ཕྱིར་མི་ལྡོག་པའི་གླུ།(མུ་འབྲེལ་སྙན་ངག)

ལྡེའུ་ནག་ནི1998 ལོར་ཕ་ཡུལ་སྲིབ་འབྲོག་སྡེ་བ་ནས་སྐྱེས་ཤིང་། ཆུང་དུས་ནས་རང་དགོན་སྲིབ་མདའ་རྫོགས་ཆེན་དགོན་ནས་འབྲི་ཀློག་སོགས་བསླབས་ཤིང་། རྗེས་སུ་ལྔ་རིག་ནང་བསྟན་སློབ་གླིང་དུ་ཕྱིན་ནས་གཞུང་ཆེན་དཀའ་པོད་ལྔ་ལ་སྦྱོང་བ་བྱེད་ཞོར་དུ་སྙན་ངག་འབྲི་ཀློག་བྱས་ནས་ད་ལྟ་ལོ་ཡི་འཁོར་མོ་མང་ཙམ་སོང་། མིག་སྔར་བརྩམས་ཆོས་ལ་ལ་བོད་ཀྱི་དུས་དེབ་གྲགས་ཅན།《གངས་རྒྱན་མེ་ཏོག》《གངས་དཀར་རི་བོ།》《ཤྭ་སྐྱ་དུས་དེབ།》《གསེར་གྱི་ལྷ་དར།》《ཞག་སྒྲོན།》《གུར་ཀུམ་ཆུན་པོ།》《དཔལ་འཛོམས།》《འཁྲི་ཤིང་།》《ཁྲིམས་ལུགས་ཚགས་པར།》《རྔ་བའི་ཚགས་པར།》《ཁམས་པའི་ཚགས་པར།》སོགས་དང་། མཐོང་གྲོལ་དྲ་བ་སོགས་དྲ་བ་རིགས་འདྲ་མིན་མང་པོར་རྩོམ་ཆོས་མི་ཉུང་བ་བཀོད་མྱོང་།

ཕྱིར་མི་ལྡོག་པའི་གླུ། (ཁག་དང་པོ།)

སྐྱོ་སྣང་ཕྲན་ཙམ་ཕྲག་ཏུ་ཁུར། །
རྨི་ལམ་ན་འང་དྲན་པས་གདུང་། །
ཀྱེ་མ་ཁྱོད་ནི་འཇམ་ཞིང་མཉེན། །
ཀྱེ་མ་ཁྱོད་ནི་སྲབ་ཅིང་ཡག །
ཡིད་ཀྱི་ཨུག་ཆོས་ལ་འཁྲིལ་བའི། །
ནར་ནར་འདྲ་བའི་སེམས་ཚོར་དེ། །
ཐན་པས་གདུང་བའི་བྱེ་ཐང་བཞིན། །
རི་དྭགས་དག་ཀྱང་སྐོམ་པས་མནར། །
སྨུག་པའི་སྤྲིན་རིམ་མཐོང་བའི་ཚེ། །
ངག་གི་ཀུ་ཆོས་གནམ་ས་གཡོས། །
ནུས་ལྡན་ཁྱོད་ནི་བདག་ཅག་གི །
གནས་པའི་མཁར་གཞིས་མ་ཡིན་ཀྱང་། །
བརྟེན་པའི་སྲོག་གི་ཉིང་བཅུད་ལགས། །
སྤྲིན་སེར་མཐོང་བའི་ཞོགས་པ་ལ། །
ཕྱིར་མི་ལྡོག་པའི་གླུ་ཞིག་བླངས། །
ཉོན་མོང་ཚང་ཚིང་སྟུག་པོའི་དཀྱིལ། །
འུར་གྱིས་ལྡིང་བའི་གམ་སྒྲ་ཉིད། །
ལས་ཀྱི་རྟ་ཁྱུ་ཡིན་ནམ་ཅི། །
དུས་མཐའི་རླུང་བུ་གྲང་ཤུར་ཤུར། །
གློག་འོད་དག་ཀྱང་གྲང་ཤུར་ཤུར། །
མི་ཚོགས་དག་ཀྱང་གྲང་ཤུར་ཤུར། །
བདག་གི་སེམས་པ་གྲང་ཤུར་ཤུར། །
གཡའ་དག་དགུང་གི་གནམ་སྔོན་དུ། །
ཞེན་ཆགས་པིར་གྱིས་ཟླ་བ་བྲིས། །
སྐྱོ་སྣང་ཕྲན་ཙམ་བྱུང་བའི་མོད། །
ཁྱོད་རང་ཟླ་བའི་མདངས་སུ་བཀོད། །
            ༢༠༢༠/༡༢/༢༤/

