ཨ་མ།

གནའ་གཏམ་པོ་ཏི་གྲོང་ལ་བོར་ཏེ་ལང་ཚོའི་དཀར་ཆག་རླུང་གིས་ཁྱེར།།
གནས་མལ་སྐྱིད་པོར་སྡོད་ཁོམ་དབེན་ཞིང་སེམས་ཀྱི་རྟ་ཕོའི་བང་ཁ་མྱུར།།
སུག་བཞིའི་གྲོང་དུ་འདུར་རྒྱུག་མང་བས་ཐུ་སྣེ་ལབ་རྩེའི་དར་གྱི་ཟླ།།
དགུ་བརྒྱད་བདུན་ཅུའི་བགྲང་བྱའི་ཁུར་གྱིས་ཡ་ཐོད་ཨ་ཡིག་བཞི་པ་མོད།།

ལྕི་འདམ་རིལ་མའི་གྲོང་ཁྱེར་ཞིག་ལ་རྔུལ་ཆུའི་ཡིག་ཆུང་གྲངས་མེད་ལྷུང་།།
མར་ཕྱུར་འོ་ཞོའི་དྲི་བསུང་ཀློང་ནས་ལས་དབང་རླུང་ཁའི་དར་ལྕོག་གཡོ།།
སྦྲ་ཁྱིམ་ཐེད་པོའི་ཁ་ཚུབ་བར་ནས་ཐོ་རངས་སྐར་ཆེན་མེལ་ཚེ་མཁས།།
ཁྱིམ་ཐབ་གྲུ་བཞིའི་གཡོས་སྦྱོར་ཀུན་ལ་ལུས་ངག་ཡིད་ཀྱི་བཟོ་རྩལ་མངོན།།

སུམ་བརྒྱ་དྲུག་ཅུའི་སྐུ་མགྲོན་དག་ལ་ཕར་སྐྱེལ་ཚུར་བསུའི་སྣེ་ལེན་ཟབ།།
ལྟོགས་ངུ་འགྲང་ངུའི་དབྱངས་རྟ་ཅན་དག་ཡ་ཆུང་ཁོག་གི་ནོར་བུར་སྒོམ།།
གནག་སྣུམ་ལན་བུའི་བསྣོལ་མཚམས་རེ་ལ་ཁ་བའི་མེ་ཏོག་དགོད་ཅིང་འཚེར།།
རྐང་རྗེས་ཟགས་སའི་རི་ལུང་ཐང་ལ་ལང་ཚོའི་ཕྱིར་དྲན་ཟིན་ཐོ་བཏབ།།

དཀར་ནག་ཕྱུགས་ཀྱི་མཆན་ཁུང་འོག་ནས་མི་ཚེའི་ལོ་རྒྱུས་དབྱངས་སུ་འཐེན།།
རང་འཐག་སྒོར་མོའི་ཡུ་བའི་ངོས་སུ་ཕྱག་ཟུང་མཛུབ་རྗེས་མངོན་པར་གསལ།།
འབྲུ་དྲུག་སྙེ་མའི་མགོ་ལྕོག་ཀློང་ནས་གཡུ་ཆུང་དྲུག་དཀར་རང་མདངས་མཛེས།།
ཐུན་གསུམ་མཚན་མོའི་རྨི་ལམ་ཞིང་ནས་མིང་སྲིང་ཀུན་ལ་སྨོན་ཚིག་བཟློ།།

སྨྲ་སྒོ་དམར་པོའི་རོ་འཛིན་རྩེ་ཡི་གདམས་ངག་བདུད་རྩིའི་ཐིགས་ཕྲེང་རྣམས།།
ཤུལ་འཛིན་བུ་ཚའི་རྣ་བའི་གཏིང་ལ་བར་མེད་རྟག་ཏུ་ཐག་ཐག་ཟགས།།
ལས་ཀྱི་ཐམ་ག་གནས་ཡུལ་ཡིན་རུང་བརྩེ་བའི་མདངས་ཤིག་གཞིས་ལ་ལྷག།
ཁྱིམ་ཐབ་ཁྲ་མོའི་གྲུ་ཟུར་ཀུན་ནས་ལྷད་མེད་མཆོད་མེའི་འོད་སྣང་འཁྱིལ།།

སྤྱན་ཟུང་བརྩེ་བའི་དགྱེས་འཛུམ་ཀློང་ན་དུངས་སེམས་བདུད་རྩིའི་ཐིགས་པ་ཡོད།།
ཕྱག་ཟུང་པདྨའི་འཇམ་མཉེན་སྟེང་དུ་བྱམས་བརྩེ་ཟེའུ་འབྲུའི་ཕྲ་ཕུང་ཡོད།།
ངག་འཇམ་བལ་དཀར་ཁ་ཆུའི་ནང་ན་ངང་རྒྱུད་སྣམ་ཕྲུག་རྒྱུ་སྤུན་ཡོད།།
ཐུགས་དགོངས་ཤེལ་དཀར་བུམ་བཟང་དཀྱིལ་དུ་བུ་ལ་བཅངས་བའི་ཟུངས་འཇུགས་ཡོད།།

                                              ཨ་མའི་དུས་ཆེན་ཉིན།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མ།

2018-05-14 གཟི་མིག་དགུ་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།