བཙན་དང་བརྒྱད།།
རྒྱབ་རས་དཀར་སྲབ་མོ་རྙིང་དང་དགུ།།
ལྟོ་ངན་ངོན་ཕོར་བ་ཆག་དང་བཅུ།།
སྡུག་ཐམས་ཅད་བསྡོངས་པའི་ཐ་མ་རུ།།
ཐུགས་སྐྱོ་ཐག་ཆོད་དེ་བཤུམ་ལགས་སམ།།
སྤྱན་མཆིལ་མའི་ནང་དུ་ཨེ་འཁྱག་ལགས།།

རྩེ་སྐར་མའི་མཐོངས་སུ་ཟུག་པ་ཡི།།
མཐོ་ཉི་ཟླའི་རྩིབ་ཏུ་འགྱིང་བ་ཡི།།
སྤྲིན་དཀར་དཀར་གོས་སུ་ཀླུབ་པ་ཡི།།
གྲང་ཅང་ཅང་རླུང་པོ་གཡོ་བ་ཡི།།
རྗེ་གོང་མའི་ཞབས་ཀྱིས་བཅག་པ་ཡི།།
གནས་ལ་ཕྱི་གངས་ཀྱི་ར་བ་དང་།།
རི་གྲགས་གཡེར་ཚ་བའི་ཏེ་སེ་རུ།།
སྒོམ་རྩེ་གཅིག་ཕུ་ཐག་ཆོད་དུས་དེར།།
ཡིད་སྐྱོ་ཤེས་བུ་ཡུག་འཚུབ་ཙ་ན།།
ནང་ཏིང་འཛིན་འབུམ་བརྡལ་མེ་ཕུང་གིས།།
སྐུ་རུས་པ་ཙམ་པོ་ཨེ་བསྲོས་ལགས།།
གཞི་རང་གྲོལ་དབྱིངས་ཀྱི་སྡོང་པོའི་རྩེར།།
ཉམས་བྱ་རྒྱལ་ཁྱུང་ཆེན་ལྡིང་བའི་ཚེ།།
གསུངས་དྲི་མེད་མགུར་ཆུང་ཨེ་འཁྲོལ་ལཊ།།
ཐབས་མ་བཅོས་ལྷུན་གྲུབ་མེ་ལོང་ངོར།།
རྩལ་སྣང་བའི་ཆོ་འཕྲུལ་ཤར་བ་ལ།།
ཐུགས་རྡོ་རྗེ་འདྲ་བོ་ཨེ་གཏད་ལགས།།

           བོད་མེ་བྱ་ལོའི་ཟླ་བ་བདུན་པའི་ཚེས་བཅོ་བརྒྱད་ཀྱི་ནམ་སྨད་ཐོ་རངས་སྟག་གི་དུས་སུ་རང་ཤག་དད་པ་འབྱུང་བའི་སྤྱིལ་བུ་རུ་སྦྱར།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེ་ལ་སྤྲིངས་པའི་འཕྲིན་ཡིག་ཤུགས་ལྡན་ཅང་ཤེས་འདྲོགས་པའི་རྨིག་སྒྲ།

2017-11-09 འབྲོག་རེ་ལྡེ། ཀློག་གྲངས། མཆན ཡོད།

གཙང་ལ་སྟོད་བསྐོར་ནས་བཞུད་པ་ན།།
དགྲ་ནག་པོའི་དོན་སྙིང་ཕྲལ་བ་ན།།
ཡིད་ངེས་འབྱུང་ཁ་བ་བབས་པ་ན།།
རྗེ་ལྷོ་བྲག་མར་པར་མཇལ་བ་ན།།
རྡོ་དབྱུག་པ་གཉིས་ཀས་བསྣུན་པ་ན།།
མཁར་ལས་བཞིའི་དབྱིབས་སུ་བརྩིཊ་པ་ན།།
ལར་ཡི་ཆད་ལན་བརྒྱད་མྱངས་པ་ན།།
ཆོས་ཟབ་མོའི་བདུད་རྩིས་ཚིམ་པ་ན།།
བཀའ་དཀོན་བརྩེཊ་ཐིཊ་པས་གདུང་བ་ན།།
སྤང་རི་བྲག་ཉུལ་ནས་སོང་བ་ན།།
ཞེ་ཐག་པས་དཀའ་ཐུབ་སྤྱད་པ་ན།།
ནང་རབ་འབྱམས་སེམས་ངལ་གསོ་བ་ཡི།།
མགུར་མ་བཅོས་གཉུག་མའི་རང་སྐད་ཅན།།
ལན་དུ་མའི་བར་དུ་ཨེ་བླངས་ལགས།།

