ཀུན་ཏུ་དགའ་བའི་གླུ།(ཞར་བཀོད་བཞི་ཡོད)

འབར་བློ་དཀར།(རྫོང་སར) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-12-11
ཁྱེད་རང་ནགས་ཚལ་སྔོན་པོ་འདི་བརྒྱུད་ནས།།
གང་དུ་ཕེབས་སམ་རི་དྭགས་མིག་ཅན་མ།།
ལྷུང་ལྷུང་འབབ་པའི་ཆུ་ཕྲན་དྭངས་མོ་དེ།།
ཁྱེད་ཀྱིས་རྐང་རྗེན་བརྒལ་བ་ཕོད་དམ་ཅི།།
གནས་འདིར་ཡིད་འོང་གླིང་ཕྲན་མང་པོ་ཡོད།།
ཁྱེད་ཀྱི་མིག་གི་བུང་བ་འཕུར་ཙམ་གྱིས།།
གནས་འདིར་སྡུག་པའི་མུན་ཁང་དུ་མ་ཡོད།།
ཁྱེད་ཀྱི་ཟླ་བའི་མ་མའང་སྟོན་ཙམ་མཛོད།།
དེའི་ཞོར་སྐུ་ངལ་ཅུང་ཟད་གསོས་ཤིག་དང་།།
བྲེལ་བའི་དོན་ནི་གང་ཡང་མ་མཆིས་སོ།།

འཇིག་རྟེན་སྐྱེད་ཚལ་ལུག་མིག་མེ་ཏོག་བཞད།།
ཐམས་ཅད་བརྩེ་བའི་སྦྲང་རྩི་ཡང་ནི་ཆགས།།
དེ་ལྟ་ན་ཡང་ཀུན་ཏུ་དགའ་བའི་གླུ།།
ང་ཡིས་ལེན་མི་ཕོད་པས་ཁྱེད་ཀྱིས་ལོངས།།
ཁྱེད་ནི་མཐོང་སྣང་གཅིག་ཏུ་དབྱངས་ཅན་མའི།།
ཕྱག་གི་པི་ཝང་ཇི་བཞིན་སྙན་ཞིང་འཇེབས།།
མཐོང་སྣང་གཅིག་ཏུ་ཁྱེད་ནི་འདོད་འཇོ་མའི།།
བུམ་བཟང་ཇི་བཞིན་འགྲོ་ཀུན་གདུང་བའང་སེལ།།

ལྷག་པར་ཁྱེད་ཀྱི་ཆགས་པའི་མིག་ནང་དུ།།
ལྷུང་བའི་ཟླ་བ་དག་གིས་ཅི་ཡང་མཚོན།།

                                 2019  11  28

དགའ་བྱེད་ཚལ་གྱི་རི་དྭགས།

ཁྱེད་ལུས་སེང་ལྡེང་ནགས་ཚལ་གྱི།།
ཚེར་མའི་སྙིང་པོར་གྱུར་བ་ན།།
བདག་ནི་ཡང་ཡང་ཕུག་པ་ཡི།།
མི་མཆོག་སྟོན་པའི་ཞབས་ཆག་ཡིན།།
ཁྱེད་མིག་པདྨའི་སྡོང་བོ་ཡི།།
གེ་སར་དང་བཅས་དགོད་པ་ན།།
བདག་ནི་བུང་བ་ཆུང་ངུ་ལ།།
སྤྲུལ་ནས་ཁྱོད་རང་དཀྲིས་གསུམ་བརྒྱབ།།
ཁྱེད་ཞལ་ཟླ་བའི་ཚུལ་གྱིས་སུ།།
འཇིག་རྟེན་སྨག་རིམ་བསལ་བ་ན།།
བདག་ནི་ཀུ་མུད་གཞོན་ནུ་སྟེ།།
རྣམ་ཀུན་བརྩེ་བའི་འདབ་མ་གྲོལ།།
ཁྱེད་སེམས་ཡངས་པའི་སྐྱེད་ཚལ་གྱི།།
ཆུ་ཀླུང་ཇི་བཞིན་འབབ་པ་ན།།
བདག་ནི་ཆུ་འགྲམ་བྱེ་མ་ཡི།།
ནང་དུ་ཟགས་པའི་རྗེས་ཤུལ་ཡིན།།
ཁྱེད་ཕྱག་སྤྲིན་དཀར་ཡུག་གཅིག་སྟེ།།
ལྷོ་རུ་བརྐྱངས་པ་དེ་ཡིན་ན།།
བདག་ནི་ཡངས་པའི་ནམ་མཁའ་ནས།།
ཁྱོད་རང་དེད་པའི་རླུང་བུ་ཡིན།།
ཁྱེད་ཀྱི་རྒྱན་གོས་ཟ་འོག་མ།།
ནགས་ཚལ་ཇི་བཞིན་འཁྲུགས་པ་ན།།
བདག་ནི་ཡལ་གར་འབྱར་བ་ཡི།།
སྨིན་མ་སྨིན་པའི་ཤིང་ཏོག་ཡིན།།
ཁྱེད་ཀྱི་རྐང་རྒྱན་གདུབ་བུ་མ།།
སིལ་སིལ་སྒྲ་བཅས་འགུལ་བ་ན།།
བདག་སྙིང་ཟུག་པའི་འབུ་སྲིན་ཡང་།།
དྲན་པའི་རྒྱ་ལས་ཡང་ཡང་དཀྲོགས།།

