ཚིག་གི་སིལ་བུ།

ཁམས་པ་རབ་དབྱངས།(རྫ་སྟོད) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-08-26
སྙན་པ་ཚིག་གི་གདངས་འགྲོས། །
དབྱངས་ཀྱི་རུམ་ལ་བྱོན་ཤོག །
སོར་རྩེའི་འཕྲུལ་མ་རེ་ལ། །
གཉུག་མའི་གཤིས་ཀྱི་ཁ་དོག །
རྒྱུད་མངས་སྒྲ་ལ་དྲངས་ནས། །
དགའ་སྐྱོའི་འདུ་ཚོར་རི་མོ། །
སྟོང་པའི་དབྱིངས་སུ་རྩེན་ནས། །
ཚིག་རྒྱན་སིལ་བུ་དཀྲོལ་བའི། །
ལྷུང་ལྷུང་འབབས་པའི་མཛེས་པ། །
ཡིད་འཛིན་ལྷ་མོ་གསོལ་བ། །
ཏིང་འཛིན་འཕྲུལ་བའི་མེ་ལོང་། །
ཤིན་ཏུ་མཛེས་པའི་རྡུལ་དག །
གནམ་སྔོན་ཞུ་བ་འཁྱིལ་འདྲ། །
སྨིན་མ་གཡོ་བའི་སྟང་སྟབས། །
ཡིད་ལ་མཚོ་མོ་བབས་པ། །
འཛུམ་པའི་གདོང་རས་ངོས་ལ། །
གེ་སར་པད་མ་སྨིན་པ། །
དེ་ལ་འཁོར་བའི་ཚོགས་དག །
ཞི་བའི་འགྱུར་བག་གནང་སོང་། །
ལུས་ཀྱི་འཇོ་བའི་སྒེག་ལྡེམ། །
བཅོས་མིན་ངང་ལ་བྱོན་དང་། །
ལྷོད་དུ་བབས་པའི་ཚོར་འདུ། །
རིག་བྱེད་ལྷ་ཡི་གར་ཡིན། །
ཚོགས་དྲུག་སྣང་བའི་འགྱུ་ལ། །
ཟག་མེད་དབྱངས་ཀྱི་ང་རོ། །
པིར་སྙུག་འགྲོས་སུ་ཕབ་དང་། །
ཚིག་གི་རླབས་སྒྲའི་རྒྱུན་ལ། །
སྙན་པའི་སྒྲ་དབྱངས་སངས་ཡོད། །
ཆོས་ཉིད་འདུ་འགོད་རེ་ལ། །
སྤྲོས་པ་ཞི་བའི་དབྱངས་དག །
སྙན་ངག་རླབས་ལ་འཕྱུར་བ། །
སྣང་བའི་ཚོགས་དྲུག་འཁྲོལ་བ། །
མགུར་མའི་རྒྱུད་སྐུད་འདར་བ། །
ཞི་བའི་དབྱངས་ལ་འཇགས་སོང་། །
ཚིག་གི་མདུད་པ་དྲང་མོ། །
ངག་ནས་ཁྲོལ་བ་དཀའ་བྱུང་། །
རྟོག་འགྱུ་སྣང་བའི་ཚ་རླབས། །
ཅི་ཡང་དྲན་ཏུ་འཇུག་གོ། །
དབྱངས་ཀྱི་འགྲོས་མ་རེ་ལ། །
བརྗོད་དོན་ཚིག་གི་སྟེེར་བ། །
འདུ་བྱེད་སོར་རྩེའི་སྒྱུ་འཕྲུལ། །
རྣམ་རྟོག་རླུང་བུ་འགུལ་བ། །
ཀུན་རྟོག་སྤྲོས་པའི་དབྱིངས་ནས། །
ཆོ་འཕྲུལ་སེམས་ཀྱི་མེ་ལོང་། །
ཚོར་བའི་ཞིང་སར་ཉུལ་དང་། །
དབྱངས་ཀྱི་འགྲོས་ལ་བཅིབས་དང་། །
