དབྱངས་ཅན་ལྷ་མོར་བསྟོད་པ་ངག་གི་ཟླ་བ་རྒྱས་པའི་རོལ་མོ།

ཕྱོགས་དུས་རྒྱལ་ཀུན་གསང་གསུམ་ཡེ་ཤེས་མཛོད།།
གཅིག་ཏུ་བསྡུས་པ་འཇམ་དཔལ་དོན་གྱི་ལྷའི།།
བྱིན་རླབས་མེ་ཏོག་མནྡ་ར་ཡི་ཆར།།
བསྙིལ་བས་ཁྱེད་ལ་དགེ་ལེགས་ཤིས་པ་བསྩལ།།

དད་གསུམ་ཟླ་བ་ནོར་བུའི་འཁྲི་ཤིང་ལ།།
སྨོན་ལམ་འོ་མས་ཆབ་ཀྱི་ལེགས་བཀྲུས་ཏེ།།
སྒྲིབ་བྲལ་ཡེ་ཤེས་སྤྲིན་དཀར་གཡོ་བའི་སྣེར།།
ལེགས་བཤད་དབྱར་གྱི་དགའ་སྟོན་འབེབ་དུ་རེ།།

རབ་ཏུ་དགའ་བའི་ཡིད་ཀྱི་པད་ཚལ་དུ།།
ལྷུང་ལྷུང་གྲགས་པའི་སྙན་པ་སྟོང་གི་སྒྲས།།
ཨུཏྤལ་མིག་མི་ཟིམ་པའི་ཡེ་ཤེས་ཀྱི།།
སྙིང་ལ་སིམ་པའི་སྤྱོད་པ་དུས་འདིར་སྩོལ།།

ཀུན་ཁྱབ་གདོད་ནས་དག་པའི་ཡེ་ཤེས་ལས།།
རྣམ་རོལ་མཛད་པའི་འཁོར་ལོ་བསྒྱུར་བྱེད་པོའི།།
ཞབས་སེན་མེ་ཏོག་རལ་བའི་ཁུར་བླངས་ཏེ།།
སྙན་ཚིག་གཡས་སུ་འཁྱིལ་བའི་མཆོད་སྤྲིན་འབུལ།།

མྱོས་བྱེད་དགའ་བ་འཆིང་བའི་རི་དྭགས་མཚན།།
སོར་བཅུའི་མེ་ཏོག་སྦུབས་སུ་སྦྲུམ་པ་ལས།།
ངག་ཚིག་རིག་བྱེད་སྒྱུ་མའི་མཚར་སྡུག་གིས།།
སྙིང་ལ་བདེ་བ་སྟེར་བའི་སྤྲོ་དགའ་འཕེལ།།

ངོ་མཚར་ཚིག་སྡེབ་མ་ཀི་ལ་ཡི་སྐྱེས།།
དབྱངས་བདུན་དཔྱིས་སུ་འདྲེན་པའི་སྙན་ངག་མཛོད།།
གང་ཐུག་བློ་བཟང་བློ་ཡི་དཀྱིལ་འཁོར་ནས།།
རིག་བྱེད་གཏམ་གྱི་སྦྲང་ཆར་དབབ་དུ་རེ།།

རྨད་བྱུང་གཏམ་ཚོགས་དཔྱིད་ཀྱི་སྒེག་མོའི་འཕྲིན།།
མི་བཟད་ཀུན་ནས་ཀུན་ཏུ་འབེབ་པ་མོ།།
སྙིང་ལ་རབ་ཞུགས་འདོད་པའི་མེ་ཆེན་རྩེར།།
ངག་གི་སྦྲང་ཆར་བསྩལ་བའི་འཕྲིན་ལས་སྐྱོང་།།

