སེ་རི་ཡར་ཕུལ་བའི་བོད་ཡིག

འཇོ་མདའ་དྲང་འགྲོ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-03-03

timg.jpeg

                     (1)
ངལ་བས་བཞེངས་པའི་སྤྲིན་གྱི་ཕོ་བྲང་ཆ་མེད་རླུང་བུས་ཕྱོགས་བཞིར་གཏོར།།
འདྲིས་ཤིང་གོམས་པའི་སེམས་ཀྱི་གནས་མལ་རྡུལ་ཕྲན་མཚོན་ཆས་སྟེང་འོག་སྒྱུར།།
ལོ་ཟླར་གསོག་པའི་རྒྱུ་ནོར་འགངས་ཆེན་ཐལ་བ་རླུང་གིས་སྤུར་བཞིན་འཐོར།།
འཇམ་མཉེན་ཡིད་འོང་ལང་ཚོའི་མེ་ཏོག་དུམ་བུ་བརྒྱ་དང་བཅུ་གཉིས་གཏོང་།།
ཞེ་ལ་འཁྱིལ་བའི་ཡིད་དུ་འོང་བའི་མ་འོངས་པ་ཡང་གས་ཤིང་ཆག།
སྐྱོ་བས་མནར་བའི་མིག་ཟུང་ནང་དུ་གདུང་བའི་ཉི་ཟླ་གཉིས་ཀ་ཚེས།།
དམར་པོ་སེམས་ཀྱི་ཉིན་སྲིབ་དག་ཏུ་ཁོང་ཁྲོའི་མེ་ཏོག་བྱེ་བ་འཁྲུངས།།
མིག་ལ་ཐོགས་པའི་བརྗེད་པར་དཀའ་བའི་སྐྱོ་གར་དྲན་བཞིན་སྙིང་རྩ་འདར།།
ཚེ་ཡི་མར་མེ་བཞི་བརྒྱ་བཅུ་དྲུག་བློ་བུར་ནུབ་ཅིང་བོར་ནས་སོང་།།

                       (2)
ལས་ཀྱིས་གནང་བའི་ལམ་གྱི་གཙང་བོ་སྙིང་སྟོབས་ཆེན་པོས་བརྒལ་ནས་ཤོག།
མགོ་ཐོག་ལྷུང་བའི་དྲག་པོའི་གངས་རི་ཁ་རླངས་འཇམ་པོས་བཞུས་ནས་ཤོག།
ཁོག་ཏུ་འཁྱིལ་བའི་སྐྱོ་གདུང་སྨུག་པ་མ་འོངས་དྲན་བཞིན་དྭངས་ནས་ཤོག།།
བཟོད་ཐབས་མེད་པའི་གཏམ་རྒྱུད་ནག་པོ་རུས་པའི་གཏིང་ལ་བརྐོས་ནས་ཤོག།

                       (3)
རྨི་ལམ་ནང་གི་གསེར་གྱི་མེ་ལོང་ཆག།
འཚོ་བའི་ཕྱི་ནང་རྣམ་ཤེས་འཁྱག་པོ་ངུ་།།
སེ་རིའི་མེ་ཏོག་ལྡུམ་ར་སྨྲེང་བས་གདུང་།།
སེ་རིའི་ཉི་མའི་འོད་ལ་དྲོད་ཁོལ་མེད།།

                               2018-2-28-ཉིན།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེ་རི་ཡར་ཕུལ་བའི་བོད་ཡིག

2018-03-03 འཇོ་མདའ་དྲང་འགྲོ ཀློག་གྲངས། མཆན ཡོད།

timg.jpeg

                     (1)
ངལ་བས་བཞེངས་པའི་སྤྲིན་གྱི་ཕོ་བྲང་ཆ་མེད་རླུང་བུས་ཕྱོགས་བཞིར་གཏོར།།
འདྲིས་ཤིང་གོམས་པའི་སེམས་ཀྱི་གནས་མལ་རྡུལ་ཕྲན་མཚོན་ཆས་སྟེང་འོག་སྒྱུར།།
ལོ་ཟླར་གསོག་པའི་རྒྱུ་ནོར་འགངས་ཆེན་ཐལ་བ་རླུང་གིས་སྤུར་བཞིན་འཐོར།།
འཇམ་མཉེན་ཡིད་འོང་ལང་ཚོའི་མེ་ཏོག་དུམ་བུ་བརྒྱ་དང་བཅུ་གཉིས་གཏོང་།།
ཞེ་ལ་འཁྱིལ་བའི་ཡིད་དུ་འོང་བའི་མ་འོངས་པ་ཡང་གས་ཤིང་ཆག།
སྐྱོ་བས་མནར་བའི་མིག་ཟུང་ནང་དུ་གདུང་བའི་ཉི་ཟླ་གཉིས་ཀ་ཚེས།།
དམར་པོ་སེམས་ཀྱི་ཉིན་སྲིབ་དག་ཏུ་ཁོང་ཁྲོའི་མེ་ཏོག་བྱེ་བ་འཁྲུངས།།
མིག་ལ་ཐོགས་པའི་བརྗེད་པར་དཀའ་བའི་སྐྱོ་གར་དྲན་བཞིན་སྙིང་རྩ་འདར།།
ཚེ་ཡི་མར་མེ་བཞི་བརྒྱ་བཅུ་དྲུག་བློ་བུར་ནུབ་ཅིང་བོར་ནས་སོང་།།

                       (2)
ལས་ཀྱིས་གནང་བའི་ལམ་གྱི་གཙང་བོ་སྙིང་སྟོབས་ཆེན་པོས་བརྒལ་ནས་ཤོག།
མགོ་ཐོག་ལྷུང་བའི་དྲག་པོའི་གངས་རི་ཁ་རླངས་འཇམ་པོས་བཞུས་ནས་ཤོག།
ཁོག་ཏུ་འཁྱིལ་བའི་སྐྱོ་གདུང་སྨུག་པ་མ་འོངས་དྲན་བཞིན་དྭངས་ནས་ཤོག།།
བཟོད་ཐབས་མེད་པའི་གཏམ་རྒྱུད་ནག་པོ་རུས་པའི་གཏིང་ལ་བརྐོས་ནས་ཤོག།

                       (3)
རྨི་ལམ་ནང་གི་གསེར་གྱི་མེ་ལོང་ཆག།
འཚོ་བའི་ཕྱི་ནང་རྣམ་ཤེས་འཁྱག་པོ་ངུ་།།
སེ་རིའི་མེ་ཏོག་ལྡུམ་ར་སྨྲེང་བས་གདུང་།།
སེ་རིའི་ཉི་མའི་འོད་ལ་དྲོད་ཁོལ་མེད།།

                               2018-2-28-ཉིན།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།