ཡུམ་མྱང་ཚས་འཆི་ལམ་འགྲིམས་དང་གཅིག།
མགོན་བླ་མར་བྲལ་བའི་ཡུས་དང་གཉིས།།
ཆུང་རྩེད་གྲོགས་མཛེས་སེ་དྲན་དང་གསུམ།།
ཁང་ཀ་བཞི་གདུང་བརྒྱད་འགྱེལ་དང་བཞི།།
ཞིང་འོར་མ་གྲུ་གསུམ་ཤོར་དང་ལྔ།།
ཆོས་ཕྱག་ཆེན་བཀའ་རྒྱ་དམ་དང་དྲུག།
གནས་རི་ཟོམ་དགུན་ཁ་གྲང་དང་བདུན།།
རླུང་སྐྱི་བསེར་ངར་ང་བཙན་དང་བརྒྱད།།
རྒྱབ་རས་དཀར་སྲབ་མོ་རྙིང་དང་དགུ།།
ལྟོ་ངན་ངོན་ཕོར་བ་ཆག་དང་བཅུ།།
སྡུག་ཐམས་ཅད་བསྡོངས་པའི་ཐ་མ་རུ།།
ཐུགས་སྐྱོ་ཐག་ཆོད་དེ་བཤུམ་ལགས་སམ།།
སྤྱན་མཆིལ་མའི་ནང་དུ་ཨེ་འཁྱག་ལགས།།

རྩེ་སྐར་མའི་མཐོངས་སུ་ཟུག་པ་ཡི།།
མཐོ་ཉི་ཟླའི་རྩིབ་ཏུ་འགྱིང་བ་ཡི།།
སྤྲིན་དཀར་དཀར་གོས་སུ་ཀླུབ་པ་ཡི།།
གྲང་ཅང་ཅང་རླུང་པོ་གཡོ་བ་ཡི།།
རྗེ་གོང་མའི་ཞབས་ཀྱིས་བཅག་པ་ཡི།།
གནས་ལ་ཕྱི་གངས་ཀྱི་ར་བ་དང་།།
རི་གྲགས་གཡེར་ཚ་བའི་ཏེ་སེ་རུ།།
སྒོམ་རྩེ་གཅིག་ཕུ་ཐག་ཆོད་དུས་དེར།།
ཡིད་སྐྱོ་ཤེས་བུ་ཡུག་འཚུབ་ཙ་ན།།
ནང་ཏིང་འཛིན་འབུམ་བརྡལ་མེ་ཕུང་གིས།།
སྐུ་རུས་པ་ཙམ་པོ་ཨེ་བསྲོས་ལགས།།
གཞི་རང་གྲོལ་དབྱིངས་ཀྱི་སྡོང་པོའི་རྩེར།།
ཉམས་བྱ་རྒྱལ་ཁྱུང་ཆེན་ལྡིང་བའི་ཚེ།།
གསུངས་དྲི་མེད་མགུར་ཆུང་ཨེ་འཁྲོལ་ལཊ།།
ཐབས་མ་བཅོས་ལྷུན་གྲུབ་མེ་ལོང་ངོར།།
རྩལ་སྣང་བའི་ཆོ་འཕྲུལ་ཤར་བ་ལ།།
ཐུགས་རྡོ་རྗེ་འདྲ་བོ་ཨེ་གཏད་ལགས།།

           བོད་མེ་བྱ་ལོའི་ཟླ་བ་བདུན་པའི་ཚེས་བཅོ་བརྒྱད་ཀྱི་ནམ་སྨད་ཐོ་རངས་སྟག་གི་དུས་སུ་རང་ཤག་དད་པ་འབྱུང་བའི་སྤྱིལ་བུ་རུ་སྦྱར།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།