འབྲོག་བུ་དཀོམ་བཀྲའི་སྙན་ངག་གསར་པ་ཚན་པ་དྲུག

འབྲོག་བུ་དཀོམ་བཀྲ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-11-08

                                          རྐང་གླིང་གི་འགྱུར་ཁུགས།
                       
རྟ་རྒན་ལ་རྔ་མདུད་བརྒྱབ་སྟེ་སྣང་བ་མཐོ་དུས། །
ས་ཁང་ལས་འདུག་ས་མེད་ཀྱང་འཁྱག་སྣང་མ་སྐྱེས། །
མ་རྒན་གྱི་དཔྲལ་བའི་ཆུ་བུར་སྟག་མོ་ཁེར་སྐྱེས། །
གེ་སར་བཞིན་དྲག་རྩལ་མེད་ཀྱང་སྡུག་པོ་མ་བྱུང་། །

གཡག་རྒན་གྱི་རྔ་རྩིད་གནག་པོ་མིག་ཤེལ་བྱེད་དུས། །
ཁངས་རྒན་གྱིས་སྦྲེའུ་མནན་ཀྱང་འཁྱག་སྣང་མ་སྐྱེས། །
ལ་གཞས་ཀྱི་གླུ་ཚིག་བརྒྱ་རྩ་སེམས་ན་ཡོད་པས། །
བརྩེ་ཞེན་གྱི་མེ་ལྕེ་དྲོན་མོས་སེམས་ཁ་གསོ་ཐུབ། །

འདི་སྣང་གི་འཇིག་རྟེན་ཁམས་ལ་སྙིང་བོ་མེད་ཚུལ། །
དྲིན་ཆེན་གྱི་བླ་མས་གསུངས་ཀྱང་ངེས་ཤེས་མ་རྙེད། །
སྨུག་ནག་གི་འཁོར་བ་འདི་ལ་དུངས་ཞེན་ཆེ་བས། །
ཆགས་སྲེད་ཀྱི་རྟོད་ཐག་སྦོམ་པོ་གཅོད་ཐབས་མ་བྱུང་། །

རྨི་ལམ་གྱི་རྟ་ཕོ་སྲབ་ཡན་རྔ་རྔོག་ཤིགས་ཤིགས། །
འདོད་འདུན་གྱི་སྤང་ལྗོངས་གཤགས་ཏེ་མཁའ་ལམ་བཅད་ཀྱང་། །
ཕྱི་ཐག་གི་འཁྲི་བ་གཅོད་པའི་རལ་གྲི་ངར་མ། །
ཡིད་གཉིས་ཀྱི་དྲ་བར་ཚུད་དེ་བག་ལ་ཞ་བ། །

མི་རྟག་པའི་མཚེའུར་ཆགས་པའི་ངང་ངུར་ཆ་ཞིག །
སྤྲིན་དཀར་གྱི་འདུ་འགོད་ཀློང་ནས་རྒྱང་ལ་གར་དུས། །
རྣམ་ཤེས་ཀྱི་དཔུང་ལག་སྦྲེལ་བའི་ཁྱོད་དང་འུ་གཉིས། །
ལུས་ཕུང་གི་རྩིབས་མ་གཤིབ་སྟེ་འཕུར་ན་ཆོག་གམ། །

སྙིང་སྡུག་གི་ངོ་གདོང་ཆུང་ཆུང་ད་ལུའི་མེ་ཏོག །
འཆི་བདག་གི་འཚུབ་མས་ཁྱེར་ཡང་བརྗེད་ཐབས་མི་འདུག །
དར་ཅིག་ལ་གམ་ན་རྒྱུ་བའི་གྲིབ་མ་བཞིན་དུ། །
སྙིང་ཆུང་གི་མེ་ལོང་ངོས་སུ་ལན་མང་འཁོར་ཡོང་། །

ཚེ་གཅིག་གི་གཏམ་རྒྱུད་མག་མོག་མངར་སྐྱུར་འདྲེས་མ། །
ཉིན་གཅིག་གི་ཆོ་འཕྲུལ་བཞིན་དུ་གཏད་སོ་བྲལ་ཀྱང་། །
སྒྱུ་ལུས་ཀྱི་ངལ་དུབ་ཁུར་བའི་སེམས་པ་གཉོམ་པོར། །
སྐད་ཅིག་ལ་དབེན་པ་སྙེག་པའི་ཁོམ་ལོང་མི་འདུག །