ཕྱིར་མི་ལྡོག་པའི་གླུ། (ཁག་གཉིས་པ།)
         
ཞེན་ཆགས་ཁྱོར་མོ་གང་གི་ས་མཚམས་ཀྱི་འདབས་ན། །
ལས་ཀྱི་རླུང་བུས་གཡུག་པའི་ཨུག་ཆོས་ཀྱི་མེ་ཏོག །
སྣང་བ་བདེ་ཆེན་སྒྱུ་མའི་བརྩེ་འདང་གི་འོབས་ལས། །
དགའ་དུང་འཛུམ་པའི་ལང་ཚོ་གྲོལ་བ་རང་མེད་དམ། །

སྟོན་གྱི་ཟླ་བ་རྫོགས་པའི་གངས་ཆར་གྱི་ཀློང་ནས། །
ཡིད་ཀྱི་ལང་ཚོའི་སྒྱུ་རྩལ་ཤོག་དཀར་ལ་བཅོལ་ཏེ། །
རང་བྱུང་ཐོལ་གྱིས་ལྡང་བའི་སིམ་སིམ་གྱི་གླུ་སྐད། །
འཁོར་འདས་ཤི་མིན་རོ་མིན་སྒྱུར་བ་རང་མ་གནང་། །

ས་གཞིའི་མཛེས་སྡུག་ཡལ་བའི་དུས་ཚོད་ཀྱི་བར་ནས། །
རྣམ་ཤེས་དྲོད་ཁོལ་བར་ནས་འཛུམ་བརྡ་ཞིག་ཤོར་ཏེ། །
ཅིས་ཀྱང་ཕྱིར་མི་ལྡོག་པའི་སེམས་ཁོང་གི་སྐད་ཆ། །
ཚོར་བ་ཁོ་ནར་འཁྱིལ་བའི་སེམས་ཉིད་ལ་སྦས་འགྲོ། །

རླུང་བུ་ཤག་ཤག་གཡུག་པའི་དུས་ཚོད་ཀྱི་བར་ན། །
ཡིད་ཀྱི་ཀོ་གྲུ་འགའ་རེ་གཙང་ངོགས་སུ་ལུས་ནས། །
ལྗོན་ཤིང་སེར་ཁ་དོད་པའི་སྣང་ཚུལ་དེ་མཐོང་རྗེས། །
དགའ་སྐྱོ་ཟུང་འབྲེལ་ལྟ་བུའི་མྱོང་སྣང་ཞིག་སྐྱེས་བྱུང་། །

ཚེ་སྲོག་སྐུད་པ་ཕྲ་མོའི་བར་སྟོང་ནས་རྙེད་པའི། །
ལས་ཀྱི་འཁྲུལ་བའི་སྣང་ངོའི་ཡིད་འོང་གི་ཟླ་བ། །
ཉི་ཤར་དྲོད་འཇམ་འོག་ནས་ཇ་ཆང་ལ་རོལ་དུས། །
དབང་མེད་དྲན་པའི་ན་ཟུག་ཆེས་ཆེར་དུ་གྱུར་སོང་། །

སྐྱེ་བ་གཅིག་གི་འགའ་སྐྱོ་ཟུང་འབྲེལ་གྱི་སྙིང་གཏམ། །
ནང་དུ་མ་སྦས་ཚིག་གི་ལྷན་ཐབས་དང་བསྟུན་ཏེ། །
ཤོག་དཀར་མེ་ལོང་འདྲ་བའི་མཛེས་སྡུག་གི་ཚལ་དུ། །
མཐོང་ཐོས་སྤྲོས་པའི་རེག་བྱ་མཐོང་བ་འདི་ཡག་གོ། །
                   ༢༠༢༠|༡༠|༤|ཉིན་བྲིས།

ཕྱིར་མི་ལྡོག་པའི་གླུ།(ཁག་གསུམ་པ།)

ཆུ་འཛིན་བང་རིམ་འཁྲིགས་པའི་ལོ་ཟླ་ནས། །
ཡིད་ལ་དབྱུང་བ་མེད་པའི་འཛུམ་པ་ཞིག །
ལག་གི་པིར་གྱིས་བྲིས་སམ་སྣང་བས་བྲིས། །
གང་ལྟར་རྗེས་ཤུལ་རི་མོ་མཐོངས་སུ་ཉུལ། །

