《བདེ་ཆེན་ཆུ་འཛིན་གཡོ་བའི་རྒྱང་གླུ》སོགས་སྙན་ངག་ཚན་པ་གསུམ།

བདེ་ཆེན་ཆུ་འཛིན་གཡོ་བའི་རྒྱང་གླུ།

རྗེས་ཆགས་ཨུཏྤལ་ལྡེམ་པའི་སྤྱན་རིས་ལས།།
ཐབས་ཤེས་ཉི་ཟླ་འཛུམ་པའི་འོད་སྣང་གིས།།
སྦས་དོན་ཞལ་ཁ་ཕྱེ་བའི་དགའ་བ་འདི།།
གསེར་གླིང་རྒྱལ་ཁམས་དབང་ལས་མཆོག་གྱུར་ལྟ།།
 
བཅོས་མིན་སྙིང་ལ་སྡུག་པའི་ན་ཆུང་གིས།།
བརྩེ་ཞེན་བཅུད་དུ་བསྙལ་བའི་མཚར་གཏམ་ལས།།
བདེ་གཤེགས་རིག་སྲས་དགོད་པའི་དགའ་བ་འདི།།
གདོང་བཞིའི་ཁྲི་སར་འཁོད་ལ་འགྲན་མི་བཟོད།།
 
རང་ལུས་རྒྱལ་བའི་དཀྱིལ་འཁོར་འདེགས་པའི་ཀ།།
རང་ངོ་ཡེ་ཤེས་གསལ་བའི་སྒྲོན་མེའི་འོད།།
རང་ཞལ་བལྟ་བས་མི་ངོམས་བདེ་ཆེན་མའི།།
རང་གནས་འོད་གསལ་ཤེས་པའི་དགའ་དྲོད་སྟེར།།
 
སྣང་མུན་སྲིད་དུ་འཁྱམ་པའི་དམན་ལམ་པར།།
གསེར་ལ་དངུལ་ཆུ་འཇུག་ལྟའི་ཐོག་མེད་ཀྱིས།།
ངེས་དོན་རྒྱལ་སའི་གཙུག་ལག་ལྡིང་ཁང་དུ།།
བགྲོད་པའི་བདེ་ཆེན་མྱུར་ལམ་འདི་ངོ་མཚར།།
 
སྲིད་འདིའི་སྒྱུ་མ་མཁན་གྱིས་གཡོ་ཟོལ་གྱིས།།
རྟ་གླང་རི་མོའི་གཟིགས་བཀོད་མཚར་ནའང་།།
ངེས་དོན་བདེན་པའི་གནད་རྩ་དོན་དམ་གྱི།།
གསང་ཆེན་དཀྱིལ་འཁོར་རབ་འབྱམས་ཨེ་མ་ཧོ།།
 
ཉམས་སྣང་ཆུ་ཟླ་འདྲེས་མའི་སྣང་ཚུལ་གྱིས།།
ངག་གི་མཚོ་རླབས་རྒྱང་ནས་འཕྱོ་ཙ་ན།།
འཁྱོག་ཚིག་སྡོང་ཁོག་རུལ་བའི་ཀུན་རྟོག་ཤིང་།།
གཉུག་མའི་སེམས་ཀྱི་མཚོ་མཐར་དོར་དགོས་ཨང་།།
 
ལན་གཅིག་མི་འགག་ངག་གི་དུང་ཆེན་གྱིས།།
སྲིད་འདིར་འཕྱན་པོའི་རྣ་ཤེས་གསོས་པ་ཡིས།།
འདི་སྣང་སྐྱེ་འཆིའི་རབ་ཁ་དོགས་གྱུར་ཀྱང་།།
འཛུམ་པའི་རྩེད་དགའི་སྤྲོ་བ་འབུམ་གྱིས་བརྟས།།
 
ཅིར་སྣང་གར་བསྒྱུར་རིགས་པའི་འཕྲུལ་འཁོར་ལས།།
སྨྲ་བའི་ངག་ཐུན་དབྱངས་ཅན་སྒྲ་ཆེན་གྱིས།།
སྣ་ཚོགས་མྱོང་བའི་ཁུར་གྱིས་དུབ་རྣམས་ལ།།
རིག་བྱེད་མཆོག་གི་སྣང་བ་འབྲལ་དུ་མེད།།
 