ཚེ་མཇུག་གི་དྲན་པ་བསྙེ་སའི་ནད་ཁྲི་འཁྱག་པ། །
ཟུངས་ཁྲག་གིས་ཚོས་ཁ་བསྒྱུར་བའི་མལ་སྟན་རློན་པ། །
དངངས་སྐྲག་གིས་རྗེས་ནས་འདེད་པའི་སེམས་པ་རྨས་མ། །
རིགས་དྲུག་གི་གྲལ་མཐའ་གང་དུ་སླར་ཡང་འཚོ་དགོས། །

དོ་དགོང་གི་ནམ་མཁའི་དཀྱིལ་འཁོར་རྡུལ་གྱིས་གཡོགས་ཏེ། །
དགུ་ཚིགས་ཀྱི་གཙང་བོ་ཁྲ་མོ་མཐོང་ཐབས་མེད་ཀྱང་། །
རང་བློ་ཡི་རྟོག་པས་བཏགས་པའི་སྒེར་དབང་འཇིག་རྟེན། །
ཉི་འོད་ཀྱི་ཟེགས་མ་འཕྱོ་བཞིན་དྭངས་ཤིང་གསལ་བ། །

                                 ༢༠༡༨/༡༡/༣ལ།

                                          རྩེ་དབུས་རི་ཁྲོད་ཀྱི་ཁུ་སིམ།
     
རྨ་རྒྱུད་སྐུ་བླ་བྲག་དཀར་དགུང་དུ་ཟུག །
འགོག་པ་རི་ཡང་དེ་ཡི་རྗེས་སུ་བསྙེགས། །
རྨ་ཆུ་ལི་མ་སྒེག་འགྲོའི་འཛུམ་བག་ཅན། །
རི་བོའི་ཞོལ་ནས་ལྷུང་ལྷུང་ནུབ་ཏུ་བཞུར། །

གྲུབ་པའི་དབང་ཕྱུག་གཅོད་པ་སྐུ་འཕྲེང་གིས། །
བརྩེ་ཆེན་ཐུགས་ཀྱིས་བསྐྱངས་པའི་དགོན་པ་འདི། །
དུས་འགྱུར་གཏུམ་མོའི་དྲག་འབབ་གཙང་བོའི་ཁྲོད། །
ཕྱི་མིག་མེད་པར་གཟིམས་པ་ཡིད་རེ་ཕངས། །

རྒྱལ་ཚབ་སྐུ་བགེགས་ཟློག་པའི་བདག་རྐྱེན་དུ། །
བཀའ་བསྟན་གླེགས་བམ་ཆོས་ལྡན་དབུས་ནས་དྲངས། །
ནང་རྟེན་གསུང་རབ་བྲག་རིར་མཉམ་མོ་ཞེས། །
གནའ་མི་རྒན་པོའི་ངག་ན་རླུང་ལྟར་གྲགས། །

འཇམ་དབྱངས་བླ་མ་བསྟན་པའི་སྒྲོན་མེ་ཡིས། །
ཐུགས་ཞེན་གཟིགས་སྐྱོང་ཆེན་པོས་ཉེར་བཟུང་ནས། །
འདུ་ཁང་བཞེངས་པར་རྒྱུ་ཡིས་ཡོན་སྦྱར་བ། །
དེབ་ཐེར་རྒྱ་མཚོར་མཇལ་ན་ངང་གིས་རྟོགས། །

དོ་ནུབ་ང་རང་དགོན་པའི་ཉེ་འཁྲིས་ཀྱི། །
ཤིང་གི་སྟེགས་བུར་འགོས་ཏེ་ཡར་བལྟས་ན། །
རྩྭ་སྐྱའི་རྦ་རླབས་ལྟེམས་པའི་དགོན་ཤུལ་ན། །
གྱང་ཆག་ཐར་ཐོར་ཀེང་རུས་བཞིན་དུ་མངོན། །

