ཚིག་གི་ཆོ་འཕྲུལ།(ཞར་བཀོད་གཉིས་ཡོད)

ཁམས་པ་རབ་དབྱངས།(རྫ་སྟོད) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-03-24

མི་ཚེ་འདི་ལ་གས་སྲུབས་མང་པོ་ཤོར། །
འཚོ་བ་འདི་ལ་དཀར་ནག་མང་པོ་མཐོང་། །
དྲན་འཁྲུལ་འདི་ལ་དགའ་སྐྱོ་སྣེ་མང་མྱོང་། །
དེ་ལས་ཚིག་གི་སྐྱེ་མཆེད་རྫོགས་པ་མིན། །
འཚོ་བ་འདི་འདྲ་ལས་ཀྱི་སྐལ་བ་ཡིན། །
མི་ཚེ་འདི་འདྲ་ཐོབ་ཤོར་ཟུང་འཇུག་ཡིན། །
སྙན་ངག་ཚིག་གི་སིལ་བུ་འཐོར་རྗེས་སུ། །
དགའ་སྐྱོ་སྣང་བ་དེ་དང་དེ་བཞིན་ཡིན། །
ཚོར་ཤེས་རླུང་བུ་རྒྱུ་བ་ཆད་རྗེས་སུ། །
མི་ཚེ་འདི་ཡང་དེ་ནས་མཇུག་བསྡུ་བྱེད། །

སྙན་ངག་འདི་ལ་ཚེ་ཕྱེད་འཆང་རྗེས་སུ། །
དབྱངས་ཅན་ལྷ་མོ་ཡིད་སྣང་མ་བོར་བྱས། །
ཚིག་གི་ཟློས་གར་མང་ཙམ་བྲིས་རྗེས་སུ། །
དབྱངས་ཀྱི་རོལ་སྐུད་གང་ཡོད་མ་ཤེས་སོང་། །
ཚོར་ཤེས་སྨུག་རླུང་བཞིན་དུ་ཇེ་འཁྲིགས་རེད། །
རྣམ་རྟོག་སྤྲིན་དཀར་བཞིན་དུ་ཇེ་གཡོ་རེེད། །
དགའ་སྐྱོ་གནམ་ངོ་བཞིན་དུ་ཇེ་འགྱུར་རེད། །
འདི་ཡང་ཚོར་འདུ་ཞིག་གི་ཆོ་འཕྲུལ་རེད། །

ལོ་ཟླ་མིག་ཆུས་བརླན་པའི་སྒལ་གཞུང་དུ། །
དྲན་སྣང་འདི་ཚོ་སེམས་ཀྱི་ཆོ་འཕྲུལ་རེད། །
འཆི་བའི་རྡུལ་རླུང་འཚུབ་སའི་རི་གྲོང་དུ། །
སྙན་ངག་འདི་དག་རླུང་གི་ཁུར་བཞིན་འདུག །
ཚིག་གི་ཕུང་པོ་རླུང་བུས་ཁྲེས་སུ་ཁུར། །
སྣང་བ་ཡན་པོ་སོས་ཀའི་གནམ་ངོ་འདྲ། །
དབྱངས་ཀྱི་ཟིལ་བ་ཡང་དུ་འཐོར་རྗེས་སུ། །
སྙན་ངག་འདི་དག་ཚོར་བའི་ན་བུན་ཡིན། །
ཤིན་ཏུ་ཡིད་ལ་འོང་བའི་ཐ་སྙད་འདིའི། །
ཁྱེད་ཀྱི་མཛེས་སྡུག་ཆ་ཚང་བསྒྲིབ་གྱུར་ན། །
ང་ཡི་ལུས་ངག་ཁྱེད་ལ་ཐོགས་པ་ནས། །
མེ་ཏོག་འདི་ཡང་ཚེ་ཕྱེད་ཞེ་འདང་ཡིན། །