                                 2019  11  18

ཆུ་པདྨ།

མཚན་མོ་མཁའ་ལ་རྒྱུ་སྐར་གྲངས་མེད་ཚེས།།
སྙིང་སྡུག་ཟླ་གཞོན་ལ་མོ་རྒྱབ་ནས་ཕེབས།།
མུན་པའི་ཕྱེད་ཀ་སེམས་ཀྱི་ཁང་སྟོང་རུབས།།
དེ་ཚེ་ཡང་ཡང་ངུ་བའི་ཆུ་པདྨ།།
རྨི་ལམ་ཆུ་མོ་ཤག་ཤག་དང་བཅས་ཏེ།།
ལ་རྒྱབ་གངས་ཐང་བརྒྱུད་ནས་ས་མཐའ་སྐོར།།
གློ་རྡེག་བལྟས་པས་ཟླ་བ་ཆུ་ནང་ཁུར།།
དེ་ཚེ་ཡང་ཡང་དགོད་པའི་ཆུ་པདྨ།།
ངག་གི་གླིང་བུ་མ་བུས་རྒྱང་ནས་གྲག།
ཚེ་ཡི་ལྕགས་གདང་སྟེང་དུ་བྱ་ཡང་བབས།།
སྙིང་པོས་སྟོང་བ་དག་ནི་སྙིང་པོར་གནས།།
དེ་ཚེ་ཡང་ཡང་འཁྲུལ་བའི་ཆུ་པདྨ།།
                                2019  12  3

ཚེ་མི་རྟག་པ་དྲན་པའི་མགུར་བྲག་ཐེམ་བྱེའུ་ཆུང་འཕུར་བའི་གཤོག་སྒྲ།

གཞི་མ་བཅོས་རིག་པ་སྟོང་གསལ་ངང་།།
བློ་རྣམ་རྟོག་རྐྱང་ཤེས་འགྲོས་ལྡན་ལས།།
གླུ་ཤུགས་འབྱུང་རྡོ་རྗེ་འཚེར་སྐད་འདི།།
བུ་མོས་པ་སྐྱེད་ཕྱིར་འབུལ་ལགས་ན།།
སེམས་ངལ་དུབ་སྤྲིན་ཕུང་འཐིབ་པ་རུ།།
རླུང་རྡོ་རྗེ་རྒྱ་གྲམ་བཏབ་པ་ལྟར།།
དབྱིངས་ནམ་མཁའ་སྒྲིབ་མེད་སངས་པ་བཞིན།།
ཐུགས་སྤྲོ་བ་འཕེལ་བའི་རྒྱུ་ཙམ་ཤོག།

དཔེ་ཐང་ཡན་རི་དྭགས་རྒྱུ་བ་དང་།།
དོན་ལག་འཐིལ་རྡེའུ་བླངས་པ་སྟེ།།
ཚིག་གོས་ཆེན་ཐིག་ལེ་སྒྲིག་པ་ཡི།།
ངག་དཔགས་བསམ་ལྗོན་པའི་འབྲས་བཟང་འདི།།
ཁྱེད་སྐལ་ལྡན་དགའ་བའི་གྲོགས་སུ་ཤར།།

ཤར་ཁྲི་གདུགས་ཉི་མས་གླིང་བཞི་སྐོར།།
འོད་སེར་པོའི་སྐྱེ་འགྲོའི་མུན་པ་སངས།།
དེ་ཡིན་ཡང་ནུབ་རིར་བརྒལ་ཙ་ན།།
ནག་ཡོར་སེ་གྲིབ་མས་ས་ཆེན་ཁེབས།།
དཔེ་དེ་བཞིན་མི་རྟག་འཆི་བ་སོམས།།