རྨོ་མོའི་ངག་རྒྱུན་ནམ་མཁའི་རྒྱུ་སྐར་བཞིན། །
ཡིད་ཀྱི་མཚོ་ལ་རྣམ་པར་འཚེར་བ་ན། །
འཇིག་རྟེན་རྙིང་བའི་དགོན་པ་ཆུང་ཆུང་ཞིག །
སྤེན་ཏོག་དང་བཅས་ཡིད་ལ་ཡང་ཡང་འཆར། །

བག་ཆགས་མེ་ལོང་བྱི་དོར་བྱས་པ་ན། །
གྲྭ་ཤག་རྙིང་ཀོག་ཅིག་གི་སྒེའུ་ཁུང་ལས། །
ཞལ་ལ་འཛུམ་ཆུང་རྒྱས་པའི་བན་ཆུང་ཞིག །
ང་ལ་འབོད་ཀྱིས་ཕྱག་བརྡ་གཏོང་བ་འདྲ། །
                       
                                  ༢༠༡༨/༨/༢༩ལ།

                                          ཐང་ཆད་པའི་གཞས།

སེམས་པ་རླུང་གིས་རྨས་བྱུང་རྒྱུ་སྐར་རེ་གཉིས་དབྱིངས་ནས་འདར་བྱུང་། །
ཁྱོད་ཀྱི་འཛུམ་ཆུང་དྲན་བྱུང་ཟླ་བ་འགའ་ལ་རྨི་ལམ་འཁྲུགས་བྱུང་། །
མུན་པས་གཞིས་ཀ་གཏིབས་བྱུང་ཡིད་ཀྱི་ན་ཆུང་རྒྱང་ལ་གར་སོང་། །
ཁ་བ་གློ་བུར་བབས་བྱུང་གྲོང་ཁྱེར་ཆེན་པོའི་ཤར་ནུབ་གཡོགས་སོང་། །
ར་བཟི་འདྲེ་ཡིས་ཁྲིད་སོང་མི་མ་ཡིན་གྱིས་འཇིག་རྟེན་ཁྱབ་སོང་། །
སྙིང་རྗེའི་ཚ་གསུར་བཏང་ཡོད་བཀྲེས་སྐོམ་སྡུག་བསྔལ་རེ་ཞིག་སེལ་དགོས། །

ལུས་པོ་རྡོ་བར་བརྟེན་ཚེ་རྩིག་པའི་ངོས་ཀྱི་ཕོ་བྲང་འགུལ་བྱུང་། །
གོས་གདུགས་སེར་པོའི་འོག་ནས་སྐུ་དྲག་ལྔ་བརྒྱའི་མིག་དཀྱུས་འཛུམ་བྱུང་། །
བྲན་གཡོག་སྤེན་ཚེ་འདར་བཞིན་ལྷ་ས་དྲན་པའི་གཞས་ཤིག་བཏང་བྱུང་། །
གཞས་དེ་གངས་ལ་འཁྱུད་ནས་སྨུག་པའི་ཟོལ་གྱིས་ཡུན་རིང་གཡོས་བྱུང་། །
དུར་ཁྲོད་འཇག་རྩྭ་གཡོ་བ་རྒྱ་མཚོ་སེར་པོའི་རྦ་རླབས་འཁྲིགས་འདྲ། །
ང་རང་དེ་ལ་གཡེང་ཚེ་རྣམ་ཤེས་མང་པོས་མཐའ་ནས་རུབ་བྱུང་། །

                                   ༢༠༡༨/༡༠/༢༡ལ།

                                          ངག་གླུ་ཆད་མ་མཐུད།

མི་ཚེ་སྐྱིད་སྡུག་འདྲེས་མ། །
སོས་ཀའི་ནམ་ངོ་འདྲ་ཡང་། །
མི་ལུས་ལན་གཅིག་རྙེད་པ། །
དགའ་བའི་ནང་གི་དགའ་བ། །

འཇིག་རྟེན་འཁོར་བའི་གྲོང་ན། །
འདུ་འཛིའི་ཡོ་ལང་རྒྱས་པ། །
བལྟས་ན་མིག་ལ་མཛེས་པ། །
མྱངས་ན་རོ་བྲོ་འཛོམས་པ། །

ནུབ་མཐའི་ཟླ་བ་ཆུང་ཆུང་། །
ཆུང་འདྲིས་ཞལ་རས་འདྲ་ཡང་། །
གནམ་ས་གཉིས་ཀྱི་བར་ཐག །
གོམ་པས་ཆོད་ས་མ་རེད། །