ལྗོན་པའི་འདབ་མ་ས་རུ་སྤུར་བའི་དུས། །
ངས་ནི་དགོད་གཏམ་ཁྱོད་ཀྱི་ཐོག་ཏུ་སྨྲས། །
དེ་དུས་སེམས་ཚོར་ཙམ་ལས་གཞན་མེད་པའི། །
དུས་ཚོད་དེ་ནི་གདུང་བའི་ཡུལ་ཞིག་ཨང་། །

སེམས་ལ་སྤྲིན་པ་འཁྲིགས་པའི་དུས་ཚོད་དེ། །
དབྱངས་རྟ་ནང་གི་ངག་ལ་འདྲེས་དུས་དེ། །
རྨི་ལམ་ནས་ཀྱང་བརྗེད་ཐབས་མེད་དུས་དེ། །
ཞག་ནག་སུམ་བརྒྱ་དྲུག་བཅུས་ཟིན་ཐོ་ཡིན། །

སྒེའུ་ཁུང་ནས་ཟླ་བའི་གཟུགས་བརྙན་མཐོང་། །
བདག་ནི་ཁྱོད་ཀྱི་འཛུམ་ལ་ཧད་ཅིང་བསྡད། །
ནང་ཡིད་ཆགས་སྡང་འཁྲུག་པའི་བར་ལམ་ནས། །
རྟོག་བཏགས་ཉོན་མོང་མང་པོས་ཁྱོད་ཞལ་སྤུད། །

སྐད་ཆ་གཉོམ་པོ་འདི་ཡི་སྒང་གཤོང་དུ། །
ཕྱིར་མི་ལྡོག་པའི་ལམ་ཕྲན་གྱ་གྱུ་ཞིག །
བག་ཡངས་རྩྭ་ཐང་འདྲ་བའི་རླུང་ཟིལ་ཁྲོད། །
བརྗོད་པའི་སྒུག་ཤུགས་ཤིག་ལ་ངང་གིས་འཁྲི། །

ལུས་ཟུངས་མེ་ཏོག་སོ་མའི་འདབ་ལོ་ནི། །
ད་དུང་གསར་དུ་བཀད་པའི་ཉམས་ཤིག་འདུག །
བུང་བ་བདག་ཉིད་འདྲ་བ་གཅིག་པུ་ལས། །
སུས་ཀྱང་ལོངས་སུ་སྤྱོད་པའི་དུས་མེད་དོ། །
                 ༢༠༢༠/༡༢/༢༤/

རྩོམ་བྱང་གི་འགྲེལ།《ཕྱིར་མི་ལྡོག་པའི་གླུ》ཞེས་པའི་མུ་འབྲེལ་སྙན་ངག་འདི་ནི་ཁོ་བོས་དུས་གསུམ་གྱི་འཚོ་བ་ཉམས་སུ་མྱོང་སྟངས་ཞིག་དང་། ལོ་ཟླའི་འགྱུར་བག་གི་ཀློང་ནས་དུང་སེམས་ལས་བརྡོལ་བའི་དབྱངས་རྟ་གཉོམ་པོ་དེ་དག་བཏང་སྙོམས་སུ་འཇོག་མ་ནུས་པར། འ་འུར་གྱི་འདུ་འཛི་མོད་སའི་བར་སྟོང་ནས་ཤེས་རབ་ཀྱི་རྟ་ཁྱུ་དེ་དག་རི་ལ་འདེད་ཞོར་དུ་བྲིས་པ་ཤ་སྟག་ཡིན། མ་ཟད་མ་འོང་བའི་ལོ་ཟླ་གཞུག་མ་དག་ཏུ་ཡང་ད་ལྟའི་འཚོ་བ་འདི་དག་ཕྱིར་དྲན་ལན་གཅིག་བྱ་ཡུལ་དང་གཟུགས་བརྙན་འཆར་སའི་ཚིག་གི་མེ་ལོང་ཞིག་ཀྱང་བཟོས་པ་ཙམ་ཡིན།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཕྱིར་མི་ལྡོག་པའི་གླུ།(མུ་འབྲེལ་སྙན་ངག)

2020-12-25 ལྡེའུ་ནག(ཆབ་མདོ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།