གཟུགས་ལང་ཚོ་གསར་བའི་པད་འདབ་ལ།།
ལུས་སྣང་བའི་རྣམ་ཤེས་སྦྲང་མ་འཁོར།།
དེ་ཡིན་ཡང་ལོ་ཟླའི་འགྱུར་བག་ལས།།
མདངས་བཀྲག་བཅུད་མ་ལུས་ཡལ་བར་ངེས།།
དཔེ་དེ་བཞིན་མི་རྟག་འཆི་བ་སོམས།།

གཞོན་ཕོ་མའི་བརྩེ་བའི་འཁྲེང་ཞེན་ལ།།
འདང་སོ་དཀར་འོ་མས་འཆོད་ཁ་འཕེན།།
དེ་ཡིན་ཡང་འགྲོག་འདྲིས་རྒྱུན་ཙམ་ལས།།
ཡིད་འཁེང་ཚིག་དུག་འདས་གསོད་པ་ཡོད།།
དཔེ་དེ་བཞིན་མི་རྟག་འཆི་བ་སོམས།།

ན་སྤང་ཐང་གཡེར་མོའི་ཁུགས་པ་རུ།།
མདོག་མི་གཅིག་མེ་ཏོག་སྣ་བརྒྱ་ཤར།།
དེ་ཡིན་ཡང་སྟོན་རླུང་བསེར་བུ་ཡིས།།
ཡུན་མི་རིང་ཚེ་སྲོག་བཅོམ་པར་ལྟོས།།
དཔེ་དེ་བཞིན་མི་རྟག་འཆི་བ་སོམས།།

ཆུང་བྱིས་པའི་མི་ཚེ་དྭངས་མ་དེ།།
དུས་ད་ལྟ་དྲན་ཡང་ཐུགས་ཡིད་འཕྲོག།
དེ་ཡིན་ཡང་རང་ཅག་ཡུ་བུ་ཚོ།།
གཞོན་དར་མའི་ཚེ་ཡི་སྣེ་ཡང་ཤོར།།
དཔེ་དེ་བཞིན་མི་རྟག་འཆི་བ་སོམས།།

རྒས་སྐྲ་དཀར་བྱམས་བརྩེ་ཕ་མ་ཚོ།།
ཆུང་འུ་ཚོ་འདྲ་བར་མི་ཚེ་བསྐྱལ།།
དེ་ཡིན་ཡང་ད་ཚོད་རྒ་བ་ཡིས།།
ལུས་ཚོགས་དྲུག་རིག་པ་ནང་དུ་བསྡུས།།
དཔེ་དེ་བཞིན་མི་རྟག་འཆི་བ་སོམས།།

ཡུལ་མི་རྟག་ལྷོ་སྤྲིན་རང་འཐིབ་དང་།།
སེམས་མི་རྟག་ཚེར་མགོའི་བྱེའུ་ཆུང་བཞིན།།
བློ་ངེས་ཤེས་གཏིང་ནས་སྐྱེས་པ་ན།།
ཆོས་དགེ་བ་ངང་གིས་འབྱུང་བ་ཡོད།།
དོན་དེའི་ཕྱིར་མི་རྟག་འཆི་བ་སོམས།།

ལས་སྐལ་བ་གཅིག་པའི་ཆོས་གྲོགས་དང་།།
རང་འབྲེལ་བ་ཐོགས་པའི་སེམས་ཅན་ཀུན།།
རྒྱུད་རྟག་འཛིན་རྙི་ལས་ཐར་བ་དང་།།
རྟེན་དལ་འབྱོར་མི་ལུས་བཟང་བོ་ཡི།།
དོན་འབྲས་བཟང་ལོན་པའི་སྨོན་ལམ་འདེབས།།
                                2019 9 20

འཕྲིན་ཡིག་ནོར་བུའི་གཏེར་ཆེན།

གྲོགས་ཁྱེད་རང་ད་བར་དབེན་གནས་སུ།།
ཆོས་གདོད་མའི་མགོན་པོ་རྒྱལ་བ་ཁོང་།།
ཞལ་མཇལ་ཙམ་གདམས་ངག་ཐོས་ཙམ་གྱིས།།
དོན་ཉམས་ལེན་བྲག་རིའི་སྤྱིལ་ཤག་ཏུ།།
ཐུགས་སྤྲོ་བ་འཕེལ་བཞིན་ཨེ་བཞུགས་ལགས།།