ཆུང་འདྲིས་ཨུ་དུམ་ཝ་ར། །
སྙིང་ལ་ཉེ་ཉེ་འདྲ་ཡང་། །
འཆི་བ་མི་རྟག་རླུང་གིས། །
ཨུ་དུམ་འདབ་མ་གཏོར་སོང་། །

བརྩེ་བའི་ཟུངས་ཁྲག་དམར་པོ། །
སྙིང་གི་རྐ་ལམ་བརྒྱུད་དེ། །
ཆུང་འདྲིས་ཕྱོགས་ལ་བཞུར་བ། །
བར་ཆད་བྱེ་མས་བཀགས་སོང་། །

ཐོབ་ཤོར་བྱེ་མའི་ལམ་ན། །
སྨྲེང་སྐྱོའི་མིག་ཆུ་ཟགས་པ། །
སུ་དང་གང་གི་དོན་མིན། །
གསོན་པའི་རྐང་རྗེས་ཙམ་ཡིན། །

རྣམ་རྟོག་རི་མོས་གྲུབ་པའི། །
མི་ཚེའི་དཀྱིལ་འཁོར་ཁྲ་ཁྲ། །
དཀར་ནག་ལས་ཀྱི་ཁ་བ། །
ཡུལ་འདིར་ཉིན་འབབ་མཚན་འབབ། །

དྲན་པའི་ཆུ་མིག་གཞུང་ན། །
ཕྱེ་ལེབ་ཚོམ་བུ་ཚོམ་བུ། །
ལས་ཀྱི་ཕྱེ་ལེབ་དཀར་པོ། །
ད་བར་གང་དུ་སྦས་ཡོད། །

གྲིབ་མའི་ཆུ་རྫིང་ཀློང་དུ། །
སེམས་གཅོང་ཉ་མོ་འཁྱུག་པ། །
ཞིམ་མངར་འོ་བདུད་རྩིས། །
ལན་གཅིག་བཟི་ན་བསམ་བྱུང་། །

རྒོད་པོ་བྲག་ནས་འཕུར་ཀྱང་། །
བྲག་ཐེམ་གནས་ཚང་འགྱུར་མེད། །
བྱེའུ་ཆུང་རྒྱང་ནས་ཡོང་དུས། །
བློ་ཕུག་བྲག་ལ་གཏད་ཆོག །

རང་ཡུལ་བཞག་ནས་ཡོང་དུས། །
ཞེ་རྩ་གཉོམ་ཡང་མི་དགོས། །
འུ་གཉིས་མགོ་སྦྲ་སྨུག་པོ། །
ན་སྤང་མཚམས་ལ་བཏབ་ཆོག །

མནའ་ཚིག་ལྕགས་ནག་མདུད་པ། །
དམར་ཆུང་སྙིང་ལ་ཐེབས་པས། །
ལུས་རྟེན་ག་ཚོད་བརྗེས་ཀྱང་། །
བག་ཆགས་འགྱུར་ས་མ་རེད། །
            
                                 ༢༠༡༨/༤/༢༨

                                          མཚན་གུང་གི་ཁེར་ལབ།
       
སྙིང་ལ་ཚེས་པའི་སྐར་མ་ཆུང་ཆུང་ཁྱོད། །
ཕྱི་ནང་གསལ་བའི་འོད་ཀྱི་མུ་ཏིག་ཡིན། །
བདག་གི་འཚོ་གཞིས་མུན་པས་གཏིབས་པ་ན། །
ཁྱེད་ལུས་རྒྱུ་སྐར་བྱེ་བའི་གཟུགས་ལ་འཁྲུལ། །
ཐུགས་ལ་ཡ་ཡོ་མེད་པས་བློ་འཁེལ་བ། །
གསུང་ལ་གྱ་གྱུ་མེད་པས་ཉམས་དགའ་བ། །
ཚེ་ཡི་འདུ་བྱེད་རྨེག་མེད་འཇིག་ན་ཡང་། །
ཚེ་རབས་ཕྲེང་བའི་དྲན་འཛིན་ཅི་ལ་མིན། །

