ཟླ་བ་སྒྲོལ་མར་ཕུལ་བའི་ཞུ་འཕྲིན།

སོག་སྨྱུག(མཚོ་ལྷོ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-04-22
རེ་བ་དཀར་པོ་ཞིག་སེམས་སུ་ཤར་མར་བྲིས་ནས།།
ཉིན་མཚན་དཀར་ནག་ནི་ཉི་མ་ཟླ་བ་བཞིན་དུ།།
བརྩེ་བའི་ས་གཞི་རུ་དུང་བའི་མཚོ་མོ་འཁྱིལ་ན།།
ཚོར་བའི་མེ་ལྕེ་འདི་ད་དུང་མཆེད་བཞིན་ཡོད་དོ།།

ལོ་ཟླའི་འཁོར་སྐྱོད་འདི་མྱུར་མོ་མྱུར་མོ་ཞིག་རེད།།
ལས་དབང་ཁ་བ་འདི་མཐུག་པོ་མཐུག་པོ་ཞིག་རེད།།
སེམས་ཀྱི་བཙན་ས་ན་བཞུགས་པའི་ཟླ་བ་སྒྲོལ་མས།།
དུངས་སེམས་མུ་ཏིག་གི་ཕྲེང་བ་ཕྱག་ཏུ་བཟུང་ཡོད།།

པེ་ཅིན་སློབ་གླིང་དེར་འདི་ནས་ཕར་ཕར་བལྟས་ན།།
ཐག་རིང་ཐག་རིང་གི་ཆུ་འཛིན་ལྡིང་ཁང་ཞིག་རེད།།
མཚན་མོའི་ཟླ་བ་འདི་ཁྱེད་རང་ཡིན་པར་རློམ་ནས།།
ཁེར་ལབ་བརྒྱ་སྟོང་གིས་མཚན་མོ་ཧྲིལ་གྱིས་རྫོཊ་མྱོང་།།

རང་ཤག་གྲུ་བཞི་རུ་ཏིང་འཛིན་བསྒོམ་པ་མ་ལེགས།།
ལྷོད་ལྷོད་མཉམ་བཞག་གི་རྩ་བ་ཕར་ཕར་ཞོག་དང་།།
སྲིད་པའི་སྙིང་དབུས་སུ་འཛུམ་པའི་ཟླ་བ་སྒྲོལ་མར།།
དོ་ཞག་མཇལ་སྙིང་གི་འདུན་པ་འགོག་ཏུ་མེད་དོ།།

མདང་ནུབ་ཟླ་བ་དེ་ཧ་ཅང་དྭངས་གསལ་ཞིག་རེད།།
ཟླ་ཞགས་རིང་མོ་ཞིག་གནས་དེར་འཕྲོས་པ་ཨེ་མཐོང་།།
བདག་གི་བརྩེ་བ་ཡང་འདི་དང་རིགས་མཐུན་ཡིན་པ།།
ཡིད་ཆེས་ཡོད་མེད་ཀྱི་གསལ་བཤད་དགོས་ས་མ་རེད།།

འབྲོག་མོ་ལྷད་མེད་ཀྱི་བརྩེ་བ་ཁྱོད་ལ་མངའ་མངའ།།
བདག་གིས་མ་བཤད་ཀྱང་ཁོ་ཚོར་གསལ་བོ་རེད་ཞུ།།
མཛེས་བཟོའི་སྒྱུ་རྩལ་གྱིས་རེ་བ་རང་སར་ཞོག་དང་།།
ཁྱེད་ཉིད་མ་བཅོས་པའི་ནམ་མཁའི་ལྷ་མོ་རེད་བྱ།།

དབྱར་གྱི་སྤང་གཞུང་ན་བཞད་པའི་མེ་ཏོག་པདྨ།།
གཡུ་སྦྲང་གཞོན་ནུ་ཚོས་འཁོར་བའི་སྙིང་བོ་འཚོལ་ས།།
སྲིད་པའི་དཀར་ངོགས་ན་རྒྱུ་བའི་བདག་གི་སྙིང་ཉེ།།
ནམ་མཁའི་ལྷ་མོ་ཞིག་བདག་ལ་གནང་བ་ཡིན་འདྲ།།