དབྱངས་ཀྱི་དོན་ལ་རྫོགས་ཚིག་རིལ་བོར་བྲིས། །
སྙན་ངག་ལུས་ཀྱི་འཁྲི་ཤིང་རྫོགས་རྗེས་སུ། །
དབྱངས་ཅན་ངག་གི་རིག་བྱེད་ལྷོད་ཆ་ལ། །
མེ་ཏོག་ཚོགས་ཀྱིས་ལྡིང་སྐོར་བྱེད་བཞིན་འདུག །
ཚིག་གི་གདུང་བ་རིམ་གྱིས་མྱོང་གྱུར་ན། །
དྲན་སྣང་འདི་དག་དབྱངས་ཀྱི་རྩེ་ལ་ཐིམས། །
སྙན་ངག་འདི་ཡི་བརྗོད་བྱ་རིལ་བོ་ལ། །
དགའ་སྐྱོ་སྨྲེང་བ་ཡིད་ཡུལ་ངོས་ལ་ཤོར། །

སྙན་ངག་རླབས་ཀྱི་ཚོར་འདུ་གཉོམ་པོ་དག །
ཁྱེད་ལ་བྲིས་པའི་ལན་ཆགས་མང་ཀྱང་རུང་། །
མི་སེམས་འཁྱག་རོམ་འདྲ་བའི་སྡུག་ཡུས་འདི། །
སུ་ལ་སྨྲ་ནས་དོན་གྱི་བྱུང་རིམ་དངོས། །
དྲན་པ་དབྱངས་ཀྱི་རྒྱལ་མོ་འདི་དག་ནི། །
དབུ་མའི་ཚིག་གི་སྒྲ་དབྱངས་དོ་ཧ་ཡིན། །
ཡིད་འཛིན་སྤྲོས་པའི་ལྷོད་ཆ་འདི་དག་ལ། །
ཡིད་ཀྱི་རྣམ་འགྱུར་སེམས་ནས་ཇེ་གསལ་རེད། །

ཞུ་འཕྲིན་ལྷ་ཡི་མེ་ཏོག

རྒྱལ་ཀུན་མཁྱེན་པའི་རང་གཟུགས་ལྷག་པའི་ལྷ། །
དམར་སེར་ལི་ཁྲིའི་མདངས་ཀྱིས་རབ་མཛེས་པ། །
ཇི་སྙེད་ཤེས་བྱ་གཟིགས་པའི་མཚོན་རྣོན་གྱིས། །
ཀུན་ཏུ་ཡིད་ལ་བྱིན་རླབས་ཆར་སྙིལ་ཅིག །
རྨད་བྱུང་ལང་ཚོ་མཚོ་མོའི་རླབས་ལས་འཁྲུངས། །
རྒྱལ་སྲས་དབུས་ཀྱི་ཉ་གང་ཟླ་བ་དེའི། །
ངག་གི་དངོས་གྲུབ་སོ་མའི་དགའ་སྟོན་གྱིས། །
ཤེས་རབ་ལྷ་ཡི་རྒྱལ་ས་ཟིན་པར་ཤོག།
གཞོན་ནུའི་སྐུ་ཡི་ཆུ་ཁུར་མཛེས་པ་ལས། །
རྨད་བྱུང་ཚོགས་གཉིས་རླབས་ཀྱི་གྲུ་ཆར་འཇོ། །
ཤེས་རབ་ཉི་ཟླའི་དཀྱིལ་འཁོར་གསལ་བ་ཡིས། །
རྣམ་དཔྱོད་བློ་ཡི་སྣང་བ་རྒྱས་པར་ཤོག །
གཡོ་མེད་རྩེ་གཅིག་སྒོམ་པའི་ཏིང་འཛིན་དང་། །
ཟབ་མོའི་གནས་ལུགས་ངེས་པའི་ཤེས་རབ་ལྡན། །
མ་བཅོས་བརྩེ་བའི་དཔལ་ལྡན་ལྷག་པའི་ལྷ། །
བདག་བློའི་ཡིད་ཁར་རྩེ་གཅིག་གནས་པར་ཤོག །
སྐུ་ཡི་ལྷུན་པོར་ཉིན་བྱེད་བྱེ་བའི་འོད། །
ཀུན་ནས་འཕྲོས་པའི་མདངས་ལྟར་རབ་འཚེར་བའི། །
མཚན་དཔེའི་གཟི་བྱིན་ལྟ་བས་མི་ངོམ་པ། །
ཤེས་རབ་ལྷ་ཡིས་འོད་སྣང་སྦྱིན་གྱུར་ཅིག །
རྣམ་པར་དཔྱོད་པའི་ཤེས་རབ་མཐར་ཕྱིན་པའི། །
གཞན་སྡེ་ཕམ་བྱེད་སེང་གེའི་ང་རོ་ཅན། །
ཕུན་ཚོགས་ཡོན་ཏན་རྒྱ་མཚོའི་གཏེར་བརྡོལ་བའི། །
འཇམ་དབྱངས་ཉི་མའི་ཐུགས་རྗེས་སྐྱོང་གྱུར་ཅིག །
ཐུགས་རྒྱུད་གསང་གསུམ་ནོར་བུའི་ཕུང་པོ་ལ། །
སྣ་ཚོགས་ཕྲིན་ལས་རྩོལ་མེད་ལྷུན་གྱིས་གྲུབ། །
ཇི་སྙེད་མཁྱེན་པའི་ཡེ་ཤེས་རིན་ཆེན་གྲུ། །
ཤེས་བྱའི་ཆུ་གཏེར་ངོགས་སུ་ཐོགས་མེད་བགྲོད། །
     
