བཀྲ་ཤིས་འབྱུང་གནས་ཀྱི་དོ་ཧ།

ནོར་དཔལ་རྒྱལ།(རྐང་ཚ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-11-05
གཡུ་རབ་བདུན་བརྩེགས་གྱི་ལྟེ་བ་ལས་བསླངས་ཀྱི། །
ལྷ་བྲག་དཀར་པོ་ཡི་སྐས་གདང་ཡར་ལ་བཙུགས། །
ཉི་ཟླ་ཁ་སྦྱོར་གྱིས་སྟེང་ནས་གཡས་སུ་འཁོར། །
ཨེ་མའོ་བླ་རི་གཅིག་བཀྲ་ཤིས་འབྱུང་གནས་བསྭོ། །

དབུ་ན་སྤྲིན་དཀར་གྱི་བསིལ་གདུགས་ཡ་མ་ཡོམ། །
བར་ན་སྐྱིན་ཐང་དང་སྦྲང་ཆར་ཟམ་ཟིམ་འཐོར། །
གཡས་གཡོན་ཆུ་རྒྱུན་གྱི་ཝུ་བ་ཕྲི་ལིར་འབབ། །
གནམ་སའི་འདུན་མ་ཞིག་ཁྱོད་ལ་ལྷུན་གྱིས་གྲུབ། །

ཤེལ་གྱི་མཆོད་རྟེན་གྱི་རྣམ་པར་བཞེད་ཀྱང་ཆོག །
ལྷ་ཡི་གསས་མཁར་ལ་བློས་བསླངས་བྱས་ན་འོས། །
རི་བོ་མཆོག་རབ་ཀྱི་དབྱིབས་སུ་བལྟས་ན་བདེན། །
གདོད་ནས་རང་བྱུང་གི་ངོ་མཚར་ཅིག་ཅར་བཀྲ། །

མཐོངས་ཀྱི་བ་གམ་ན་ལྷ་མོས་མེ་ཏོག་འཕེན། །
གཉན་གྱིས་བྱ་ར་དང་སྡེ་བརྒྱད་སྐོར་བར་འགྲོ། །
ལྟེང་ཀ་ལུ་མ་ལས་གདེངས་ཅན་ཕྱག་རྒྱ་བཅའ། །
བཤད་ཚད་ཤའི་མིག་གིས་མཐོང་ན་ཅི་མ་རུང་། །

ཏིང་འཛིན་དུམ་གཅིག་གི་མལ་ལ་མནལ་བ་ཡིས། །
སྨར་སྨིན་སྐྲ་དཀར་རྣམས་རྔ་གཡབ་ས་རུ་འཁྱིལ། །
སེན་མོ་མུ་ཏིག་གིས་སྐུ་ལ་དཀྲིས་གསུམ་བརྒྱབས། །
དྲང་སྲོང་དེ་འདྲ་ནི་གནས་དེར་བཞུགས་སམ་སྙམ། །

ཌ་དྲིལ་སིལ་ཁྲོལ་གྱི་ཧཱུཾ་སྒྲ་དིར་རེར་སྒྲོག །
པཉྩ་ལི་ཀ་ཡི་དར་ཀླུབ་གདུབ་བུ་གསིལ། །
རྔ་སྒྲ་ཆ་ལང་གི་བྲོ་གར་འཁྲིགས་ཆ་ཅན། །
རིགས་ལྔའི་ཌཱ་ཀི་མ་འདུ་ལོང་མི་ཆེ་གྲང་། །  

མཐིང་གི་ཞལ་ཁྱིམ་ལ་མཆོང་གི་སྤྱན་རས་ཕྱེས། །
གསེར་གྱི་གཙུག་ཏོར་ལ་འོད་ཀྱི་མུ་ཁྱུད་འཚེར། །
ཆོས་གོས་རྣམ་གསུམ་ལ་ཚུལ་ཁྲིམས་དྲི་མ་ཞིམ། །
སྨན་བླས་བྱིན་བརླབས་པའི་གྲུབ་ཆུ་དེ་ན་ཡོད། །