མྱི་ཁའི་རླུང་དམར་ཞིག་འདི་ནས་དྲག་ཏུ་ལྡང་སྟེ།།
དབུ་སྨྱོན་བསྟན་དགྲ་ཞེས་མི་ཡི་གྲལ་མཐར་བཞག་ཀྱང་།།
ཆོས་ཉིད་ཁོ་བོ་ནི་སྔར་བཞིན་བཅོས་སུ་མེད་པའི།།
སེམས་ཀྱི་གཙང་ས་ཞིགབདག་ལ་ད་དུང་ལྷག་ཡོད།།

དོ་ཞག་འབྱུང་བཞི་འདི་གཞི་ནས་བདེ་བོ་མ་རེད།།
ཁེར་རྐྱང་དྲན་གདུང་གི་ནད་ཅིག་ང་ལ་བྱུང་འདུག།
ནད་འདི་གཞོམ་ཐབས་ཤིག་ཁྱེད་ཚོ་གཏན་ནས་མེད་ན།།
ནད་འདིའི་སྨན་མཆོག་ནི་ཕལ་ཆེར་ཁོ་མོར་གདམ་ཆོག།

བསམ་པ་མྱུར་འགྲུབ་མ་ངག་ནས་ཡང་ཡང་བཟླས་ན།།
བར་ཆད་ལམ་སེལ་ཞིག་དེ་དང་རྗེས་མཐུན་བྱས་ཆོག།
གཞན་ཕན་བྱ་བ་ཞིག་བསྒྲུབ་འདོད་ལར་ནས་མེད་ཀྱང་།།
དགའ་བའི་སྒོ་མོ་འདི་ཁྱེད་ལ་གཞི་ནས་འབྱེད་འདོད།།

མདང་དགོང་རྨི་ལམ་གྱི་ཁུག་པ་བརྒྱ་སྟོང་འགྲིམ་ནས།།
ལས་ཀྱི་ཁ་ཆད་ཅིག་ཡོད་ཅེས་སྐད་གསེང་མཐོན་པོར།།
སྒྱུ་མའི་ནགས་ཀློང་གི་ཟླ་བ་སྒྲོལ་མར་འབོད་བཞིན།།
སྡོམ་པའི་སྡོང་ལོ་འདི་ཡང་ཡང་འགུལ་དགོས་བྱུང་སོང་།།

སྡོམ་པ་ནང་ཁོག་ན་མེད་ཀྱང་ཡོད་པར་རློམ་པའི།།
དོན་གྱི་སྡོམ་ཤོར་ཚོ་བསམ་ན་ང་ནི་སྡོམ་ལྡན་རེད་བྱ།།
ཐུབ་པའི་བསྟན་པ་ལ་མགོ་བོ་ཐོག་མར་གཏུགས་ནས།།
སྲིད་པའི་སྙན་ངག་གི་ཚོར་བའི་ས་ལམ་བརྩམས་མྱོང་།།

དངོས་གྲུབ་ཡ་མཚན་ཞིག་ནམ་མཁའི་ལྷ་མོར་ཡོད་ཟེར།།
བདེན་དང་མི་བདེན་གྱི་དཔུང་པོར་ང་རང་མི་འདུག།
དོན་དམ་འཇིག་རྟེན་གྱི་ལྷ་མོ་འདི་འདྲ་རེད་ཅེས།།
བདེན་སྟོབས་མང་མང་ཞིག་ཟླ་བ་སྒྲོལ་མར་ཡོད་དོ།།

ངོ་ལོ་གསུམ་བཞི་ཞིག་བདག་གིས་འདི་ལྟར་ཉུལ་ནས།།
རྫ་ཁའི་རི་སྤྱང་བཞིན་གར་འགྲོ་འདིར་འགྲོ་མེད་ཀྱང་།།
ཕྱི་དྲོའི་མཚམས་སྤྲིན་གྱི་མཛེས་པ་དེ་ལ་མ་ཆགས།།
སྙིང་གི་བྱམས་པ་ཁྱོའི་སེམས་ཀྱི་གཏམ་ལ་སྒུག་ཡོད།།