སྙན་ཚིག་གི་སིལ་སྒྲ།  
                                 
འཇིགས་པ་བརྒྱད་སྐྱོས་གྲོལ་བའི་སྒྲོལ་མ་ལྷ།།
བརྩེ་བས་རྗེས་བཟུང་ཐུགས་རྗེས་རྩེན་ས་ཟིན། །
འཇིག་རྟེན་གཡོ་བ་མེད་པའི་སྒེག་ལྡན་མ། །
རྗེ་བཙུན་སྒྲོལ་མ་མཆོག་གི་དངོས་གྲུབ་སྩོལ། །

མ་ལུས་རྒྱལ་བའི་འཕྲིན་ལས་སྩོལ་མཛད་མ། །
རིག་བྱེད་དབྱངས་ཀྱི་དགའ་བའི་དཔལ་གྱི་ལྷ། །
དྲན་པ་བདག་གཅིག་ཡིན་པའི་རྣམ་འཕྲུལ་མ། །
བདག་ལ་གྲུབ་པའི་དངོས་གྲུབ་མཆོག་སྩོལ་ཅིག །

སྒྱུ་འཕྲུལ་ཞི་བའི་དཔལ་གྱི་ལྷ་མོ་ཀྱེ། །
སྐུ་ཞལ་སྔོན་མོའི་འཇིགས་པ་ཞི་བའི་ཕྱིར། །
ལང་ཚོ་སྒེག་པའི་ལྷ་མོ་ཆ་བྱད་ཅན། །
མཆོག་གི་རྒྱལ་ཡུམ་ཁྱེད་ལ་གུས་པས་འདུད། །

འཕགས་མ་རྣམས་ཀྱི་རྣམ་འཕྲུལ་ཉེར་གཅིག་མ། །
བྱིན་རླབས་འོད་ཀྱི་རྒྱ་མཚོའི་སྤྲིན་རྣམ་འཕྲོ། །
གང་གི་སྒྱུ་འཕྲུལ་དྲ་བའི་རིག་བྱེད་མ། །
ཇི་སྲིད་བདག་གི་མགོན་དུ་ཐུགས་བརྩེའི་ཕྱིར། །