དུས་ངན་མྱོས་པའི་སྤྱོད་ཚུལ་རབ་གཏུམ་པ།།
ངེས་མེད་གཡོ་བའི་གྱང་ཁའི་རྩྭ་འཇག་བཞིན།།
དཔྱོད་ཐུབ་ཤེས་རབ་མིག་མཆོག་དམུས་ལོང་ཡང་།།
གསུང་གི་གསང་བས་ཐོས་འཛིན་ཉེ་བར་བསྐྱངས།།
 
གཞན་དབང་བེམ་ཀོག་ལྷུ་ལག་བསྒྲིག་པ་ཡི།།
གདོས་བཅས་རྣགས་ཁྲག་ཕུང་པོ་དོན་ཆུང་ཡང་།།
ཏིལ་ལ་སྣུམ་ཁྱབ་ཇི་ལྟའི་བདེ་གཤེགས་ཁམས།།
རིགས་འཛིན་གོང་མའི་གྲལ་དུ་འཇུག་པའི་ལམ།།
 
ཞེན་ཆགས་སྤུ་གྲིའི་ཚལ་བར་བསྐྱོད་དཀའ་ཡང་།།
བསྔལ་བར་མི་འཛེམ་འཇུག་པ་དོན་རེ་ཆུང་།།
འདུ་སྣང་སྲིན་མོའི་འཕྱོན་གར་མཐུ་ཆེའང་།།
ཀུན་བཟང་དག་པའི་སྣང་བ་གཤིས་སུ་རྒྱུ།།

                       ཞེས་འབྱུང་བ་མེ་རླུང་འཕྲད་པའི་འཕྲོད་སྦྱོར་ཕུན་སུམ་ཚོགས་པར་རིག་བྱེད་ཀྱི་མིང་གཞན་དུ་དབྱངས་ཅན་ཟླ་བར་འབོད་པས་བྲིས་པའོ།། 

སྐབས་བྱུང་སེམས་འགྱུའི་སྦྲང་ཆར།
                                       
ཚོགས་གཉིས་ཆུ་འཛིན་མཁའ་ལམ་ཡངས་པ་ལས།།
སྨྲ་གྲོལ་བཀའ་བསྟན་འབྲུག་གི་སྒྲ་དབྱངས་ཅན།།
རྒུད་སེལ་ཚད་གདུང་སྐྱོབས་པའི་སྦྲང་ཆར་གཏེར།།
སྨྲ་བའི་ཉི་མ་སྙིང་ལ་འཇུག་པར་མཛོད།།
 
གང་མཚན་རྣ་བར་འཛུལ་བའི་སྐྱེ་བོ་ལ།།  
ཁ་འབབ་བཅུད་ཀྱིས་གསོས་པའི་དབྱངས་སྙན་གྱིས།།  
གསུང་སྐྱེས་རོལ་བདུན་དུས་མཐར་སྐྱོང་པ་ཡི།།  
བདེ་ཆེན་དབྱངས་ཀྱི་རྗེ་མོར་སྙིང་ནས་རིང་།།  
 
སྨྲ་བ་དངོས་སྟོབས་རིགས་པའི་མེ་ལྕེ་ཡིས།།
རྟག་སྨྲའི་ཁོང་རབ་འཁྲུགས་པའི་རྩྭ་ཕོན་གཟུགས།།  
ལྷག་མེད་བསྲེགས་པས་གནས་སྐབས་ཐ་སྙད་ཀྱི།།  
བསྒྲུབ་པའི་ཡེ་ཤེས་རང་འོད་གཞན་ལས་ཆེ།།  
 