གྲོགས་ཁྱེད་ཀྱི་གཟིམས་ཆུང་སྒོ་སྲུབ་ནས།།
རླུང་སིལ་བུ་དལ་གྱིས་ལྡང་བ་ན།།
སྐུ་མདངས་ལྡན་ཕྱག་གི་ཡལ་ག་ནས།།
རྐྱེན་བར་ཆད་གློག་གི་གར་རྩེན་ཏེ།།
ནད་འབྱུང་བཞིས་འཁྲུག་པ་ཨེ་བྱུང་ལགས།།

གྲོགས་ཁྱེད་ཀྱི་སྒེའུ་ཁུང་ཕྱི་རོལ་ནས།།
ཡུལ་མི་རྟག་སྒྱུ་མའི་ཆོ་འཕྲུལ་ལས།།
འཇའ་ད་ཤར་ཡང་ན་ད་ནུབ་ཅིང་།།
སྟོན་ལོ་མས་སེར་ཐིག་ཁུར་ཙ་ན།།
ཚེ་མི་རྟག་དྲན་ནས་ཨེ་སྐྱོ་ལགས།།

གྲོགས་ཁྱེད་ཀྱི་ཉམས་ལེན་གངས་རི་ལ།།
འོད་སྤུངས་སེ་ཐབས་ཤེས་གཉིས་ཕོག་ནས།།
ནང་སེམས་ཉིད་དག་པའི་ངོ་བོ་ཡི།།
གཞི་རང་བྱུང་སྐྱེ་མེད་དགའ་མ་ལ།།
ངོ་འཕྲོད་ཙམ་བྱུང་ནས་ཨེ་གདའ་ལགས།།

གྲོགས་ཁྱེད་ཀྱི་རང་ལུས་དཀྱིལ་འཁོར་ནས།།
འཇའ་འོད་ཆེན་ཁུག་པ་བཅོ་བརྒྱད་ཙམ།།
རྒྱང་སེང་ངེ་སྟོང་པའི་དབྱིངས་འཕགས་ཏེ།།
ལྷ་འབུམ་ཕྲག་དགྱེས་པའི་གླུ་བླངས་ཤིང་།།
བྲོ་གཟི་བྱིན་འཐིབ་པ་ཨེ་གཟིགས་སམ།།

སྐབས་ལན་རེར་གྲོགས་ཁྱེད་རང་སྣང་ལ།།
རྒྱུད་མ་དག་སྐྱེ་བོ་ཨེ་མཐོང་ངམ།།
ཡུལ་མཐའ་མེད་འཁོར་བའི་རི་གྲོང་གི།།
བློ་ཆགས་སྡང་མེ་ཏོག་ཨེ་ཐུས་སམ།།
དོན་དེ་འདྲ་བྱུང་ཚེ་ཅི་མཛད་ལགས།།

དཔེ་དེ་བཞིན་དྲན་འཛིན་ཤེལ་སྒོང་ལས།།
སྐྱིད་སྙིང་གྲོགས་བརྩེ་བའི་རོ་འཛིན་མའི།།
ལུས་འཇམ་མཉེན་པདྨའི་རེག་བྱ་ལ།།
སེམས་སྦྲང་ཆུང་འཁོར་བ་ཨེ་འདུག་གམ།།
དོན་དེ་འདྲ་བྱུང་ཚེ་ཅི་མཛད་ལགས།།

གྲོགས་ཁྱེད་ཀྱི་ཐུགས་གཤིས་སྤྲིན་དཀར་བཞིན།།
དཀར་ལམ་མེ་ལང་ལོང་འཁྲིགས་པ་དང་།།
ཞལ་འཛུམ་བག་དང་བཅས་བཞད་པ་སོགས།།
དུས་ད་ལྟ་ཡིད་ཡུལ་ལྷུང་བའི་དུས།།
གྲོགས་དྲན་པའི་སྐྱོ་ཤེས་སླར་ཡང་ལྡིང་།།

དེ་ཡིན་ཡང་ཆོས་དརྒྱད་འཁོར་ལོ་ལ།།
བློ་ངེས་འབྱུང་གཏིང་ནས་སྐྱེ་བ་དང་།།
ཡིད་དག་སྣང་ལྷ་སྐུའི་རང་ཞལ་ལ།།
ཐུགས་གཅིག་འདྲིས་ངང་ཚུལ་དྲན་པ་ན།།
བདག་ཁོང་ནས་དགའ་བ་ལན་གཅིག་མིན།།
                       ཆོས་ཀྱི་གྲོགས་པོ་ཞིག་གིས་དབེན་གནས་འགྲིམས་ཏེ་ཡུན་རིང་འདས་པ་ཐོས་རྗེས་ཐོལ་བྱུང་དུ་2019 9 21ལ་སྦྱར་རོ།།

 