གནའ་གཡུ་ལྗང་ཁུ་ལྟར་སྐུ་མདོག་གཟི་བརྗིད་ཆེ། །
ཞལ་ཉམས་ཕྱག་ཆ་དང་ན་བཟའ་ཚར་དུ་དངར། །
རྡོ་རྗེ་རྣམ་འཇོམས་ཀྱི་ལྷ་སྔགས་གཅིག་ཏུ་བཀུས། །
ནད་གདོན་གྲིབ་སེལ་གྱི་ཆེད་དུ་བཀོད་མ་འཁྱིལ། །

སྐུ་ཤ་མརྒད་ཀྱི་མང་ཤོས་རྗེན་པར་སྟོན། །
བྲང་གི་ནུ་མ་ལ་ཆགས་ལྡན་ལྷག་པར་དད། །
འདི་ཕྱི་གང་ཐད་ནས་འདྲེན་པ་བླ་ན་མེད། །
རྒྱལ་ཡུམ་སྒྲོལ་མ་ཡི་ཐུགས་རྗེ་ཆུ་རྒྱུན་འཛུམ། །

ས་ཡི་ལྟེ་བ་ནས་རི་རབ་ཟོལ་དུ་འཕགས། །
དབྱིངས་ཀྱི་བང་རིམ་ན་ཁ་བས་རྡུལ་མང་བྱོ། །
སྟོན་པས་ལུང་བསྟན་ཞེས་ཆོས་ཀྱི་རྒྱལ་པོ་སྟེ། །
ཡོངས་འཛིན་རིན་པོ་ཆེའི་ཞལ་གྱི་པདྨོར་བཞད། །

བྲག་གི་ཁ་སྡིངས་སུ་རྩི་ཤིང་རི་དྭགས་ཟ། །
ནགས་ཕྲན་གེལ་བ་རུ་བྱེའུ་སྐད་ཀྱིར་རེ་གྲག །
ཇོ་དར་ཁྲ་བོ་དང་དམུ་ཐག་དཀར་པོ་འཐབ། །
དད་པ་དག་སྣང་གིས་ཁོ་ར་ཁོར་ཡུག་སྤྲས། །

མེ་ཏོག་གཅལ་བཀྲམ་གྱི་སྤོས་དྲི་སྣ་ལ་བསིལ། །
བྲག་ལ་རང་གྲུབ་ཀྱི་ཀེའུ་ཚང་གཅོང་སྐད་ཟློ། །
བྱ་རྒོད་མཁའ་འགྲོ་མས་མི་རོ་ཚོགས་སུ་སྐོར། །
ཕོ་རོག་ཤ་ཟན་གྱིས་གྲོག་སྐྱུག་ཤ་འཐབ་བྱེད། །

ཁྱུང་ཆེན་གཡུ་འབྲུག་གཉིས་ཟོལ་གྱིས་ལྡིང་བ་ལ། །
སེངྒེ་རྒྱ་སྟག་གཉིས་རྔམ་འཇིགས་འགྲན་པས་འཕྱོ། །
རླུང་རྟའི་རྒྱལ་མཚན་གྱི་རང་གཟུགས་ཡོད་པ་འདྲ། །
སྐྱེས་བུ་དམ་པ་རྣམས་འགྲོ་དོན་འཕེལ་བར་ངེས། །

ལུང་ཆེན་ཆུ་བོ་ནི་སུམ་འདུས་བརྩེགས་མའི་སྟེང་། །
ས་བབས་རང་བཞིན་ལ་བལྟས་ན་སུམ་བརྩེགས་ཏེ། །
གནམ་སྔོན་ལྷུན་གྱིས་གྲུབ་ཆོས་འབྱུང་བཞི་ཡི་ནང་། །
སྔགས་པ་ཕུར་ཐོགས་ཀྱི་འཕྲིན་ལས་བསམ་མི་ཁྱབ། །