མི་བརྟན་སྙིང་ཁམས་བྲུག་པའི་མཐའ་ཡས་མཚོར།།
བྱིན་རླབས་དུས་ཀྱི་རླབས་ཕྲེང་གཡོ་བ་ཡི།།
གསང་གསུམ་གསང་བའི་ཡུམ་ཆེན་དབྱངས་ཅན་མས།།
གཤིས་ལ་སིམ་པའི་སྙན་པ་དེང་འདིར་སྒྲོགས།།

མཁྱེན་རབ་མཐའ་མེད་ཡངས་པའི་མཚོར།།
མཚན་དཔེའི་ཀུ་མུད་འཛུམ་པ་ཡིས།།
བློ་གྲོས་གསར་བའི་པདྨའི་རྡུལ།།
རྐང་སྐྱེས་དྲུག་པས་ཉམས་སུ་བཞེས།།

མ་སྨད་ཚངས་པའི་རོལ་མོ་ཡི།།
འཇམ་མཉེན་སོར་མོར་ལ་རྩེན་པའི།།
ཆགས་བྲལ་བདེ་སྟོང་ན་དའི་དབྱངས།།
ཁ་འབབ་གཙང་བོའི་རླབས་སྒྲ་བཞིན།།

རིག་བྱེད་ངོས་ཀྱི་སྒྱུ་འཕྲུལ་ལས།།
ཚངས་ཆེན་བཞད་པའི་མེ་ཏོག་སྐྱེས།།
ཡིད་བྱེད་བུ་གར་འདྲེན་པའི་མཐུས།།
སྙིམ་པའི་དགའ་བ་སྩོལ་མེད་སྦྱར།།

ལྷན་སྐྱེས་བདེ་ཆེན་དབུ་མ་ལ།།
གཉིས་སྦྱོར་རྩེད་དགའི་ཐིག་ལེ་བཅུད།།
སྟེམ་མེར་འཁྱིལ་བའི་དྭངས་མའི་མདངས།།
ལོ་བརྒྱར་བསྙལ་བའི་ཡེ་ཤེས་ཆང་།།

བདེ་ཆེན་བདེ་སྟོང་རང་རིག་ཀློང་སྣང་ལས།།
ཆུ་ཁུར་གཞུ་ལྔའི་མདངས་ཀྱི་རི་མོ་འཛུམ།།
སེང་རས་སྲབ་མོ་རླུང་གིས་རྡེག་བྱས་པས།།
ག་བུར་རྡུལ་གྱི་དྲི་མ་རིང་ནས་ཞིམ།།

རྩེ་སྦྱོར་ལག་གི་པད་རྩའི་སོར་ཕྲེང་གིས།།
དམར་ཟངས་རོ་མའི་སྐུད་པ་འབྲད་ཙམ་ལའང་།།
དཀར་འཇམ་འཁྲི་ཤིང་སྨིན་མའི་དྲིལ་ཆུང་སྒྲ།།
མི་ཟད་རྣ་བའི་བཅུད་ལེན་ཆོས་དབྱིངས་མགུར།།

ཐབས་ཆེན་རིག་སྟོང་མི་འཇིགས་གཤིས་ཁམས་སུ།།
ཞོ་གསར་གཟུགས་སྐུའི་ཆུ་ཤེལ་རོལ་སྟབས་ཀྱིས།།
ཆེས་ལེགས་སྟོན་ཀའི་ཉེར་འཚོའི་དཔལ་སྦྱིན་མ།།
བློ་གྲོས་རྩ་ཕུང་གྲོལ་བའི་ཤེས་རབ་སྨན།།

རབ་ཡངས་སྤྱན་གྱི་རྒྱུ་སྐར་ཟེགས་མའི་འོད།།
སྙིང་མུན་ཟ་བའི་རྟ་བདུན་དགྱེས་པའི་འཛུམ།།
ཕྱེད་བཅིང་གནག་སྣུམ་ཟུར་ཕུད་དབུ་ལྕོག་ལ།།
དྲེག་ལྡན་གཟི་འོད་མོག་པའི་ཐོར་ཅོག་ལྡེམ།།