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀུན་ཏུ་དགའ་བའི་གླུ།(ཞར་བཀོད་བཞི་ཡོད)

2019-12-11 འབར་བློ་དཀར།(རྫོང་སར) ཀློག་གྲངས། མཆན ཡོད།
ཁྱེད་རང་ནགས་ཚལ་སྔོན་པོ་འདི་བརྒྱུད་ནས།།
གང་དུ་ཕེབས་སམ་རི་དྭགས་མིག་ཅན་མ།།
ལྷུང་ལྷུང་འབབ་པའི་ཆུ་ཕྲན་དྭངས་མོ་དེ།།
ཁྱེད་ཀྱིས་རྐང་རྗེན་བརྒལ་བ་ཕོད་དམ་ཅི།།
གནས་འདིར་ཡིད་འོང་གླིང་ཕྲན་མང་པོ་ཡོད།།
ཁྱེད་ཀྱི་མིག་གི་བུང་བ་འཕུར་ཙམ་གྱིས།།
གནས་འདིར་སྡུག་པའི་མུན་ཁང་དུ་མ་ཡོད།།
ཁྱེད་ཀྱི་ཟླ་བའི་མ་མའང་སྟོན་ཙམ་མཛོད།།
དེའི་ཞོར་སྐུ་ངལ་ཅུང་ཟད་གསོས་ཤིག་དང་།།
བྲེལ་བའི་དོན་ནི་གང་ཡང་མ་མཆིས་སོ།།

འཇིག་རྟེན་སྐྱེད་ཚལ་ལུག་མིག་མེ་ཏོག་བཞད།།
ཐམས་ཅད་བརྩེ་བའི་སྦྲང་རྩི་ཡང་ནི་ཆགས།།
དེ་ལྟ་ན་ཡང་ཀུན་ཏུ་དགའ་བའི་གླུ།།
ང་ཡིས་ལེན་མི་ཕོད་པས་ཁྱེད་ཀྱིས་ལོངས།།
ཁྱེད་ནི་མཐོང་སྣང་གཅིག་ཏུ་དབྱངས་ཅན་མའི།།
ཕྱག་གི་པི་ཝང་ཇི་བཞིན་སྙན་ཞིང་འཇེབས།།
མཐོང་སྣང་གཅིག་ཏུ་ཁྱེད་ནི་འདོད་འཇོ་མའི།།
བུམ་བཟང་ཇི་བཞིན་འགྲོ་ཀུན་གདུང་བའང་སེལ།།

ལྷག་པར་ཁྱེད་ཀྱི་ཆགས་པའི་མིག་ནང་དུ།།
ལྷུང་བའི་ཟླ་བ་དག་གིས་ཅི་ཡང་མཚོན།།

                                 2019  11  28

དགའ་བྱེད་ཚལ་གྱི་རི་དྭགས།

ཁྱེད་ལུས་སེང་ལྡེང་ནགས་ཚལ་གྱི།།
ཚེར་མའི་སྙིང་པོར་གྱུར་བ་ན།།
བདག་ནི་ཡང་ཡང་ཕུག་པ་ཡི།།
མི་མཆོག་སྟོན་པའི་ཞབས་ཆག་ཡིན།།
ཁྱེད་མིག་པདྨའི་སྡོང་བོ་ཡི།།
གེ་སར་དང་བཅས་དགོད་པ་ན།།
བདག་ནི་བུང་བ་ཆུང་ངུ་ལ།།
སྤྲུལ་ནས་ཁྱོད་རང་དཀྲིས་གསུམ་བརྒྱབ།།
ཁྱེད་ཞལ་ཟླ་བའི་ཚུལ་གྱིས་སུ།།
འཇིག་རྟེན་སྨག་རིམ་བསལ་བ་ན།།
བདག་ནི་ཀུ་མུད་གཞོན་ནུ་སྟེ།།
རྣམ་ཀུན་བརྩེ་བའི་འདབ་མ་གྲོལ།།
ཁྱེད་སེམས་ཡངས་པའི་སྐྱེད་ཚལ་གྱི།།
ཆུ་ཀླུང་ཇི་བཞིན་འབབ་པ་ན།།
བདག་ནི་ཆུ་འགྲམ་བྱེ་མ་ཡི།།
ནང་དུ་ཟགས་པའི་རྗེས་ཤུལ་ཡིན།།
ཁྱེད་ཕྱག་སྤྲིན་དཀར་ཡུག་གཅིག་སྟེ།།
ལྷོ་རུ་བརྐྱངས་པ་དེ་ཡིན་ན།།
བདག་ནི་ཡངས་པའི་ནམ་མཁའ་ནས།།
ཁྱོད་རང་དེད་པའི་རླུང་བུ་ཡིན།།
ཁྱེད་ཀྱི་རྒྱན་གོས་ཟ་འོག་མ།།
ནགས་ཚལ་ཇི་བཞིན་འཁྲུགས་པ་ན།།
བདག་ནི་ཡལ་གར་འབྱར་བ་ཡི།།
སྨིན་མ་སྨིན་པའི་ཤིང་ཏོག་ཡིན།།
ཁྱེད་ཀྱི་རྐང་རྒྱན་གདུབ་བུ་མ།།
སིལ་སིལ་སྒྲ་བཅས་འགུལ་བ་ན།།
བདག་སྙིང་ཟུག་པའི་འབུ་སྲིན་ཡང་།།
དྲན་པའི་རྒྱ་ལས་ཡང་ཡང་དཀྲོགས།།