རྒྱལ་ཡུམ་ལྷ་མོའི་ཐུགས་རྩེ་རིང་དུ་སྐྱོངས།།
རྒྱལ་ཡུམ་ལྷ་མོ་ཐུགས་ཡིད་བདག་ལ་འཕྲོ། །
རྒྱལ་ཡུམ་ལྷ་མོའི་དྲན་པ་ཡུམ་ཅིག་དག །
བདག་ལ་སྩོལ་ཅིག་སྭ་ཧཱ་ཏཱ་རེ་མ། །

མྱུར་མགྱོགས་རླུང་དང་འགྲོགས་པའི་འཕྲུལ་འཁོར་གྱིས། །
གང་གི་ཐུགས་བརྩེ་སོན་པའི་གོ་ཆ་རྫོགས། །
འཇིགས་པ་བརྒྱད་ལས་སྐྱོབ་པའི་མུན་སེལ་བ། །
དད་པའི་མེ་ཏོག་སྙིམ་གང་ཁྱེད་ལ་གཏོར། །

སྐུ་ཡི་བདག་ཉིད་བྱིན་རླབས་འོད་འཕྲོ་བ། །
གསུང་གི་སྒྲ་དབྱངས་ཚངས་པའི་ངག་གི་རྒྱན། །
ཐུགས་ཀྱི་རླབས་རྒྱུན་མཚོ་མོ་མ་དྲོས་ཀློང་། །
སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་རྫོགས། །

ཡི་དམ་ལྷ་ཡི་སྐུ་ཡི་ཕྱག་མཚན་པ། །
རྗེ་བཙུན་སྒྲོལ་མ་ཁྱེད་ལ་ཞི་བས་གུས། །
མཆོག་གི་དངོས་གྲུབ་བདག་ལ་བྱིན་རྗེས་སུ། །
མྱུར་སྐྱོབ་ཁྱེད་ལ་འདུན་པ་རིང་དུ་སྐྱོངས། །
རྩོམ་སྒྲིག་པ། ལྷ་སྐྱིད།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚིག་གི་ཆོ་འཕྲུལ།(ཞར་བཀོད་གཉིས་ཡོད)

2020-03-24 ཁམས་པ་རབ་དབྱངས།(རྫ་སྟོད) ཀློག་གྲངས། མཆན ཡོད།

མི་ཚེ་འདི་ལ་གས་སྲུབས་མང་པོ་ཤོར། །
འཚོ་བ་འདི་ལ་དཀར་ནག་མང་པོ་མཐོང་། །
དྲན་འཁྲུལ་འདི་ལ་དགའ་སྐྱོ་སྣེ་མང་མྱོང་། །
དེ་ལས་ཚིག་གི་སྐྱེ་མཆེད་རྫོགས་པ་མིན། །
འཚོ་བ་འདི་འདྲ་ལས་ཀྱི་སྐལ་བ་ཡིན། །
མི་ཚེ་འདི་འདྲ་ཐོབ་ཤོར་ཟུང་འཇུག་ཡིན། །
སྙན་ངག་ཚིག་གི་སིལ་བུ་འཐོར་རྗེས་སུ། །
དགའ་སྐྱོ་སྣང་བ་དེ་དང་དེ་བཞིན་ཡིན། །
ཚོར་ཤེས་རླུང་བུ་རྒྱུ་བ་ཆད་རྗེས་སུ། །
མི་ཚེ་འདི་ཡང་དེ་ནས་མཇུག་བསྡུ་བྱེད། །

སྙན་ངག་འདི་ལ་ཚེ་ཕྱེད་འཆང་རྗེས་སུ། །
དབྱངས་ཅན་ལྷ་མོ་ཡིད་སྣང་མ་བོར་བྱས། །
ཚིག་གི་ཟློས་གར་མང་ཙམ་བྲིས་རྗེས་སུ། །
དབྱངས་ཀྱི་རོལ་སྐུད་གང་ཡོད་མ་ཤེས་སོང་། །
ཚོར་ཤེས་སྨུག་རླུང་བཞིན་དུ་ཇེ་འཁྲིགས་རེད། །
རྣམ་རྟོག་སྤྲིན་དཀར་བཞིན་དུ་ཇེ་གཡོ་རེེད། །
དགའ་སྐྱོ་གནམ་ངོ་བཞིན་དུ་ཇེ་འགྱུར་རེད། །
འདི་ཡང་ཚོར་འདུ་ཞིག་གི་ཆོ་འཕྲུལ་རེད། །