རོ་བརྒྱའི་མྱོས་འཛིན་དཀར་ཟླུམ་བིམ་པའི་མངར།།
མརྒད་གསར་བའི་མདོག་འཛིན་འོ་མའི་མཛོད།།
སྦྲང་རྩིའི་མཆུ་སྒྲོའི་འབིགས་བྱེད་རྣོ་མྱུར་གྱིས།།
གསལ་དག་སྙན་ངག་མཛོད་ཀྱི་འོ་མཚོ་གཞིབ།།

ཐུན་མཚམས་ངལ་གསོའི་རྐང་རྟེན་དུ།།
སྙན་མཛོད་ངག་གི་ཕོ་བྲང་གི།།
སྒོ་གླེགས་ཕྱེ་བའི་མཐོང་ཀ་ནས།།
དབྱངས་བདུན་འགྲོས་ཀྱི་མན་ངག་ལེན།།

རྣམ་མང་ཤེས་བྱའི་སྐྱེད་ཚལ་དུ།།
བློ་གསར་དགའ་བའི་བུ་རམ་ཞུན།།
ཟེའུ་འབྲུ་སྦྲུམ་པའི་གེ་སར་གཞུང་།།
ཨ་མྲའི་འབྲས་བཞིན་ཕྱི་ནང་སྨིན།།

ལེགས་བཤད་ཚིག་གི་ཆུ་གཏེར་སྟོང་།།
ཤེས་རབ་མགྲིན་པར་བསྐྱིལ་པ་ཡིས།།
རྗེས་ཆགས་རྡོ་རྗེ་རྣོན་པོ་ཡི།།
རྟོག་གེའི་ཀླད་པ་འགེམ་པར་བྱས།།

ཡལ་འདབ་ལྗོན་བཟང་ལོ་མའི་དྲ་ཕྱེད་ཚལ།།
གཡུ་ཡི་མཎྜལ་སྤུངས་པའི་མཚོ་སྟེམས་སུ།།
ལྷུན་པའི་རི་ལ་ཆུ་ཁུར་འཁོར་བ་ལྟའི།།
དབྱངས་ཅན་ངག་གི་རོ་འཛིན་ཡིད་འཕྲོག་མ།།

གཡུ་ཞུན་བཻཌཱུརྱ་སྔོན་པོོའི་སྤང་ཐང་དུ།།
འོད་འབར་གསེར་གྱི་རྣ་ཆ་ཁྲོལ་བའི་སྒྲས།།
དྲི་མེད་ན་སྤང་མཚོ་རྫིང་ག་ལ་བར།།
རྐང་ཆགས་བྱོལ་སོང་དག་ཀྱང་བགས་ཀྱིས་རྒྱུ།།

སྒྲ་ཚད་སྲབ་འཇམ་ཡངས་པའི་དར་རིས་ལ།།
སྡེབ་སྦྱོར་ངག་གི་སྐྱེས་བཟང་གསེར་སྐ་བཅིངས།།
རིག་བྱེད་གཙུག་ན་འོད་འཛིན་ཟླ་ཟེར་གྱིས།།
མཁས་རྒུའི་དྲེགས་པའི་ང་རྒྱལ་ས་རུ་བསྣུར།།

ཧ་རའི་ཙན་དན་ལྗོན་པའི་འཁྲི་ཤིང་གི།།
ཨ་དོན་རིག་སྟོང་འོད་གསལ་ཁམ་བུའི་འབྲས།།
མ་རྙིང་སྒྱུ་འཕྲུལ་རྒྱན་གྱི་མཚོན་ཐབས་ཀྱིས།།
ཚངས་པའི་རིག་བྱེད་ཐིག་ལེའི་བཅུད་དམ་སྩོལ།།

མ་སྨད་རིང་ནས་བསོད་ནམས་རྫིང་རིང་གི།།
སྦྱངས་སྟོབས་སད་པའི་དགེ་ཚོགས་པད་དཀར་ལ།།
རིག་བྱེད་སྐྱེས་ཚོམས་ཟེ་འབྲུ་གསར་པའི་དཔུང་།།
མཆོང་མེན་ཡོལ་གོར་གསེར་ཕྱེའི་རི་ལྟར་སྤུངས།།