འདིར་སྣང་སེམས་ཀྱི་དྲན་འཕྲུལ། །
དབྱངས་ལ་བརྩམས་པ་ཉིད་དོ། །
སེམས་ཀྱི་གླིང་བུ་སྙན་མོ། །
ངག་གི་གདངས་ལ་བྱོན་དང་། །
དབྱངས་ལ་སྐྱོར་བའི་དགའ་སྐྱོ། །
སོར་མོའི་རྩེ་རུ་བབས་ཤོག །
འཆར་སྣང་རིལ་པོ་རེ་ལ། །
ཕལ་བའི་ཆགས་སྡང་ཡོད་དོ། །
ཚིག་གི་རྨི་ལམ་རེ་ལ། །
སྒྲུ་འཕྲུལ་མེ་ལོང་གསལ་ལེ། །
དབྱངས་ཀྱི་ན་བུན་འཕྱུར་ལེ། །
ཡིད་ཀྱི་ངོས་སུ་བབས་སོང་། །
དབྱངས་ཀྱི་འགྲོས་དབྱངས་རིང་མོའི། །
ཚོགས་དྲུག་སྣང་བ་གཡེང་སོང་། །
སྙན་ངག་རྟོག་འགྱུ་བཞེངས་པའི། །
ཚིག་གི་དབྱངས་རྟ་དཀྲོལ་བའི། །
འཆར་སྣང་སེམས་ཀྱི་ཆོ་འཕྲུལ། །
གླིང་བུ་གདངས་ལ་བྱོན་པའི། །
རྒྱུད་དྲུག་སྐུད་པ་འགུལ་བའི། །
ངག་རིག་སྡེབ་ལ་སྐྱོར་བའི། །
འཆི་མེད་ལྷ་ཡི་མེ་ཏོག །
ཚིག་རྒྱན་ཁྲོད་དུ་བྱོན་ནས། །
འཛུམ་པའི་སྒོ་མོ་ཕྱེས་སོང་། །
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚིག་གི་སིལ་བུ།

2020-08-26 ཁམས་པ་རབ་དབྱངས།(རྫ་སྟོད) ཀློག་གྲངས། མཆན ཡོད།
སྙན་པ་ཚིག་གི་གདངས་འགྲོས། །
དབྱངས་ཀྱི་རུམ་ལ་བྱོན་ཤོག །
སོར་རྩེའི་འཕྲུལ་མ་རེ་ལ། །
གཉུག་མའི་གཤིས་ཀྱི་ཁ་དོག །
རྒྱུད་མངས་སྒྲ་ལ་དྲངས་ནས། །
དགའ་སྐྱོའི་འདུ་ཚོར་རི་མོ། །
སྟོང་པའི་དབྱིངས་སུ་རྩེན་ནས། །
ཚིག་རྒྱན་སིལ་བུ་དཀྲོལ་བའི། །
ལྷུང་ལྷུང་འབབས་པའི་མཛེས་པ། །
ཡིད་འཛིན་ལྷ་མོ་གསོལ་བ། །
ཏིང་འཛིན་འཕྲུལ་བའི་མེ་ལོང་། །
ཤིན་ཏུ་མཛེས་པའི་རྡུལ་དག །
གནམ་སྔོན་ཞུ་བ་འཁྱིལ་འདྲ། །
སྨིན་མ་གཡོ་བའི་སྟང་སྟབས། །
ཡིད་ལ་མཚོ་མོ་བབས་པ། །
འཛུམ་པའི་གདོང་རས་ངོས་ལ། །
གེ་སར་པད་མ་སྨིན་པ། །
དེ་ལ་འཁོར་བའི་ཚོགས་དག །
ཞི་བའི་འགྱུར་བག་གནང་སོང་། །
ལུས་ཀྱི་འཇོ་བའི་སྒེག་ལྡེམ། །
བཅོས་མིན་ངང་ལ་བྱོན་དང་། །
ལྷོད་དུ་བབས་པའི་ཚོར་འདུ། །