སྣང་བ་དངོས་འཛིན་ཞེན་པའི་བྲག་རི་ལ།།
དོན་དམ་གཞི་མེད་གཏན་འབེབས་ཐོག་ཆར་གྱིས།།  
ཡང་ཡང་བརྡེག་པས་དྲེགས་པ་བསྙིལ་དང་ལྷན།།
རྟེན་སྟོང་མཁའ་ལ་སྣ་ལྔའི་དབང་གཞུ་བཀྲ།།  
 
དཔྱད་དོན་སྙིང་པོས་སྟོང་པའི་གཡོ་སྦྱོར་ངག །
རིགས་འཕྲུལ་ཀྱལ་ཀར་གཡེང་བ་མ་ལེགས་ཀྱང་།།
བློ་ཡི་གེ་སར་ཕྱེ་བའི་མཚོན་སྦྱོར་གྱིས།།
ཤེས་རབ་རྣོ་སོ་སྟོན་ཁྱེད་རྒྱལ་བསྟན་མགོན།།  
རབ་རྨོངས་ཀུན་གཞིར་སྣང་བ་གསར་བའི་གཏེར།།
 
འཆར་བའི་རེ་ལྟོས་བསྐལ་བརྒྱར་མ་ལྡོག་པའི།།  
རྒུད་ཞིག་ན་ཚོད་ཕར་ཕར་ཉེ་བ་ལ།།
ལེགས་བཤད་སྣང་བའི་གཏེར་སྒོའི་ཤེས་རབ་སྩོལ།།
གངས་ཅན་བསྟན་རྒྱུད་ཆུ་གསེར་ཕྲེང་བའི་རིར།།
 
འཕྲིན་ལས་མཛད་པའི་མཛེས་ཤལ་དཔྱང་པའི་རྗེ།།
མ་ཕམ་འཇམ་དབྱངས་དགྱེས་པ་རྡོ་རྗེ་སྟེ།།
ཡེ་ཤེས་མེ་ལོང་འཆིང་དེར་སྲིད་དུ་གུས།།
གང་གི་རྣམ་དཔྱོད་གསེར་གྱི་བུམ་བཟང་ལས།།
 
མངར་འཇམ་དྲི་མེད་གཙང་ཆུའི་སྡེབ་སྦྱོར་བཅུད།།
སྙིང་གི་གཤིས་སུ་སྦས་བའི་རིགས་སྲས་ཀྱིས།།
ཡང་ཡང་གཞིབ་པས་ཇི་སྲིད་སྙིང་མ་རིང་།།  
འཇམ་པ་ངག་ལ་བདེ་བའི་ཚིག་གི་ཕྲེང་།།
 
རྩུབ་པོ་ལོག་སྨྲའི་ཕྱོགས་འཛིན་བཅོམ་བའི་ཐོ།།
འཇམ་རྩུབ་སྐྱེས་རབས་སྐྱོང་བའི་གསང་ཆེན་མར།།
བདེ་ཆེན་ཕ་རོལ་ཕྱིན་པའི་མཆོག་ཐུན་དབང་།།
མ་ལུས་མཆོག་སྦྱིན་རྡོ་རྗེ་སྣོན་པོ་ཡིས།།
 
དུག་གསུམ་གྱིས་གསོས་བྱ་སྦྲུལ་ཕག་པ་ཡི།།
ཀླད་པའི་ཞོ་དཀར་ལན་དུ་དཀྲུགས་དཀྲུག་པས།།
སྙིང་གི་རྒྱལ་ས་ཟིན་པའི་གཟུང་སྤོབས་ཐོབ།།  
འཇིགས་མེད་གཞོན་གཞིག་བྲལ་བ་བུམ་པའི་སྐུ།།
 
མཚན་བཟང་དངུལ་ཆུ་གསར་བས་རབ་ཕྱུག་པས།།
གདོང་ལྔའི་ཐོར་ཅོག་ཞབས་སེན་ཟླ་བའི་ཕོན།།
ཡང་ཡང་བསྙེན་པས་རབ་དཀར་གྲགས་སྙན་འཕུར།།