སྒེག་བཞད་མཉེན་ལྕུགས་སོར་མོའི་འཕྲུལ་རྩེ་ལས།།
འཐབ་རྩོད་མི་འདོད་ཞི་བའི་དབྱངས་ཅན་སྒྲ།།
ཆེ་དགུའི་སྙན་དབང་འཕྲོག་པའི་རྫ་ཆུའི་རྒྱུན།།
མངོན་བྱས་དྲི་ཟའི་རྒྱལ་མོ་ཟླ་བའི་མ།།

ལི་ཁྲིའི་མདངས་ལ་མ་བྱུགས་སྤོས་ཤིང་གི།།
བསུང་ཞིམ་ག་བུར་སོ་མའི་ངད་དུད་ཀྱིས།།
སྨྲ་བའི་འབབ་སྟེགས་ངག་ཐུན་མ་ཎི་ཀར།།
སྡེབ་སྦྱོར་ག་བུར་སིལ་མས་ལན་དུ་བསྐུས།།

སྲིད་འདས་ཆེ་ལས་ཆེ་རྒྱལ་མཁྱེན་རབ་མ།།
གཏེར་དང་དགོས་འདོད་ནོར་བུ་མ་རྨོའི་འབྲས།།
འདོད་འཇོའི་བ་མཆོག་བདུད་རྩིའི་སྤྲིན་ཆེན་ཏེ།།
མཆོག་སྦྱིན་དགའ་བ་ལྷ་མོར་རིང་ནས་གུས།།

བདག་ཡིད་དུག་གསུམ་ཆང་གིས་རབ་དྲེགས་པ།།
མི་བསྲིན་གཉིས་འཐུང་མྱོས་འདྲའི་མ་རུང་སེམས།།
སླར་ཡང་གང་གི་འཕྲིན་ལས་ལྕགས་ཀྱུ་ཡིས།།
སྙིང་མ་རིང་ལ་འདུལ་བའི་དབང་སྡུད་མཛོད།།

མདོར་ན་རྗེས་ཆགས་ཡིད་ལ་རེ་དཔལ་གྱི།།
ཕན་བདེའི་དགེ་ལེགས་འཇོ་བའི་སྦྲང་ཆར་གྱི།།
རེ་སྐོང་བསྔལ་བའི་གདུང་སེལ་རབ་དགའི་མཛོད།།
རིང་ནས་མ་ཐོག་བརྩེ་བའི་མཆོག་ཐུན་སྩོལ།།

ཁྱད་པར་ཟུང་འཇུག་འོད་གསལ་སྙིང་པོ་ཡི།།
ཟབ་དོན་གྲུབ་པའི་རྟེན་འབྲེལ་རོལ་རྩེད་ལས།།
མཁའ་སྤྱོད་དབུ་མའི་གྲོང་ཁྱེར་ཉམས་དགའ་བར།།
བདེ་ཆེན་ལྷན་སྐྱེས་ཆོས་སྐུའི་སྐུར་གྱུར་ཅིག །

ཞེས་མཚན་བཟང་སོ་གཉིས་ཀྱི་གྲངས་ལྡན་འདི་ནི་ལྔ་རིག་ཤེས་བྱའི་རྒྱལ་ས། མདོ་སྨད་གསེར་མོ་ལྗོངས་ནས་སྙན་གཞུང་པདྨ་དཀར་པོ་ལ་མི་ཕྱེད་དགའ་བ་ཐོབ་པའི་དམན་ལམ་པ་འོད་གསལ་སྙིང་པོའམ།  མིང་གཞན་ལ་རོལ་སྐུད་དུ་འབོད་པས་སྦྱར་བའོ།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱངས་ཅན་ལྷ་མོར་བསྟོད་པ་ངག་གི་ཟླ་བ་རྒྱས་པའི་རོལ་མོ།

