ང་སྐྱེ་བ་ཕྱི་མར་བོད་ལ་སྐྱེ་བར་ཤོག

སྨན་སྒང་མདའ་སྨྱོན།(སྡེ་དགེ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-02-23
རྣམ་ཤེས་གཉོམ་པོ་འཕུར་བའི་ལྡིང་ཁང་དུ།།
དྲིན་དུ་ཆེ་བའི་མ་ལོའི་གཡང་འབོད་ཚིག།
སྙན་ཚིག་རྒྱུད་མང་སྟོང་གིས་བསྒྲུན་དུ་མེད།།
སྐད་ཅིག་དེ་ཉིད་མ་ལོའི་ཕང་བར་རྩེན།།
 
བྱམས་བརྩེའི་སྙིང་པོ་དབྱངས་ལ་བརྒྱུས་ནས་སུ།།
བདེན་པ་མཐར་ཐུག་ཡབ་ཡུམ་སྙིང་གཏམ་ལས།།
གཞལ་མེད་ནོར་གྱི་ཟླ་བོའི་བསླབ་བྱའི་འཕྲུལ།།
བདག་བློའི་ཡིད་ཀྱི་གསེབ་ཏུ་བཞད་པར་གྱུར།།
 
རང་ཡུལ་མཛེས་ཚོན་ལྡན་པའི་གངས་ཅན་ཕྱོགས།།
རང་ནོར་དབྱངས་གསལ་སོ་བཞིའི་གོམ་སྟབས་ཆེ།།
རང་ལུགས་ཆས་གོས་ཉམས་ལྡན་ལྷབ་ལྷུབ་རིས།།
རང་བྱུང་སྙིང་གི་དབུས་སུ་བག་ཆགས་བརྟན།།
 
མཐའ་འཛིན་བློ་གྲོས་གཞོན་ནུ་སྙིང་དུ་སྡུག།
མཐའ་དབུས་མེད་པར་དགེ་བའི་དཔལ་གྱིས་ཁྱབ།།
མཐའ་ཀླས་འགྲོ་བའི་མིག་གི་དཔེར་ཤར་བའི།།
མཐའ་གཉིས་སྤངས་པའི་ལུགས་དེ་བློ་རུ་འཛུམ།།

གང་ལ་བལྟས་ཀྱང་ཚིམ་མེད་གངས་ཅན་ལྗོངས།།
གང་ཞིག་བསྟེན་ན་བསླུ་མེད་ཕ་མའི་གསུང་།།
གང་ཞིག་བསླབས་ཀྱང་སྙིང་གི་དྲན་ཤིང་མཆོག།
གང་གི་སྐད་ཡིག་ཉི་ཟླའི་དཔལ་ལ་ཆགས།།
 
གཏེར་གྱི་བུམ་པ་བཟང་པོའི་འདོད་རྒུ་མཛོད།།
མཐར་ཐུག་གནས་སྐབས་བདེ་བའི་དྲོད་ཁོལ་སྩོལ།།
གདོད་ནས་འདི་ཡི་རིགས་སུ་སྐྱེས་གྱུར་ཅིང་།།
ནམ་ཡང་འདི་པའི་ལུགས་ལས་མ་བྲལ་ཤོག།
 
སྐྱེ་བ་འདི་ལས་གོལ་བའི་ཕྱི་ལོགས་སུ།།
ཁྱད་ཅན་རྣམ་ཤེས་སྲིད་པ་བསྐྱར་ལེན་ཚེ།།
གངས་ཅན་ཤེས་རིག་ནོར་བུའི་གྲོང་ཁྱེར་དུ།།
ང་ཉིད་ཡོང་བའི་འདོད་པ་འགོག་མེད་ཡིན།།
 
སྨོན་ལམ་རིག་པའི་མངལ་ལས་སྐྱེས་གྱུར་ཅིང་།།
སྨོན་ཚིག་འབུམ་ཕྲག་གསེབ་ནས་མཆོག་གྱུར་པ།།
སྨོན་འདུན་བོད་ཕྲུག་རྣལ་མའི་སྐྱེ་སྲིད་ཅིག།
སྨོན་རྟ་སྙན་མོ་ཞིག་གིས་འདྲེན་པར་བྱེད།།

རྩོམ་སྒྲིག་པ། དབང་མོ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་སྐྱེ་བ་ཕྱི་མར་བོད་ལ་སྐྱེ་བར་ཤོག