མིག་ལ་སྣང་བའི་སྒྱུ་མའི་འཇའ་ཚོན་ཁྱོད། །
སྐྱིད་སྡུག་ཁ་ཆར་བསུ་བའི་གཡབ་མོ་ཡིན། །
བདག་གི་གློ་སྙིང་རླུང་གིས་གཡོས་པ་ན། །
ཁྱེད་ནི་རྟག་བརྟན་རི་བོའི་གཤིས་ལ་མཐོང་། །
འཁྲེང་སེམས་རྒྱ་སེ་དམར་པོའི་འདབ་མ་ལ། །
ཞེ་སྡང་ཚིག་གི་ཆར་བས་བྲབས་ན་ཡང་། །
དམ་ཚིག་མཚོ་ཆུང་སྔོན་མོ་དྭངས་པ་ལ། །
ཡིད་ཆེས་ཤེལ་དཀར་བུམ་པ་གཙང་པ་ལ། །

རབ་འབྱམས་འཆར་ཡན་ཀློང་གི་བུ་མོ་ཁྱོད། །
མཚན་གཞུང་རྨི་ལམ་བཙགས་པའི་ནས་ཆང་ཡིན། །
བདག་གི་སྒྱུ་ལུས་ན་ཚས་གཟིར་བ་ན། །
ཁྱེད་ནི་གསོ་བྱེད་སྨན་གྱི་བདུད་རྩི་བཞིན། །
གཤིན་རྗེ་ཞགས་པ་སྐེ་ལ་ཐེབས་ན་ཡང་། །
ལན་གཅིག་འཐུང་བས་འཆི་བའི་འཇིགས་པ་བརྗེད། །
སྐྱེ་རྒུ་ཐེར་འབུམ་རྒྱུ་བའི་གྲོང་ཁྱེར་ནས། །
འུ་གཉིས་ལས་ཀྱིས་བསྡུས་པས་ལན་ཆགས་མིན། །
                 
                                   ༢༠༡༧/༦/༢༥

                                          སྙིང་གི་གཞས།

ནམ་མཁའ་སྔོན་པོ་གཡུ་ཡི་མདངས་འཛིན་ལ། །
སྤྲིན་དཀར་ལང་ལོང་བག་མེད་རྒྱུ་བ་མཐོང་། །
གཡང་དཀར་ལུག་ཁྱུ་འཚོ་བའི་རྫི་རོགས་ལགས།
གནས་བཟོད་བདེ་འམ་ང་ལ་ལན་ཞིག་ཐོབས། །
ཆུང་དུས་འུ་གཉིས་རྨི་ལམ་གཅིག་ན་ཡང་། །
རང་རང་ལས་ཀྱིས་སོ་སོའི་ལུང་བར་ཆས། །
སྐྱ་མོའི་ལམ་ལ་ཕྱིར་མིག་འཕངས་པ་ན། །
ང་ལ་ཁྱོད་ལས་གཞན་ཞིག་ལྷག་མི་འདུག །

ཁང་བརྩེགས་མཐོན་པོ་གནམ་གྱི་ཀ་བ་བཞིན། །
ཕ་ཡུལ་རི་ཆུ་མཐོང་བའི་གླགས་མ་རྙེད། །
བརྩེ་ཆེན་དམར་ཆུང་སྙིང་གི་ཕྱེད་ཀ་ཁྱོད། །
གནས་བཟོད་བདེ་འམ་ང་ལ་ལན་ཞིག་ཐོབས། །
ཆུང་འདྲིས་འུ་གཉིས་སྣང་བ་མཐུན་ན་ཡང་། །
རེ་ཞིག་ལག་གདང་སྦྲེལ་བའི་སྟབས་མ་འགྲིག །
མི་ཚེའི་ལམ་ལ་རྒྱང་ལྟ་བྱས་པ་ན། །
ང་ལ་ཁྱོད་ལས་ལྷག་ཅིག་མཁོ་མ་བྱུང་། །
 
རྩོམ་སྒྲིག་པ། ལྷ་སྐྱིད།

                                               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)                              

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་བུ་དཀོམ་བཀྲའི་སྙན་ངག་གསར་པ་ཚན་པ་དྲུག

2018-11-08 འབྲོག་བུ་དཀོམ་བཀྲ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།