ཡིད་འགྲོའི་སྙན་སྡེབ་པད་ཚལ་ལྗོན་པའི་གཞིར།།
མ་བསྡུས་ར་ཡིག་གཉིས་པའི་བརྩེ་སྦྱོར་རྗེས།།
རྗེས་ཆགས་བརྩེ་བའི་ཟིལ་ཆུ་མ་སྐམ་པའི།།
འདོད་ལྡན་ཡིད་ཀྱི་གསོས་སྨན་སྦྱར་ལ་བྲེལ།། 

                        ༢༠༢༠ ༤ ༩ དགོང་མོར་སྦྱར།
 
མགྲིན་པའི་གསང་སྒོ་གྲོལ་བའི་ཞུ་མཆིད།
                                           
སྲིད་འདས་ཆེ་བའི་ཆེ་རྫོགས་བཅོམ་ལྡན་མ།།
རྒུད་མུན་ཞི་མཛད་རབ་གསལ་ཟླ་བའི་ཞལ།།
དྷཱི་ཡིག་དམར་སེར་སྤྲོས་པའི་ཟེགས་མ་ལས།།
ངག་གི་གཏེར་བརྒྱ་གྲོལ་བའི་ཤེས་རབ་ལྷ།།
 
 ཐུན་མཚམས་ངལ་བ་གསོ་བའི་རྐང་སྟེགས་ལས།།
 བདག་ཡིད་ཀུན་དགའ་ར་བའི་པད་ཚལ་དུ།།
 རབ་མྱོས་འབིགས་བྱེད་རྣོན་པོའི་རྩེ་དབལ་གྱིས།།
 གཟུང་འཛིན་གཉིས་སོར་འཛིན་པའི་ཞེན་པ་གཏོར།།
 
ཉིན་བྱེད་འཆར་ཀའི་མདངས་ལས་ཉེར་འཕོས་ཤིང་།།
བཙོ་སྦྱངས་ལེགས་མཛེས་གསེར་རིའི་ངོས་བཞིན་དུ།།
ཕྲ་ཞིབ་གཟུགས་སྐུའི་མུ་མེན་བྱུ་རུའི་སྐུ།།
རིང་ནས་རིང་ཁྱེད་བརྩེ་བའི་ཡིད་ཀྱི་གསོས།།
 
བཅུ་དྲུག་ལྟག་དཔྱངས་གནག་སྣུམ་སྐྲ་ལོའི་ཚལ།།
ག་བུར་རྡུལ་གྱི་ཕྱེ་མས་རབ་བསྒོས་པས།།
ཡིད་གཅུགས་མཛའ་བའི་གཤིས་མཐུན་བློ་གསལ་ཚོགས།།
མ་བསྡུས་རྐང་དྲུག་མྱོས་པའི་བཅུད་ལེན་བསྟེན།།
 
 ཉ་རྒྱས་སྤྱན་ཟུང་གཡོ་འཛུམ་ག་ལ་བ།།
ཟླ་གསར་ཤར་རིའི་རྩེ་ནས་འཛུམ་པ་ལྟའི།།
ཀུན་གཞིའི་གྲོག་རོང་མུན་པ་གསལ་བྱེད་ཀྱི།།
 གླིང་བཞིའི་མུ་ཏིག་རྒྱུ་སྐར་ཕྲེང་བར་འཕྱན།།
 
མཚལ་དམར་བྱུ་རུའི་གཙུག་སྐྱེས་རིག་ལྔའི་ཕོན།།
ཆུ་འཛིན་ཞི་བསིལ་དགའ་བ་དགྱེས་པའི་ཟེར།།
འཕྱན་མོའི་བསླུ་ཐག་གཅོད་པའི་རལ་གྲི་ཡིས།།
སྙིང་ལ་བསྐལ་བརྒྱར་མི་ནུབ་སྣང་བ་བྱིན།།
 
སོར་མའི་འདབ་རྩེའི་གེ་སར་སྦུབས་མ་ལས།།
ནང་རིག་ཆོས་ཀྱི་གླེགས་བམ་ཟེའུ་འབྲུའི་ཟས།།
ཕྱོགས་ཡངས་འཛད་མེད་དགའ་བར་བསྩལ་བ་ལས།།
 ཚ་གྲང་བཀྲེས་སྡུག་མྱ་ངན་བསིལ་བས་བསྐྲད།།
 