2020-04-15 རོལ་སྐུད།(རྔ་བ) ཀློག་གྲངས། མཆན ཡོད།
ཕྱོགས་དུས་རྒྱལ་ཀུན་གསང་གསུམ་ཡེ་ཤེས་མཛོད།།
གཅིག་ཏུ་བསྡུས་པ་འཇམ་དཔལ་དོན་གྱི་ལྷའི།།
བྱིན་རླབས་མེ་ཏོག་མནྡ་ར་ཡི་ཆར།།
བསྙིལ་བས་ཁྱེད་ལ་དགེ་ལེགས་ཤིས་པ་བསྩལ།།

དད་གསུམ་ཟླ་བ་ནོར་བུའི་འཁྲི་ཤིང་ལ།།
སྨོན་ལམ་འོ་མས་ཆབ་ཀྱི་ལེགས་བཀྲུས་ཏེ།།
སྒྲིབ་བྲལ་ཡེ་ཤེས་སྤྲིན་དཀར་གཡོ་བའི་སྣེར།།
ལེགས་བཤད་དབྱར་གྱི་དགའ་སྟོན་འབེབ་དུ་རེ།།

རབ་ཏུ་དགའ་བའི་ཡིད་ཀྱི་པད་ཚལ་དུ།།
ལྷུང་ལྷུང་གྲགས་པའི་སྙན་པ་སྟོང་གི་སྒྲས།།
ཨུཏྤལ་མིག་མི་ཟིམ་པའི་ཡེ་ཤེས་ཀྱི།།
སྙིང་ལ་སིམ་པའི་སྤྱོད་པ་དུས་འདིར་སྩོལ།།

ཀུན་ཁྱབ་གདོད་ནས་དག་པའི་ཡེ་ཤེས་ལས།།
རྣམ་རོལ་མཛད་པའི་འཁོར་ལོ་བསྒྱུར་བྱེད་པོའི།།
ཞབས་སེན་མེ་ཏོག་རལ་བའི་ཁུར་བླངས་ཏེ།།
སྙན་ཚིག་གཡས་སུ་འཁྱིལ་བའི་མཆོད་སྤྲིན་འབུལ།།

མྱོས་བྱེད་དགའ་བ་འཆིང་བའི་རི་དྭགས་མཚན།།
སོར་བཅུའི་མེ་ཏོག་སྦུབས་སུ་སྦྲུམ་པ་ལས།།
ངག་ཚིག་རིག་བྱེད་སྒྱུ་མའི་མཚར་སྡུག་གིས།།
སྙིང་ལ་བདེ་བ་སྟེར་བའི་སྤྲོ་དགའ་འཕེལ།།

ངོ་མཚར་ཚིག་སྡེབ་མ་ཀི་ལ་ཡི་སྐྱེས།།
དབྱངས་བདུན་དཔྱིས་སུ་འདྲེན་པའི་སྙན་ངག་མཛོད།།
གང་ཐུག་བློ་བཟང་བློ་ཡི་དཀྱིལ་འཁོར་ནས།།
རིག་བྱེད་གཏམ་གྱི་སྦྲང་ཆར་དབབ་དུ་རེ།།

རྨད་བྱུང་གཏམ་ཚོགས་དཔྱིད་ཀྱི་སྒེག་མོའི་འཕྲིན།།
མི་བཟད་ཀུན་ནས་ཀུན་ཏུ་འབེབ་པ་མོ།།
སྙིང་ལ་རབ་ཞུགས་འདོད་པའི་མེ་ཆེན་རྩེར།།
ངག་གི་སྦྲང་ཆར་བསྩལ་བའི་འཕྲིན་ལས་སྐྱོང་།།