ལོ་ཟླ་མིག་ཆུས་བརླན་པའི་སྒལ་གཞུང་དུ། །
དྲན་སྣང་འདི་ཚོ་སེམས་ཀྱི་ཆོ་འཕྲུལ་རེད། །
འཆི་བའི་རྡུལ་རླུང་འཚུབ་སའི་རི་གྲོང་དུ། །
སྙན་ངག་འདི་དག་རླུང་གི་ཁུར་བཞིན་འདུག །
ཚིག་གི་ཕུང་པོ་རླུང་བུས་ཁྲེས་སུ་ཁུར། །
སྣང་བ་ཡན་པོ་སོས་ཀའི་གནམ་ངོ་འདྲ། །
དབྱངས་ཀྱི་ཟིལ་བ་ཡང་དུ་འཐོར་རྗེས་སུ། །
སྙན་ངག་འདི་དག་ཚོར་བའི་ན་བུན་ཡིན། །
ཤིན་ཏུ་ཡིད་ལ་འོང་བའི་ཐ་སྙད་འདིའི། །
ཁྱེད་ཀྱི་མཛེས་སྡུག་ཆ་ཚང་བསྒྲིབ་གྱུར་ན། །
ང་ཡི་ལུས་ངག་ཁྱེད་ལ་ཐོགས་པ་ནས། །
མེ་ཏོག་འདི་ཡང་ཚེ་ཕྱེད་ཞེ་འདང་ཡིན། །

དབྱངས་ཀྱི་དོན་ལ་རྫོགས་ཚིག་རིལ་བོར་བྲིས། །
སྙན་ངག་ལུས་ཀྱི་འཁྲི་ཤིང་རྫོགས་རྗེས་སུ། །
དབྱངས་ཅན་ངག་གི་རིག་བྱེད་ལྷོད་ཆ་ལ། །
མེ་ཏོག་ཚོགས་ཀྱིས་ལྡིང་སྐོར་བྱེད་བཞིན་འདུག །
ཚིག་གི་གདུང་བ་རིམ་གྱིས་མྱོང་གྱུར་ན། །
དྲན་སྣང་འདི་དག་དབྱངས་ཀྱི་རྩེ་ལ་ཐིམས། །
སྙན་ངག་འདི་ཡི་བརྗོད་བྱ་རིལ་བོ་ལ། །
དགའ་སྐྱོ་སྨྲེང་བ་ཡིད་ཡུལ་ངོས་ལ་ཤོར། །

སྙན་ངག་རླབས་ཀྱི་ཚོར་འདུ་གཉོམ་པོ་དག །
ཁྱེད་ལ་བྲིས་པའི་ལན་ཆགས་མང་ཀྱང་རུང་། །
མི་སེམས་འཁྱག་རོམ་འདྲ་བའི་སྡུག་ཡུས་འདི། །
སུ་ལ་སྨྲ་ནས་དོན་གྱི་བྱུང་རིམ་དངོས། །
དྲན་པ་དབྱངས་ཀྱི་རྒྱལ་མོ་འདི་དག་ནི། །
དབུ་མའི་ཚིག་གི་སྒྲ་དབྱངས་དོ་ཧ་ཡིན། །
ཡིད་འཛིན་སྤྲོས་པའི་ལྷོད་ཆ་འདི་དག་ལ། །
ཡིད་ཀྱི་རྣམ་འགྱུར་སེམས་ནས་ཇེ་གསལ་རེད། །