 བརྩེ་ལྡན་སེམས་བྱུང་ས་འཛིན་གངྒའི་ཆབ།།
 རིག་གྲོལ་མགྲིན་པའི་གསང་སྒོར་བརྔུབས་པ་ཡིས།།
གང་ལ་བྱོལ་བར་སོང་བའི་ཉམ་ཐག་སྡེའི།།
ཐོས་འཛིན་སྙན་པར་སྨྲ་བའི་ཆོས་ཀྱིས་ཁེངས།།
 
ཡིད་འོང་རྣམ་འགྱུར་སྟོང་གི་རྩེད་འཇོ་ལས།།
འཕོ་འགྱུར་བགྲེས་རྒུད་བྲལ་བའི་ལང་ཚོའི་དབྱིངས།།
མངོན་པར་དགྱེས་པའི་འཇམ་དབྱངས་རིག་འཕྲུལ་ལས།།
འཆད་རྩོད་རྩོམ་པ་གངས་རིའི་སྤོ་ལ་དྲོངས།།
 
གཟུང་འཛིན་འཇིག་ལྟའི་ལྷན་སྐྱེས་ང་ཡིར་བས།།
མ་དག་རྒྱུན་འབྱམས་གྱུར་པའི་དུས་མཐའ་བར།།
གངས་ལ་ཉི་རྩེ་ཕོག་པའི་དགྱེས་ཞལ་གྱིས།།
 དོན་དམ་གསང་བའི་བྱམས་པ་སྙིང་མ་རིངས།།
 
བག་མེད་གླང་ཆེན་མྱོས་འདྲའི་གནས་གསུམ་གྱིས།།
 གནས་ངན་ལེན་ལ་སྲེད་པས་འཐམ་པ་ལ།།
བདེ་ཆེན་གསང་ལམ་རྙེད་པའི་ཤེས་རབ་ཀྱིས།།
 མྱོང་སྣང་མ་ལུས་ཆོས་ཀྱི་ངོ་བོར་སྟོན།།
 
རྣམ་དཔྱོད་གླིང་མཐའི་མཆེད་བདུན་རི་བོ་ཡི།།
མི་འཇིགས་གཟུངས་སྤོབས་སྦྱངས་སྟོབས་གོམས་པའི་རྩལ།།
ལྷུན་པོའི་རི་ཡང་ཡོམ་པོར་སྒུལ་བ་ཡི།།
ས་གསུམ་སྐྱེ་དགུ་དགའ་བའི་བྱེད་པོར་སྨོན།།
                                             
ཞེས་མདོ་སྨད་གསེར་ཡུལ་བདེ་སྟོང་དབང་གི་ལུང་པ་རང་ཤག་མཚོ་དབུས་དབྱིངས་ཀྱི་ལྡིང་ཁང་ནས་དུས་ཀྱི་ངག་རིག་ལ་མི་ཕྱེད་དགའ་བ་ཐོབ་པའི་དབྱངས་ཅན་ཟླ་བའམ་རོལ་སྐུད་མིང་ཅན་གྱིས་རྒྱས་པའི་བསྟན་བཅོས་རྣམ་འགྲེལ་གྱི་གཞུང་དོན་ལ་ཐོས་བསམ་བྱས་ཤིང་སྐབས་ཤིག་ངལ་སྟེགས་ཀྱི་ཇ་ཡུན་ཙམ་ལ་འབྲོམ་མགུར་དབྱངས་རྟ་ཞིག་ཡིད་གསོས་སུ་བསྟེན་ཏེ་ཤར་མར་སྦྱར་བ་དགེའོ།།  །།
 
རྩོམ་སྒྲིག་པ། གངས་དགའ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《བདེ་ཆེན་ཆུ་འཛིན་གཡོ་བའི་རྒྱང་གླུ》སོགས་སྙན་ངག་ཚན་པ་གསུམ།

2020-09-07 རོལ་སྐུད།(རྔ་བ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།