མི་བརྟན་སྙིང་ཁམས་བྲུག་པའི་མཐའ་ཡས་མཚོར།།
བྱིན་རླབས་དུས་ཀྱི་རླབས་ཕྲེང་གཡོ་བ་ཡི།།
གསང་གསུམ་གསང་བའི་ཡུམ་ཆེན་དབྱངས་ཅན་མས།།
གཤིས་ལ་སིམ་པའི་སྙན་པ་དེང་འདིར་སྒྲོགས།།

མཁྱེན་རབ་མཐའ་མེད་ཡངས་པའི་མཚོར།།
མཚན་དཔེའི་ཀུ་མུད་འཛུམ་པ་ཡིས།།
བློ་གྲོས་གསར་བའི་པདྨའི་རྡུལ།།
རྐང་སྐྱེས་དྲུག་པས་ཉམས་སུ་བཞེས།།

མ་སྨད་ཚངས་པའི་རོལ་མོ་ཡི།།
འཇམ་མཉེན་སོར་མོར་ལ་རྩེན་པའི།།
ཆགས་བྲལ་བདེ་སྟོང་ན་དའི་དབྱངས།།
ཁ་འབབ་གཙང་བོའི་རླབས་སྒྲ་བཞིན།།

རིག་བྱེད་ངོས་ཀྱི་སྒྱུ་འཕྲུལ་ལས།།
ཚངས་ཆེན་བཞད་པའི་མེ་ཏོག་སྐྱེས།།
ཡིད་བྱེད་བུ་གར་འདྲེན་པའི་མཐུས།།
སྙིམ་པའི་དགའ་བ་སྩོལ་མེད་སྦྱར།།

ལྷན་སྐྱེས་བདེ་ཆེན་དབུ་མ་ལ།།
གཉིས་སྦྱོར་རྩེད་དགའི་ཐིག་ལེ་བཅུད།།
སྟེམ་མེར་འཁྱིལ་བའི་དྭངས་མའི་མདངས།།
ལོ་བརྒྱར་བསྙལ་བའི་ཡེ་ཤེས་ཆང་།།

བདེ་ཆེན་བདེ་སྟོང་རང་རིག་ཀློང་སྣང་ལས།།
ཆུ་ཁུར་གཞུ་ལྔའི་མདངས་ཀྱི་རི་མོ་འཛུམ།།
སེང་རས་སྲབ་མོ་རླུང་གིས་རྡེག་བྱས་པས།།
ག་བུར་རྡུལ་གྱི་དྲི་མ་རིང་ནས་ཞིམ།།

རྩེ་སྦྱོར་ལག་གི་པད་རྩའི་སོར་ཕྲེང་གིས།།
དམར་ཟངས་རོ་མའི་སྐུད་པ་འབྲད་ཙམ་ལའང་།།
དཀར་འཇམ་འཁྲི་ཤིང་སྨིན་མའི་དྲིལ་ཆུང་སྒྲ།།
མི་ཟད་རྣ་བའི་བཅུད་ལེན་ཆོས་དབྱིངས་མགུར།།

ཐབས་ཆེན་རིག་སྟོང་མི་འཇིགས་གཤིས་ཁམས་སུ།།
ཞོ་གསར་གཟུགས་སྐུའི་ཆུ་ཤེལ་རོལ་སྟབས་ཀྱིས།།
ཆེས་ལེགས་སྟོན་ཀའི་ཉེར་འཚོའི་དཔལ་སྦྱིན་མ།།
བློ་གྲོས་རྩ་ཕུང་གྲོལ་བའི་ཤེས་རབ་སྨན།།

རབ་ཡངས་སྤྱན་གྱི་རྒྱུ་སྐར་ཟེགས་མའི་འོད།།
སྙིང་མུན་ཟ་བའི་རྟ་བདུན་དགྱེས་པའི་འཛུམ།།
ཕྱེད་བཅིང་གནག་སྣུམ་ཟུར་ཕུད་དབུ་ལྕོག་ལ།།
དྲེག་ལྡན་གཟི་འོད་མོག་པའི་ཐོར་ཅོག་ལྡེམ།།