                                 2019  11  18

ཆུ་པདྨ།

མཚན་མོ་མཁའ་ལ་རྒྱུ་སྐར་གྲངས་མེད་ཚེས།།
སྙིང་སྡུག་ཟླ་གཞོན་ལ་མོ་རྒྱབ་ནས་ཕེབས།།
མུན་པའི་ཕྱེད་ཀ་སེམས་ཀྱི་ཁང་སྟོང་རུབས།།
དེ་ཚེ་ཡང་ཡང་ངུ་བའི་ཆུ་པདྨ།།
རྨི་ལམ་ཆུ་མོ་ཤག་ཤག་དང་བཅས་ཏེ།།
ལ་རྒྱབ་གངས་ཐང་བརྒྱུད་ནས་ས་མཐའ་སྐོར།།
གློ་རྡེག་བལྟས་པས་ཟླ་བ་ཆུ་ནང་ཁུར།།
དེ་ཚེ་ཡང་ཡང་དགོད་པའི་ཆུ་པདྨ།།
ངག་གི་གླིང་བུ་མ་བུས་རྒྱང་ནས་གྲག།
ཚེ་ཡི་ལྕགས་གདང་སྟེང་དུ་བྱ་ཡང་བབས།།
སྙིང་པོས་སྟོང་བ་དག་ནི་སྙིང་པོར་གནས།།
དེ་ཚེ་ཡང་ཡང་འཁྲུལ་བའི་ཆུ་པདྨ།།
                                2019  12  3

ཚེ་མི་རྟག་པ་དྲན་པའི་མགུར་བྲག་ཐེམ་བྱེའུ་ཆུང་འཕུར་བའི་གཤོག་སྒྲ།

གཞི་མ་བཅོས་རིག་པ་སྟོང་གསལ་ངང་།།
བློ་རྣམ་རྟོག་རྐྱང་ཤེས་འགྲོས་ལྡན་ལས།།
གླུ་ཤུགས་འབྱུང་རྡོ་རྗེ་འཚེར་སྐད་འདི།།
བུ་མོས་པ་སྐྱེད་ཕྱིར་འབུལ་ལགས་ན།།
སེམས་ངལ་དུབ་སྤྲིན་ཕུང་འཐིབ་པ་རུ།།
རླུང་རྡོ་རྗེ་རྒྱ་གྲམ་བཏབ་པ་ལྟར།།
དབྱིངས་ནམ་མཁའ་སྒྲིབ་མེད་སངས་པ་བཞིན།།
ཐུགས་སྤྲོ་བ་འཕེལ་བའི་རྒྱུ་ཙམ་ཤོག།

དཔེ་ཐང་ཡན་རི་དྭགས་རྒྱུ་བ་དང་།།
དོན་ལག་འཐིལ་རྡེའུ་བླངས་པ་སྟེ།།
ཚིག་གོས་ཆེན་ཐིག་ལེ་སྒྲིག་པ་ཡི།།
ངག་དཔགས་བསམ་ལྗོན་པའི་འབྲས་བཟང་འདི།།
ཁྱེད་སྐལ་ལྡན་དགའ་བའི་གྲོགས་སུ་ཤར།།

ཤར་ཁྲི་གདུགས་ཉི་མས་གླིང་བཞི་སྐོར།།
འོད་སེར་པོའི་སྐྱེ་འགྲོའི་མུན་པ་སངས།།
དེ་ཡིན་ཡང་ནུབ་རིར་བརྒལ་ཙ་ན།།
ནག་ཡོར་སེ་གྲིབ་མས་ས་ཆེན་ཁེབས།།
དཔེ་དེ་བཞིན་མི་རྟག་འཆི་བ་སོམས།།

