ཚངས་དབྱངས་རྒྱ་མཚོ།
དཔོན་ཆེན་པོ་དབུལ་པོ་ཡིན་ནོ་གན། །
ཆགས་བཞག་ན་ཚངས་དབྱངས་རྒྱ་མཚོ་རེད། །
ལུས་ཕྱེད་ཀ་བན་དེ་ཡིན་ནོ་བཤད། །
སྐུ་ཕྱེད་ཀ་མི་སྐྱ་ཡིན་རེད་བརྗོད། །
མི་འདི་ཚོས་ངག་ནས་གང་ལབ་ལ། །
བློ་ཡིད་རྟོན་ཟེར་བ་ཅི་རུང་སྟེ། །
ངག་འགྲིན་པ་པདྨའི་གདན་སྟེང་ལ། །
སྒེག་ཉམས་ལྡན་ལྷ་མོ་དབྱངས་ཅན་བཞུགས། །
མགུར་ཐ་ཐོར་མི་འབབ་རང་འབབ་རེད། །
མགུར་འདི་ཚོའི་ཁྱད་ཆོས་བསམ་མི་ཁྱབ། །
མཁར་བརྗིད་ཆགས་ནང་དུ་བཞུགས་པའི་སྐབས། །
མི་ཁྲི་མ་འབུམ་གྱིས་དད་ཕྱག་འཚལ། །
ཡིད་དུང་བའི་མིག་ཆུའི་མཁུར་ཚོས་ཉིལ། །
དེ་ལོས་ཡིན་བླ་མའི་བླ་མ་རེད། །
གྲོང་སྲང་ལམ་ཉུལ་ནས་གང་སར་ཕེབས། །
སྨན་མཛེས་མ་ཚོགས་ཀྱི་སེམས་ཡིད་རྨས། །
མི་འཁྱམ་པོའི་མི་ཁ་ཁྱོད་ལ་ཕོག །
དེ་ཕོག་ཀྱང་སྨྲེང་གཞས་མི་ལེན་ཏེ། །
ཕོ་ཁྱོད་ནི་ཕོ་ཡི་དྭངས་རྩེ་དང་། །
བློ་ཁོག་རྒྱ་ཆེ་ནོ་ནམ་མཁའ་མཚུངས། །
ཕོ་རང་གི་འདོད་པ་བཞིན་འཚོས་ནས། །
གནས་འཇིག་རྟེན་གཞན་ལ་ཆས་སོང་ཟིག །
༢༠༡༩/༣/༡༡ཉིན་བྲིས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།