རོ་བརྒྱའི་མྱོས་འཛིན་དཀར་ཟླུམ་བིམ་པའི་མངར།།
མརྒད་གསར་བའི་མདོག་འཛིན་འོ་མའི་མཛོད།།
སྦྲང་རྩིའི་མཆུ་སྒྲོའི་འབིགས་བྱེད་རྣོ་མྱུར་གྱིས།།
གསལ་དག་སྙན་ངག་མཛོད་ཀྱི་འོ་མཚོ་གཞིབ།།

ཐུན་མཚམས་ངལ་གསོའི་རྐང་རྟེན་དུ།།
སྙན་མཛོད་ངག་གི་ཕོ་བྲང་གི།།
སྒོ་གླེགས་ཕྱེ་བའི་མཐོང་ཀ་ནས།།
དབྱངས་བདུན་འགྲོས་ཀྱི་མན་ངག་ལེན།།

རྣམ་མང་ཤེས་བྱའི་སྐྱེད་ཚལ་དུ།།
བློ་གསར་དགའ་བའི་བུ་རམ་ཞུན།།
ཟེའུ་འབྲུ་སྦྲུམ་པའི་གེ་སར་གཞུང་།།
ཨ་མྲའི་འབྲས་བཞིན་ཕྱི་ནང་སྨིན།།

ལེགས་བཤད་ཚིག་གི་ཆུ་གཏེར་སྟོང་།།
ཤེས་རབ་མགྲིན་པར་བསྐྱིལ་པ་ཡིས།།
རྗེས་ཆགས་རྡོ་རྗེ་རྣོན་པོ་ཡི།།
རྟོག་གེའི་ཀླད་པ་འགེམ་པར་བྱས།།

ཡལ་འདབ་ལྗོན་བཟང་ལོ་མའི་དྲ་ཕྱེད་ཚལ།།
གཡུ་ཡི་མཎྜལ་སྤུངས་པའི་མཚོ་སྟེམས་སུ།།
ལྷུན་པའི་རི་ལ་ཆུ་ཁུར་འཁོར་བ་ལྟའི།།
དབྱངས་ཅན་ངག་གི་རོ་འཛིན་ཡིད་འཕྲོག་མ།།

གཡུ་ཞུན་བཻཌཱུརྱ་སྔོན་པོོའི་སྤང་ཐང་དུ།།
འོད་འབར་གསེར་གྱི་རྣ་ཆ་ཁྲོལ་བའི་སྒྲས།།
དྲི་མེད་ན་སྤང་མཚོ་རྫིང་ག་ལ་བར།།
རྐང་ཆགས་བྱོལ་སོང་དག་ཀྱང་བགས་ཀྱིས་རྒྱུ།།

སྒྲ་ཚད་སྲབ་འཇམ་ཡངས་པའི་དར་རིས་ལ།།
སྡེབ་སྦྱོར་ངག་གི་སྐྱེས་བཟང་གསེར་སྐ་བཅིངས།།
རིག་བྱེད་གཙུག་ན་འོད་འཛིན་ཟླ་ཟེར་གྱིས།།
མཁས་རྒུའི་དྲེགས་པའི་ང་རྒྱལ་ས་རུ་བསྣུར།།

ཧ་རའི་ཙན་དན་ལྗོན་པའི་འཁྲི་ཤིང་གི།།
ཨ་དོན་རིག་སྟོང་འོད་གསལ་ཁམ་བུའི་འབྲས།།
མ་རྙིང་སྒྱུ་འཕྲུལ་རྒྱན་གྱི་མཚོན་ཐབས་ཀྱིས།།
ཚངས་པའི་རིག་བྱེད་ཐིག་ལེའི་བཅུད་དམ་སྩོལ།།

