《སྣང་བའི་སྐར་ཁུང》སོགས་སྙན་ངག་ཁག་གསུམ།

ཆབ་གཡུ་མེ།(ཁྲིན་ཏུའུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-10-14


འཇིག་རྟེན་འདི་ཡི་སྣང་བ་མ་ལུས་པ། །
སེམས་ཀྱི་མཐིལ་ལ་ཡང་ཡང་འཁོར་བ་ན། །
སྨྲ་བ་མེད་པའི་རྣམ་ཤེས་སྟོང་ཕྲག་གིས །
མིག་ཆུ་ལྐོག་ཏུ་མིད་པ་སུ་ལ་གསང་། །
མེ་ལོང་དབུས་སུ་མཐོང་བའི་འཁོར་བ་དང་། །
ཚེ་ཡི་གླེགས་བམ་བསྣམས་པའི་རྒན་པ་གཉིས། །
མི་རྟག་ཆོས་ཉིད་དུས་ཀྱི་སོ་ཁ་ན། །
བརྗོད་པ་མེད་པའི་བདེ་བའི་ངང་ལ་གནས། །
སྲིད་པའི་གནས་ལུགས་འདི་ལ་ཡིད་རྟོན་གྱི། །
ཐོ་ཡོར་ལྟ་བུའི་སེམས་འདི་གཉོམ་ནའང་། །
དགའ་སྡུག་ལྷགས་རླུང་འདྲེས་མའི་སོ་ཁ་ནས། །
ཡིད་ཀྱི་སྤྲིན་པ་རྒྱང་དུ་སྤུར་འདོད་བྱུང་། །

                       2018 10 1

                       འཁོར་བའི་དབྱངས།

ནམ་མཁའི་སྐར་མས་གཙང་བོའི་རྨི་ལམ་འཚོལ། །
སྤྲིན་གྱི་འདབ་མས་ངག་གི་གཙང་བོ་བསྒུལ། །
ཟླ་བའི་རྣམ་ཤེས་གང་སར་འཁྱམས་པ་ཡིས། །
སྣང་བའི་དཔལ་ལ་འཇའ་ཚོན་ཡང་ཡང་ཡལ། །
བདག་གི་མེ་ལོང་འདི་ཡི་ནང་རོལ་དུ། །
སྤྲིན་པ་འཁྲིགས་པའི་སྒྲ་དང་རླུང་བའི་སྒྲ། །
མེ་ཏོག་ཡུ་བ་འདར་བའི་སྒྲ་ལ་སོགས། །
མ་ལུས་ཅིར་ཡང་གསལ་དང་མི་གསལ་ངང་། །
ཡང་ཡང་རྣ་བར་ལྷུང་ཞིང་སེམས་མཐའ་རུ། །
སྐོར་བའི་ཨ་ལོང་བསྐྱར་དང་བསྐྱར་དུ་བྱེད། །

                     2018 7 31

                        འཆི་སེམས་དམར་པོ།
 
སྐྱོ་བ་ཁུར་བའི་ཉི་ཟེར་དམར་པོའི་འགྲམ།།
སེམས་ཀྱི་ལོ་མ་རླུང་གིས་གཡོ་ཞིང་འགུལ།།
བ་སྤུའི་རྩེ་མོ་ངུས་པའི་ཆུ་ཐིགས་སྟོང་།།
ནམ་མཁའི་མེ་ལོང་ངོས་སུ་ཡང་ཡང་ལྷུང་།།
སེམས་ཀྱི་གསང་མིག་བཀྲོལ་ནས་གྲིབ་གཟུགས་འཚོས།།
སྐྲ་ལོ་རླུང་གིས་ཅི་ཙམ་དེད་པའི་ཤུལ།།
བརྩེ་བ་མིག་ལ་བྲིས་པའི་རི་མོ་མངོན།།
སྣང་བ་འདི་ཡང་འདར་སྙམ་བྱེད་པ་ཙམ།།
སྐྱེ་དངོས་ཡོངས་ཀྱི་ཚོར་བའི་གཟུགས་རིས་བྲིས།།
མེ་ལོང་དབུས་ཀྱི་ཕྱེ་ལེབ་དཀར་པོ་ལ།།
ལ་མོའི་རྒྱབ་ཀྱི་སེམས་ཚོར་ལན་མང་བརྗོད།།
འཆི་སེམས་དམར་པོས་བྱེ་མའི་རི་ནས་གླེང་།།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《སྣང་བའི་སྐར་ཁུང》སོགས་སྙན་ངག་ཁག་གསུམ།