གཟུགས་ལང་ཚོ་གསར་བའི་པད་འདབ་ལ།།
ལུས་སྣང་བའི་རྣམ་ཤེས་སྦྲང་མ་འཁོར།།
དེ་ཡིན་ཡང་ལོ་ཟླའི་འགྱུར་བག་ལས།།
མདངས་བཀྲག་བཅུད་མ་ལུས་ཡལ་བར་ངེས།།
དཔེ་དེ་བཞིན་མི་རྟག་འཆི་བ་སོམས།།

གཞོན་ཕོ་མའི་བརྩེ་བའི་འཁྲེང་ཞེན་ལ།།
འདང་སོ་དཀར་འོ་མས་འཆོད་ཁ་འཕེན།།
དེ་ཡིན་ཡང་འགྲོག་འདྲིས་རྒྱུན་ཙམ་ལས།།
ཡིད་འཁེང་ཚིག་དུག་འདས་གསོད་པ་ཡོད།།
དཔེ་དེ་བཞིན་མི་རྟག་འཆི་བ་སོམས།།

ན་སྤང་ཐང་གཡེར་མོའི་ཁུགས་པ་རུ།།
མདོག་མི་གཅིག་མེ་ཏོག་སྣ་བརྒྱ་ཤར།།
དེ་ཡིན་ཡང་སྟོན་རླུང་བསེར་བུ་ཡིས།།
ཡུན་མི་རིང་ཚེ་སྲོག་བཅོམ་པར་ལྟོས།།
དཔེ་དེ་བཞིན་མི་རྟག་འཆི་བ་སོམས།།

ཆུང་བྱིས་པའི་མི་ཚེ་དྭངས་མ་དེ།།
དུས་ད་ལྟ་དྲན་ཡང་ཐུགས་ཡིད་འཕྲོག།
དེ་ཡིན་ཡང་རང་ཅག་ཡུ་བུ་ཚོ།།
གཞོན་དར་མའི་ཚེ་ཡི་སྣེ་ཡང་ཤོར།།
དཔེ་དེ་བཞིན་མི་རྟག་འཆི་བ་སོམས།།

རྒས་སྐྲ་དཀར་བྱམས་བརྩེ་ཕ་མ་ཚོ།།
ཆུང་འུ་ཚོ་འདྲ་བར་མི་ཚེ་བསྐྱལ།།
དེ་ཡིན་ཡང་ད་ཚོད་རྒ་བ་ཡིས།།
ལུས་ཚོགས་དྲུག་རིག་པ་ནང་དུ་བསྡུས།།
དཔེ་དེ་བཞིན་མི་རྟག་འཆི་བ་སོམས།།

ཡུལ་མི་རྟག་ལྷོ་སྤྲིན་རང་འཐིབ་དང་།།
སེམས་མི་རྟག་ཚེར་མགོའི་བྱེའུ་ཆུང་བཞིན།།
བློ་ངེས་ཤེས་གཏིང་ནས་སྐྱེས་པ་ན།།
ཆོས་དགེ་བ་ངང་གིས་འབྱུང་བ་ཡོད།།
དོན་དེའི་ཕྱིར་མི་རྟག་འཆི་བ་སོམས།།

ལས་སྐལ་བ་གཅིག་པའི་ཆོས་གྲོགས་དང་།།
རང་འབྲེལ་བ་ཐོགས་པའི་སེམས་ཅན་ཀུན།།
རྒྱུད་རྟག་འཛིན་རྙི་ལས་ཐར་བ་དང་།།
རྟེན་དལ་འབྱོར་མི་ལུས་བཟང་བོ་ཡི།།
དོན་འབྲས་བཟང་ལོན་པའི་སྨོན་ལམ་འདེབས།།
                                2019 9 20

འཕྲིན་ཡིག་ནོར་བུའི་གཏེར་ཆེན།

གྲོགས་ཁྱེད་རང་ད་བར་དབེན་གནས་སུ།།
ཆོས་གདོད་མའི་མགོན་པོ་རྒྱལ་བ་ཁོང་།།
ཞལ་མཇལ་ཙམ་གདམས་ངག་ཐོས་ཙམ་གྱིས།།
དོན་ཉམས་ལེན་བྲག་རིའི་སྤྱིལ་ཤག་ཏུ།།
ཐུགས་སྤྲོ་བ་འཕེལ་བཞིན་ཨེ་བཞུགས་ལགས།།