མ་སྨད་རིང་ནས་བསོད་ནམས་རྫིང་རིང་གི།།
སྦྱངས་སྟོབས་སད་པའི་དགེ་ཚོགས་པད་དཀར་ལ།།
རིག་བྱེད་སྐྱེས་ཚོམས་ཟེ་འབྲུ་གསར་པའི་དཔུང་།།
མཆོང་མེན་ཡོལ་གོར་གསེར་ཕྱེའི་རི་ལྟར་སྤུངས།།

སྒེག་བཞད་མཉེན་ལྕུགས་སོར་མོའི་འཕྲུལ་རྩེ་ལས།།
འཐབ་རྩོད་མི་འདོད་ཞི་བའི་དབྱངས་ཅན་སྒྲ།།
ཆེ་དགུའི་སྙན་དབང་འཕྲོག་པའི་རྫ་ཆུའི་རྒྱུན།།
མངོན་བྱས་དྲི་ཟའི་རྒྱལ་མོ་ཟླ་བའི་མ།།

ལི་ཁྲིའི་མདངས་ལ་མ་བྱུགས་སྤོས་ཤིང་གི།།
བསུང་ཞིམ་ག་བུར་སོ་མའི་ངད་དུད་ཀྱིས།།
སྨྲ་བའི་འབབ་སྟེགས་ངག་ཐུན་མ་ཎི་ཀར།།
སྡེབ་སྦྱོར་ག་བུར་སིལ་མས་ལན་དུ་བསྐུས།།

སྲིད་འདས་ཆེ་ལས་ཆེ་རྒྱལ་མཁྱེན་རབ་མ།།
གཏེར་དང་དགོས་འདོད་ནོར་བུ་མ་རྨོའི་འབྲས།།
འདོད་འཇོའི་བ་མཆོག་བདུད་རྩིའི་སྤྲིན་ཆེན་ཏེ།།
མཆོག་སྦྱིན་དགའ་བ་ལྷ་མོར་རིང་ནས་གུས།།

བདག་ཡིད་དུག་གསུམ་ཆང་གིས་རབ་དྲེགས་པ།།
མི་བསྲིན་གཉིས་འཐུང་མྱོས་འདྲའི་མ་རུང་སེམས།།
སླར་ཡང་གང་གི་འཕྲིན་ལས་ལྕགས་ཀྱུ་ཡིས།།
སྙིང་མ་རིང་ལ་འདུལ་བའི་དབང་སྡུད་མཛོད།།

མདོར་ན་རྗེས་ཆགས་ཡིད་ལ་རེ་དཔལ་གྱི།།
ཕན་བདེའི་དགེ་ལེགས་འཇོ་བའི་སྦྲང་ཆར་གྱི།།
རེ་སྐོང་བསྔལ་བའི་གདུང་སེལ་རབ་དགའི་མཛོད།།
རིང་ནས་མ་ཐོག་བརྩེ་བའི་མཆོག་ཐུན་སྩོལ།།

ཁྱད་པར་ཟུང་འཇུག་འོད་གསལ་སྙིང་པོ་ཡི།།
ཟབ་དོན་གྲུབ་པའི་རྟེན་འབྲེལ་རོལ་རྩེད་ལས།།
མཁའ་སྤྱོད་དབུ་མའི་གྲོང་ཁྱེར་ཉམས་དགའ་བར།།
བདེ་ཆེན་ལྷན་སྐྱེས་ཆོས་སྐུའི་སྐུར་གྱུར་ཅིག །

ཞེས་མཚན་བཟང་སོ་གཉིས་ཀྱི་གྲངས་ལྡན་འདི་ནི་ལྔ་རིག་ཤེས་བྱའི་རྒྱལ་ས། མདོ་སྨད་གསེར་མོ་ལྗོངས་ནས་སྙན་གཞུང་པདྨ་དཀར་པོ་ལ་མི་ཕྱེད་དགའ་བ་ཐོབ་པའི་དམན་ལམ་པ་འོད་གསལ་སྙིང་པོའམ།  མིང་གཞན་ལ་རོལ་སྐུད་དུ་འབོད་པས་སྦྱར་བའོ།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།