མྱི་སེམས་དམར་པོ་ཞིག་འདི་ནས་ཁོ་མོའི་ཕྱོགས་སུ།།
ལྷོ་བཞུད་སྤྲིན་དཀར་དང་མཉམ་དུ་བསྐུར་རྒྱུ་བྱུང་ན།།
དེ་ལ་སྡང་སེམས་ཀྱི་འཇིགས་པ་གཏན་མ་གཏོང་།།
བརྩེ་བའི་རྟེན་འབྲེལ་གྱི་དོ་ཤལ་ཐོག་མ་ཡིན་ནོ།།

འདུ་ཁང་རྒྱ་ཕིབས་ཀྱི་གསེར་ཏོག་བརྗིད་པོའི་འོག་གི།
རྣམ་དག་བཙུན་པ་ཚོ་འཁོར་བའི་བཙོན་མ་མ་རེད།།
རིགས་མཐུན་སྐྱེས་བུ་ལ་དགའ་སྐྱོ་ཆགས་སྡང་ཡོད་ན།།
ངའང་སེམས་ཚོར་ཞིག་བརྗོད་པའི་དབང་ཆ་ཡོད་སྲིད།།

དད་པ་མི་འདུག་ཅེས་བདག་ལ་སྡུག་དམོད་བཏང་ཆོག།
བླ་རྒན་མགོ་རེག་ཅེས་མཚང་འབྲུ་ཡིད་ཚིམ་བྱས་ཀྱང་།།
ཁྱེད་ཅག་དད་མིན་དེ་བདག་ལ་གཙོ་བོ་མ་རེད།།
ཁོ་བོའི་གཉུག་གཤིས་ནི་དེ་ག་ཙམ་གྱིས་འགྲིག་བྱ།།

ལྷ་མོ་དབྱངས་ཅན་མར་དྲན་ན་གསོལ་བ་བཏབ་ཆོག།
ཟླ་བ་སྒྲོལ་མ་ཁྱོད་དྲན་དུས་རང་ཚུགས་འཆོར་སྲིད།།
འདི་ཡིན་འདི་མིན་མྱི་ཁ་ཕར་ཚུར་གཡུགས་དང་།།
བརྩེ་བའི་དྲོད་ཁོལ་གྱི་བུམ་ཆུང་དམ་པོར་སྡོམ་རོགས།།

ཞུ་འཕྲིན་བརྩེ་སེམས་ཀྱི་སྣང་བའི་མགུར་གླུ་འདི་ལ།།
རྒྱལ་སྲས་མེ་ཏོག་གི་འདབ་མ་ཡང་ཡང་གཏོར་ཡོད།།
བདག་སེམས་ཕྱི་ནང་གི་བདག་སྙིང་ཟླ་བ་སྒྲོལ་མ།།
སྐྱོ་བའི་ཉམས་འགྱུར་གྱིས་ང་ལ་བདེ་མོ་གནང་ཞུ།།

མཛེས་མ་ཡ་མཚན་ཞེས་དོན་ཀུན་གྲུབ་པས་བཤད་ལ།།
བརྩེ་བའི་ལྷ་མོ་ཞེས་ཙོང་ཁའི་དབྱངས་ཅན་འབོད་མྱོང་།།
ངས་ཀྱང་དུངས་བརྗོད་འདི་ཟླ་བ་སྒྲོལ་མར་བཞེངས་ནས།།
འདུལ་ཁྲིམས་མང་པོ་ཞིག་བརྗོད་དང་མ་བརྗོད་མི་འདུག།

                 ༢༠༢༠/བོད་ཟླ་༢་ཚེས་༢༤/ཉིན་འཕྲལ་མར་བྲིས།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་བ་སྒྲོལ་མར་ཕུལ་བའི་ཞུ་འཕྲིན།

2020-04-22 སོག་སྨྱུག(མཚོ་ལྷོ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།