2018-10-14 ཆབ་གཡུ་མེ།(ཁྲིན་ཏུའུ) ཀློག་གྲངས། མཆན ཡོད།


འཇིག་རྟེན་འདི་ཡི་སྣང་བ་མ་ལུས་པ། །
སེམས་ཀྱི་མཐིལ་ལ་ཡང་ཡང་འཁོར་བ་ན། །
སྨྲ་བ་མེད་པའི་རྣམ་ཤེས་སྟོང་ཕྲག་གིས །
མིག་ཆུ་ལྐོག་ཏུ་མིད་པ་སུ་ལ་གསང་། །
མེ་ལོང་དབུས་སུ་མཐོང་བའི་འཁོར་བ་དང་། །
ཚེ་ཡི་གླེགས་བམ་བསྣམས་པའི་རྒན་པ་གཉིས། །
མི་རྟག་ཆོས་ཉིད་དུས་ཀྱི་སོ་ཁ་ན། །
བརྗོད་པ་མེད་པའི་བདེ་བའི་ངང་ལ་གནས། །
སྲིད་པའི་གནས་ལུགས་འདི་ལ་ཡིད་རྟོན་གྱི། །
ཐོ་ཡོར་ལྟ་བུའི་སེམས་འདི་གཉོམ་ནའང་། །
དགའ་སྡུག་ལྷགས་རླུང་འདྲེས་མའི་སོ་ཁ་ནས། །
ཡིད་ཀྱི་སྤྲིན་པ་རྒྱང་དུ་སྤུར་འདོད་བྱུང་། །

                       2018 10 1

                       འཁོར་བའི་དབྱངས།

ནམ་མཁའི་སྐར་མས་གཙང་བོའི་རྨི་ལམ་འཚོལ། །
སྤྲིན་གྱི་འདབ་མས་ངག་གི་གཙང་བོ་བསྒུལ། །
ཟླ་བའི་རྣམ་ཤེས་གང་སར་འཁྱམས་པ་ཡིས། །
སྣང་བའི་དཔལ་ལ་འཇའ་ཚོན་ཡང་ཡང་ཡལ། །
བདག་གི་མེ་ལོང་འདི་ཡི་ནང་རོལ་དུ། །
སྤྲིན་པ་འཁྲིགས་པའི་སྒྲ་དང་རླུང་བའི་སྒྲ། །
མེ་ཏོག་ཡུ་བ་འདར་བའི་སྒྲ་ལ་སོགས། །
མ་ལུས་ཅིར་ཡང་གསལ་དང་མི་གསལ་ངང་། །
ཡང་ཡང་རྣ་བར་ལྷུང་ཞིང་སེམས་མཐའ་རུ། །
སྐོར་བའི་ཨ་ལོང་བསྐྱར་དང་བསྐྱར་དུ་བྱེད། །

                     2018 7 31

                        འཆི་སེམས་དམར་པོ།
 
སྐྱོ་བ་ཁུར་བའི་ཉི་ཟེར་དམར་པོའི་འགྲམ།།
སེམས་ཀྱི་ལོ་མ་རླུང་གིས་གཡོ་ཞིང་འགུལ།།
བ་སྤུའི་རྩེ་མོ་ངུས་པའི་ཆུ་ཐིགས་སྟོང་།།
ནམ་མཁའི་མེ་ལོང་ངོས་སུ་ཡང་ཡང་ལྷུང་།།
སེམས་ཀྱི་གསང་མིག་བཀྲོལ་ནས་གྲིབ་གཟུགས་འཚོས།།
སྐྲ་ལོ་རླུང་གིས་ཅི་ཙམ་དེད་པའི་ཤུལ།།
བརྩེ་བ་མིག་ལ་བྲིས་པའི་རི་མོ་མངོན།།
སྣང་བ་འདི་ཡང་འདར་སྙམ་བྱེད་པ་ཙམ།།
སྐྱེ་དངོས་ཡོངས་ཀྱི་ཚོར་བའི་གཟུགས་རིས་བྲིས།།
མེ་ལོང་དབུས་ཀྱི་ཕྱེ་ལེབ་དཀར་པོ་ལ།།
ལ་མོའི་རྒྱབ་ཀྱི་སེམས་ཚོར་ལན་མང་བརྗོད།།
འཆི་སེམས་དམར་པོས་བྱེ་མའི་རི་ནས་གླེང་།།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།