གྲོགས་ཁྱེད་ཀྱི་གཟིམས་ཆུང་སྒོ་སྲུབ་ནས།།
རླུང་སིལ་བུ་དལ་གྱིས་ལྡང་བ་ན།།
སྐུ་མདངས་ལྡན་ཕྱག་གི་ཡལ་ག་ནས།།
རྐྱེན་བར་ཆད་གློག་གི་གར་རྩེན་ཏེ།།
ནད་འབྱུང་བཞིས་འཁྲུག་པ་ཨེ་བྱུང་ལགས།།

གྲོགས་ཁྱེད་ཀྱི་སྒེའུ་ཁུང་ཕྱི་རོལ་ནས།།
ཡུལ་མི་རྟག་སྒྱུ་མའི་ཆོ་འཕྲུལ་ལས།།
འཇའ་ད་ཤར་ཡང་ན་ད་ནུབ་ཅིང་།།
སྟོན་ལོ་མས་སེར་ཐིག་ཁུར་ཙ་ན།།
ཚེ་མི་རྟག་དྲན་ནས་ཨེ་སྐྱོ་ལགས།།

གྲོགས་ཁྱེད་ཀྱི་ཉམས་ལེན་གངས་རི་ལ།།
འོད་སྤུངས་སེ་ཐབས་ཤེས་གཉིས་ཕོག་ནས།།
ནང་སེམས་ཉིད་དག་པའི་ངོ་བོ་ཡི།།
གཞི་རང་བྱུང་སྐྱེ་མེད་དགའ་མ་ལ།།
ངོ་འཕྲོད་ཙམ་བྱུང་ནས་ཨེ་གདའ་ལགས།།

གྲོགས་ཁྱེད་ཀྱི་རང་ལུས་དཀྱིལ་འཁོར་ནས།།
འཇའ་འོད་ཆེན་ཁུག་པ་བཅོ་བརྒྱད་ཙམ།།
རྒྱང་སེང་ངེ་སྟོང་པའི་དབྱིངས་འཕགས་ཏེ།།
ལྷ་འབུམ་ཕྲག་དགྱེས་པའི་གླུ་བླངས་ཤིང་།།
བྲོ་གཟི་བྱིན་འཐིབ་པ་ཨེ་གཟིགས་སམ།།

སྐབས་ལན་རེར་གྲོགས་ཁྱེད་རང་སྣང་ལ།།
རྒྱུད་མ་དག་སྐྱེ་བོ་ཨེ་མཐོང་ངམ།།
ཡུལ་མཐའ་མེད་འཁོར་བའི་རི་གྲོང་གི།།
བློ་ཆགས་སྡང་མེ་ཏོག་ཨེ་ཐུས་སམ།།
དོན་དེ་འདྲ་བྱུང་ཚེ་ཅི་མཛད་ལགས།།

དཔེ་དེ་བཞིན་དྲན་འཛིན་ཤེལ་སྒོང་ལས།།
སྐྱིད་སྙིང་གྲོགས་བརྩེ་བའི་རོ་འཛིན་མའི།།
ལུས་འཇམ་མཉེན་པདྨའི་རེག་བྱ་ལ།།
སེམས་སྦྲང་ཆུང་འཁོར་བ་ཨེ་འདུག་གམ།།
དོན་དེ་འདྲ་བྱུང་ཚེ་ཅི་མཛད་ལགས།།

གྲོགས་ཁྱེད་ཀྱི་ཐུགས་གཤིས་སྤྲིན་དཀར་བཞིན།།
དཀར་ལམ་མེ་ལང་ལོང་འཁྲིགས་པ་དང་།།
ཞལ་འཛུམ་བག་དང་བཅས་བཞད་པ་སོགས།།
དུས་ད་ལྟ་ཡིད་ཡུལ་ལྷུང་བའི་དུས།།
གྲོགས་དྲན་པའི་སྐྱོ་ཤེས་སླར་ཡང་ལྡིང་།།

དེ་ཡིན་ཡང་ཆོས་དརྒྱད་འཁོར་ལོ་ལ།།
བློ་ངེས་འབྱུང་གཏིང་ནས་སྐྱེ་བ་དང་།།
ཡིད་དག་སྣང་ལྷ་སྐུའི་རང་ཞལ་ལ།།
ཐུགས་གཅིག་འདྲིས་ངང་ཚུལ་དྲན་པ་ན།།
བདག་ཁོང་ནས་དགའ་བ་ལན་གཅིག་མིན།།
                       ཆོས་ཀྱི་གྲོགས་པོ་ཞིག་གིས་དབེན་གནས་འགྲིམས་ཏེ་ཡུན་རིང་འདས་པ་ཐོས་རྗེས་ཐོལ་བྱུང་དུ་2019 9 21ལ་སྦྱར་རོ།།

 

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།