ཞུ་འཕྲིན་ལྷ་ཡི་མེ་ཏོག

རྒྱལ་ཀུན་མཁྱེན་པའི་རང་གཟུགས་ལྷག་པའི་ལྷ། །
དམར་སེར་ལི་ཁྲིའི་མདངས་ཀྱིས་རབ་མཛེས་པ། །
ཇི་སྙེད་ཤེས་བྱ་གཟིགས་པའི་མཚོན་རྣོན་གྱིས། །
ཀུན་ཏུ་ཡིད་ལ་བྱིན་རླབས་ཆར་སྙིལ་ཅིག །
རྨད་བྱུང་ལང་ཚོ་མཚོ་མོའི་རླབས་ལས་འཁྲུངས། །
རྒྱལ་སྲས་དབུས་ཀྱི་ཉ་གང་ཟླ་བ་དེའི། །
ངག་གི་དངོས་གྲུབ་སོ་མའི་དགའ་སྟོན་གྱིས། །
ཤེས་རབ་ལྷ་ཡི་རྒྱལ་ས་ཟིན་པར་ཤོག།
གཞོན་ནུའི་སྐུ་ཡི་ཆུ་ཁུར་མཛེས་པ་ལས། །
རྨད་བྱུང་ཚོགས་གཉིས་རླབས་ཀྱི་གྲུ་ཆར་འཇོ། །
ཤེས་རབ་ཉི་ཟླའི་དཀྱིལ་འཁོར་གསལ་བ་ཡིས། །
རྣམ་དཔྱོད་བློ་ཡི་སྣང་བ་རྒྱས་པར་ཤོག །
གཡོ་མེད་རྩེ་གཅིག་སྒོམ་པའི་ཏིང་འཛིན་དང་། །
ཟབ་མོའི་གནས་ལུགས་ངེས་པའི་ཤེས་རབ་ལྡན། །
མ་བཅོས་བརྩེ་བའི་དཔལ་ལྡན་ལྷག་པའི་ལྷ། །
བདག་བློའི་ཡིད་ཁར་རྩེ་གཅིག་གནས་པར་ཤོག །
སྐུ་ཡི་ལྷུན་པོར་ཉིན་བྱེད་བྱེ་བའི་འོད། །
ཀུན་ནས་འཕྲོས་པའི་མདངས་ལྟར་རབ་འཚེར་བའི། །
མཚན་དཔེའི་གཟི་བྱིན་ལྟ་བས་མི་ངོམ་པ། །
ཤེས་རབ་ལྷ་ཡིས་འོད་སྣང་སྦྱིན་གྱུར་ཅིག །
རྣམ་པར་དཔྱོད་པའི་ཤེས་རབ་མཐར་ཕྱིན་པའི། །
གཞན་སྡེ་ཕམ་བྱེད་སེང་གེའི་ང་རོ་ཅན། །
ཕུན་ཚོགས་ཡོན་ཏན་རྒྱ་མཚོའི་གཏེར་བརྡོལ་བའི། །
འཇམ་དབྱངས་ཉི་མའི་ཐུགས་རྗེས་སྐྱོང་གྱུར་ཅིག །
ཐུགས་རྒྱུད་གསང་གསུམ་ནོར་བུའི་ཕུང་པོ་ལ། །
སྣ་ཚོགས་ཕྲིན་ལས་རྩོལ་མེད་ལྷུན་གྱིས་གྲུབ། །
ཇི་སྙེད་མཁྱེན་པའི་ཡེ་ཤེས་རིན་ཆེན་གྲུ། །
ཤེས་བྱའི་ཆུ་གཏེར་ངོགས་སུ་ཐོགས་མེད་བགྲོད། །
     