རིག་བྱེད་ལྷ་ཡི་གར་ཡིན། །
ཚོགས་དྲུག་སྣང་བའི་འགྱུ་ལ། །
ཟག་མེད་དབྱངས་ཀྱི་ང་རོ། །
པིར་སྙུག་འགྲོས་སུ་ཕབ་དང་། །
ཚིག་གི་རླབས་སྒྲའི་རྒྱུན་ལ། །
སྙན་པའི་སྒྲ་དབྱངས་སངས་ཡོད། །
ཆོས་ཉིད་འདུ་འགོད་རེ་ལ། །
སྤྲོས་པ་ཞི་བའི་དབྱངས་དག །
སྙན་ངག་རླབས་ལ་འཕྱུར་བ། །
སྣང་བའི་ཚོགས་དྲུག་འཁྲོལ་བ། །
མགུར་མའི་རྒྱུད་སྐུད་འདར་བ། །
ཞི་བའི་དབྱངས་ལ་འཇགས་སོང་། །
ཚིག་གི་མདུད་པ་དྲང་མོ། །
ངག་ནས་ཁྲོལ་བ་དཀའ་བྱུང་། །
རྟོག་འགྱུ་སྣང་བའི་ཚ་རླབས། །
ཅི་ཡང་དྲན་ཏུ་འཇུག་གོ། །
དབྱངས་ཀྱི་འགྲོས་མ་རེ་ལ། །
བརྗོད་དོན་ཚིག་གི་སྟེེར་བ། །
འདུ་བྱེད་སོར་རྩེའི་སྒྱུ་འཕྲུལ། །
རྣམ་རྟོག་རླུང་བུ་འགུལ་བ། །
ཀུན་རྟོག་སྤྲོས་པའི་དབྱིངས་ནས། །
ཆོ་འཕྲུལ་སེམས་ཀྱི་མེ་ལོང་། །
ཚོར་བའི་ཞིང་སར་ཉུལ་དང་། །
དབྱངས་ཀྱི་འགྲོས་ལ་བཅིབས་དང་། །
འདིར་སྣང་སེམས་ཀྱི་དྲན་འཕྲུལ། །
དབྱངས་ལ་བརྩམས་པ་ཉིད་དོ། །
སེམས་ཀྱི་གླིང་བུ་སྙན་མོ། །
ངག་གི་གདངས་ལ་བྱོན་དང་། །
དབྱངས་ལ་སྐྱོར་བའི་དགའ་སྐྱོ། །
སོར་མོའི་རྩེ་རུ་བབས་ཤོག །
འཆར་སྣང་རིལ་པོ་རེ་ལ། །
ཕལ་བའི་ཆགས་སྡང་ཡོད་དོ། །
ཚིག་གི་རྨི་ལམ་རེ་ལ། །
སྒྲུ་འཕྲུལ་མེ་ལོང་གསལ་ལེ། །
དབྱངས་ཀྱི་ན་བུན་འཕྱུར་ལེ། །
ཡིད་ཀྱི་ངོས་སུ་བབས་སོང་། །
དབྱངས་ཀྱི་འགྲོས་དབྱངས་རིང་མོའི། །
ཚོགས་དྲུག་སྣང་བ་གཡེང་སོང་། །
སྙན་ངག་རྟོག་འགྱུ་བཞེངས་པའི། །
ཚིག་གི་དབྱངས་རྟ་དཀྲོལ་བའི། །
འཆར་སྣང་སེམས་ཀྱི་ཆོ་འཕྲུལ། །
གླིང་བུ་གདངས་ལ་བྱོན་པའི། །
རྒྱུད་དྲུག་སྐུད་པ་འགུལ་བའི། །
ངག་རིག་སྡེབ་ལ་སྐྱོར་བའི། །
འཆི་མེད་ལྷ་ཡི་མེ་ཏོག །
ཚིག་རྒྱན་ཁྲོད་དུ་བྱོན་ནས། །
འཛུམ་པའི་སྒོ་མོ་ཕྱེས་སོང་། །
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།