རྩིག་པ་མི་མངོན་པའི་གཞལ་ཡས་ཁང་གི་ནང་། །
སྐད་བརྡ་མི་འབྱོར་བའི་སྲིད་པ་གསུམ་གྱི་ལྷས། །
བྱ་མ་བུམ་བསྣམས་ནས་སྐྱེ་བ་བདུན་གྱི་ཆབ། །
སྨན་དང་གཏེར་རྫས་སུ་འཁྱེར་བ་རྒྱུན་མི་ཆད། །

རི་མགོའི་ཁ་བ་ཡི་ཆུ་ཐིགས་ཞུན་ཏུ་ཆགས། །
སཱ་ལའི་ཚལ་ཆེན་གྱི་སྤོས་དཀར་བླ་འོག་བརྗེས། །
མི་མིན་སྤྲ་ཚོགས་ཀྱིས་སྲིད་པ་ཁ་ལོ་བསྒྱུར། །
དེ་ཡི་དུས་ཤིག་ནས་འཇིག་རྟེན་རྒྱན་དུ་ཆགས། །

རི་མགོར་ཁ་བ་བབས་ཁངས་ཐོག་ཉི་མ་ཤར། །
དཀར་འཇམ་ཡུག་གཅིག་གིས་ཀུན་ཏུ་དགེ་བའོ། །
ཚ་གདུག་མི་ཆེ་ལ་གྲང་ལྷགས་རན་པས་ན། །
དེ་ཡང་སྐྱིད་ཅིག་སྟེ་བཀྲ་ཤིས་འབྱུང་གནས་སོ། །

སྟོན་གྱི་ཤྭ་བ་ངུ་འདོད་པས་གདུང་བ་ལགས། །
གཉན་གྱི་རྡུང་ག་བཀྱེ་འཕྲོག་རྩོད་འཐབ་པ་སྟེ། །
གླ་བས་སྨག་རྩྭ་ཟ་སྲོག་ཉེན་ཆུང་ཕྱིར་བརྩོན། །
དེ་དག་མ་ཉམས་པ་བཀྲ་ཤིས་འབྱུང་གནས་སོ། །

ཀླུང་འགྲམ་རྩྭ་བོངས་མཐོ་རྩི་ཏོག་ཟིལ་བ་ཆཊ། །
ཟིལ་རྩྭ་ཟོག་གིས་ཟོས་ཤ་ཤེད་གང་ལས་བཟང་། །
སྨན་ཐོག་ལྡུམ་ཐོག་མང་བཞོ་བཏགས་ཤེ་ཡང་ཁེ། །
གང་ཡང་འབེལ་བོ་ནི་བཀྲ་ཤིས་འབྱུང་གནས་སོ། །

ཕ་མེས་རྣམས་ཀྱིས་སྨྲ་ཡང་མེས་རུ་ཁྱིམ་བབས། །
འབྲོག་པའི་ཀི་སྒྲ་ཡོད་འབྲོག་མོའི་འཇོ་གླུ་སྙན། །
རྟ་ཕོ་གོམ་ལག་འཛོམས་ཚིག་ལ་ཟོལ་ཟོག་མེད། །
སྲོལ་གྱི་ཞྭ་ཙམ་སྣང་བཀྲ་ཤིས་འབྱུང་གནས་སོ། །

དམ་པའི་གནས་དེ་ལ་སྐོར་བ་གཅིག་གི་ཞོར། །
གྲུབ་ཆུ་དད་མོས་སྒོས་ཁ་ལ་ཧུབ་གསུམ་དང་། །
ཡིད་ཆེས་ལྟད་མོ་ལ་ཀུན་སྣང་བཀོད་པའི་ཆ། །
ཚོགས་གསུམ་སོར་མོ་རུ་བརྒྱུས་པ་འདི་འོ་ལོ། །

                        ༢༠༡༥ལོའི་ཧོར་ཟླ་བདུན་པར་བྲིས་པ་སྟེ་༢༠༢༠ལོའི་ཧོར་ཟླ་བརྒྱད་པར་ཚིག་ཁ་ཡེར་བཅོས་ནས་བཀོད།
 
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བཀྲ་ཤིས་འབྱུང་གནས་ཀྱི་དོ་ཧ།

2020-11-05 ནོར་དཔལ་རྒྱལ།(རྐང་ཚ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།