སྙན་ཚིག་གི་སིལ་སྒྲ།  
                                 
འཇིགས་པ་བརྒྱད་སྐྱོས་གྲོལ་བའི་སྒྲོལ་མ་ལྷ།།
བརྩེ་བས་རྗེས་བཟུང་ཐུགས་རྗེས་རྩེན་ས་ཟིན། །
འཇིག་རྟེན་གཡོ་བ་མེད་པའི་སྒེག་ལྡན་མ། །
རྗེ་བཙུན་སྒྲོལ་མ་མཆོག་གི་དངོས་གྲུབ་སྩོལ། །

མ་ལུས་རྒྱལ་བའི་འཕྲིན་ལས་སྩོལ་མཛད་མ། །
རིག་བྱེད་དབྱངས་ཀྱི་དགའ་བའི་དཔལ་གྱི་ལྷ། །
དྲན་པ་བདག་གཅིག་ཡིན་པའི་རྣམ་འཕྲུལ་མ། །
བདག་ལ་གྲུབ་པའི་དངོས་གྲུབ་མཆོག་སྩོལ་ཅིག །

སྒྱུ་འཕྲུལ་ཞི་བའི་དཔལ་གྱི་ལྷ་མོ་ཀྱེ། །
སྐུ་ཞལ་སྔོན་མོའི་འཇིགས་པ་ཞི་བའི་ཕྱིར། །
ལང་ཚོ་སྒེག་པའི་ལྷ་མོ་ཆ་བྱད་ཅན། །
མཆོག་གི་རྒྱལ་ཡུམ་ཁྱེད་ལ་གུས་པས་འདུད། །

འཕགས་མ་རྣམས་ཀྱི་རྣམ་འཕྲུལ་ཉེར་གཅིག་མ། །
བྱིན་རླབས་འོད་ཀྱི་རྒྱ་མཚོའི་སྤྲིན་རྣམ་འཕྲོ། །
གང་གི་སྒྱུ་འཕྲུལ་དྲ་བའི་རིག་བྱེད་མ། །
ཇི་སྲིད་བདག་གི་མགོན་དུ་ཐུགས་བརྩེའི་ཕྱིར། །

རྒྱལ་ཡུམ་ལྷ་མོའི་ཐུགས་རྩེ་རིང་དུ་སྐྱོངས།།
རྒྱལ་ཡུམ་ལྷ་མོ་ཐུགས་ཡིད་བདག་ལ་འཕྲོ། །
རྒྱལ་ཡུམ་ལྷ་མོའི་དྲན་པ་ཡུམ་ཅིག་དག །
བདག་ལ་སྩོལ་ཅིག་སྭ་ཧཱ་ཏཱ་རེ་མ། །

མྱུར་མགྱོགས་རླུང་དང་འགྲོགས་པའི་འཕྲུལ་འཁོར་གྱིས། །
གང་གི་ཐུགས་བརྩེ་སོན་པའི་གོ་ཆ་རྫོགས། །
འཇིགས་པ་བརྒྱད་ལས་སྐྱོབ་པའི་མུན་སེལ་བ། །
དད་པའི་མེ་ཏོག་སྙིམ་གང་ཁྱེད་ལ་གཏོར། །

སྐུ་ཡི་བདག་ཉིད་བྱིན་རླབས་འོད་འཕྲོ་བ། །
གསུང་གི་སྒྲ་དབྱངས་ཚངས་པའི་ངག་གི་རྒྱན། །
ཐུགས་ཀྱི་རླབས་རྒྱུན་མཚོ་མོ་མ་དྲོས་ཀློང་། །
སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་རྫོགས། །

ཡི་དམ་ལྷ་ཡི་སྐུ་ཡི་ཕྱག་མཚན་པ། །
རྗེ་བཙུན་སྒྲོལ་མ་ཁྱེད་ལ་ཞི་བས་གུས། །
མཆོག་གི་དངོས་གྲུབ་བདག་ལ་བྱིན་རྗེས་སུ། །
མྱུར་སྐྱོབ་ཁྱེད་ལ་འདུན་པ་རིང་དུ་སྐྱོངས། །
རྩོམ་སྒྲིག་པ། ལྷ་སྐྱིད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།