2020-02-23 སྨན་སྒང་མདའ་སྨྱོན།(སྡེ་དགེ) ཀློག་གྲངས། མཆན ཡོད།
རྣམ་ཤེས་གཉོམ་པོ་འཕུར་བའི་ལྡིང་ཁང་དུ།།
དྲིན་དུ་ཆེ་བའི་མ་ལོའི་གཡང་འབོད་ཚིག།
སྙན་ཚིག་རྒྱུད་མང་སྟོང་གིས་བསྒྲུན་དུ་མེད།།
སྐད་ཅིག་དེ་ཉིད་མ་ལོའི་ཕང་བར་རྩེན།།
 
བྱམས་བརྩེའི་སྙིང་པོ་དབྱངས་ལ་བརྒྱུས་ནས་སུ།།
བདེན་པ་མཐར་ཐུག་ཡབ་ཡུམ་སྙིང་གཏམ་ལས།།
གཞལ་མེད་ནོར་གྱི་ཟླ་བོའི་བསླབ་བྱའི་འཕྲུལ།།
བདག་བློའི་ཡིད་ཀྱི་གསེབ་ཏུ་བཞད་པར་གྱུར།།
 
རང་ཡུལ་མཛེས་ཚོན་ལྡན་པའི་གངས་ཅན་ཕྱོགས།།
རང་ནོར་དབྱངས་གསལ་སོ་བཞིའི་གོམ་སྟབས་ཆེ།།
རང་ལུགས་ཆས་གོས་ཉམས་ལྡན་ལྷབ་ལྷུབ་རིས།།
རང་བྱུང་སྙིང་གི་དབུས་སུ་བག་ཆགས་བརྟན།།
 
མཐའ་འཛིན་བློ་གྲོས་གཞོན་ནུ་སྙིང་དུ་སྡུག།
མཐའ་དབུས་མེད་པར་དགེ་བའི་དཔལ་གྱིས་ཁྱབ།།
མཐའ་ཀླས་འགྲོ་བའི་མིག་གི་དཔེར་ཤར་བའི།།
མཐའ་གཉིས་སྤངས་པའི་ལུགས་དེ་བློ་རུ་འཛུམ།།

གང་ལ་བལྟས་ཀྱང་ཚིམ་མེད་གངས་ཅན་ལྗོངས།།
གང་ཞིག་བསྟེན་ན་བསླུ་མེད་ཕ་མའི་གསུང་།།
གང་ཞིག་བསླབས་ཀྱང་སྙིང་གི་དྲན་ཤིང་མཆོག།
གང་གི་སྐད་ཡིག་ཉི་ཟླའི་དཔལ་ལ་ཆགས།།
 
གཏེར་གྱི་བུམ་པ་བཟང་པོའི་འདོད་རྒུ་མཛོད།།
མཐར་ཐུག་གནས་སྐབས་བདེ་བའི་དྲོད་ཁོལ་སྩོལ།།
གདོད་ནས་འདི་ཡི་རིགས་སུ་སྐྱེས་གྱུར་ཅིང་།།
ནམ་ཡང་འདི་པའི་ལུགས་ལས་མ་བྲལ་ཤོག།
 
སྐྱེ་བ་འདི་ལས་གོལ་བའི་ཕྱི་ལོགས་སུ།།
ཁྱད་ཅན་རྣམ་ཤེས་སྲིད་པ་བསྐྱར་ལེན་ཚེ།།
གངས་ཅན་ཤེས་རིག་ནོར་བུའི་གྲོང་ཁྱེར་དུ།།
ང་ཉིད་ཡོང་བའི་འདོད་པ་འགོག་མེད་ཡིན།།
 
སྨོན་ལམ་རིག་པའི་མངལ་ལས་སྐྱེས་གྱུར་ཅིང་།།
སྨོན་ཚིག་འབུམ་ཕྲག་གསེབ་ནས་མཆོག་གྱུར་པ།།
སྨོན་འདུན་བོད་ཕྲུག་རྣལ་མའི་སྐྱེ་སྲིད་ཅིག།
སྨོན་རྟ་སྙན་མོ་ཞིག་གིས་འདྲེན་པར་བྱེད།།

རྩོམ་སྒྲིག་པ། དབང་མོ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།