ངག་དབང་དབྱངས་ཅན་ལྷ་མོར་ཕུལ་བའི་སྙན་ཚིག་བུམ་པ་ཁ་འབྱེད།

སྦྲང་ནག(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-01-16
ལན་ཅིག་ཚུར་ལ་གཟིགས་དང་དབྱངས་ཅན་ཨེ།།
སྤྱན་གྱི་འཁོར་ཕྱོགས་ཁྱོད་ལ་ལན་སྟོང་དུ།།
བལྟས་ཤིང་བལྟས་པས་བརྩེ་བའི་ལན་བུ་བསླེས།།
བརྩེ་བའི་སྨུག་པ་གྱོན་པའི་སྤྲེའུ་ཆུང་གིས།།
བས་མཐའི་ནགས་ཚལ་ཁྲོད་ནས་ཁྱོད་རང་དྲན།།
ཁྱོད་རང་དགོད་ན་འདབ་ཆགས་རྣམས་ཀྱང་དགོད།།
ཁྱོད་རང་སྡུག་ན་ཉི་ཟླ་གཉིས་ཀྱང་སྡུག།
མཇོ་སྒེག་རྫོགས་པའི་ལང་ཚོ་མ་རྙིངས་པའི།།
མཁའ་འགྲོའི་ཕོ་བྲང་ནང་གི་དབྱངས་ཅན་ལ།།
དགའ་བའི་སེམས་པས་སེམས་ལ་རེག་དགོས་བྱུང་།།
དབྱངས་ཅན་ཁྱོད་ནི་གཅིག་པུར་གང་དུ་འགྲོ།།
མིག་ཆུ་མང་བའི་བུ་ཆུང་ཤུལ་དུ་བསྐྱུར།།
ཡིད་ཀྱི་ཀོ་གྲུ་བསྐོར་ཏེ་རྗེས་སུ་འདེད།།
རྣམ་ཤེས་སོ་སོར་བཏུབས་ཏེ་གཙང་བོ་བརྒལ།།
གཟན་སྣེ་ཁ་ཚར་ཤིག་ཤིག་རླུང་དང་བསྡེབས།།
མཆུ་སྒྲོས་འཛུམ་མདངས་ལྷུག་ལྷུག་ཚུར་ཚུར་རྒྱུག།
ཨུཏྤལ་མིག་ཅན་མ་ལ་དམ་པོར་འཁྱུད།།
བྱམས་དུངས་ཤིང་གི་གླེགས་བུ་མ་འཐོར་བའི།།
ཞེ་འདང་ཐིག་རེའི་སྟེང་ལ་འཇའ་ཚོན་འཆར།།
འཇའ་ཐོག་བདག་ནི་ལས་ཀྱི་ངལ་གསོ་རོལ།།
མུན་པས་གཞིས་ཀ་གཏིབས་ཀྱང་འོད་ཟེར་འདྲེན།།
སྙིང་གཏམ་མཚར་སྒྲུང་ཆད་ཀྱང་སྐར་མ་རྩི།།
ཡིད་སེམས་གློ་བུར་སྨྲེང་ན་བཤུམ་ན་ཤུམས།།
མི་སེམས་ཁ་རོག་དགའ་ན་བགད་ན་དགོད།།
བདག་ནི་ཅི་རུང་ཆུ་སྤྲིན་གུར་ཁང་ནང་།།
སྒྱུ་མའི་མེ་ཏོག་བཀྲམ་སྟེ་ཁྱོད་ལ་ལྟ།།
བྱིས་པའི་ངང་ཚུལ་སྲུང་གིན་ཧད་དེ་ལྟ།།
དེ་ལྟ་ལགས་ཏེ་ཀྱེ་ཀྱེ་དབྱངས་ཅན་ཨེ།།
ཆགས་པའི་རླུང་བུ་གཡུག་པ་ག་རེ་རེད།།
རླུང་བུས་མཚོ་མོ་སྐྱོམ་པ་ཅི་ཞིག་རེད།།
མཚོ་མོས་ཁུར་བའི་འཁྲེང་སེམས་བསྐམ་མི་འགྱུར།།
དུས་ཀྱི་སོར་རྩེས་བྲེགས་ནས་མ་འཐོར་ན།།
ང་ཡི་སྙིང་སྡུག་དབྱངས་ཅན་ཁྱོད་རང་ལ།།
རྣམ་པར་དག་པའི་དགའ་བས་དྲོད་ཁོལ་སྦྱིན།།
སྙན་པའི་བརྡ་གླུ་བཞེངས་དང་དབྱངས་ཅན་ཨེ།།
རྒྱུད་མངས་ཐེངས་ཤིག་ཁྲོལ་དང་དབྱངས་ཅན་ཨེ།།
ཞེ་འཛིན་ཨ་འཐས་རོལ་མོ་རྡུང་ནུས་པའི།།
བདག་ནི་ངག་གི་སྐྱོ་དབྱངས་གསིལ་མཁན་ལགས།།
ད་ནི་དབྱངས་ཅན་སྒྱུ་མའི་བརྡ་གླུ་ལ།།
ཨམ་འབྱོག་ཀྲོང་ངེ་གཏད་དེ་མཉན་པར་བྱ།།
དབྱངས་ཅན་ཁྱོད་ཀྱིས་དང་དུ་ལེན་རོགས་གནང་།།
ཞེན་པ་ལང་ཤོར་མ་འདི་བག་ཕེབས་ཆེད།།
མཁའ་འགྲོའི་རྒྱལ་ས་དེ་ནས་ཉམས་གླུ་ཞིག།
མགྲིན་པའི་ཨོལ་མདུད་གྲོལ་ཕྱིར་ཚུར་ལ་དེངས།།
དབྱངས་ཀྱི་འགྲོས་ལ་སིམ་པའི་རྣམ་ཤེས་ནི།།
ཉམས་པ་མི་མངའ་དགྱེས་པའི་དཔལ་དུ་སྤྲོ།།
རྟག་ཏུ་རོལ་བའི་སྐལ་བ་རྙེད་པའི་ཚེ།།
བློ་འདས་མི་གཡོ་ཏིང་འཛིན་རང་སར་འཇོག།
རིག་བྱེད་ཚིག་གི་བདུད་རྩི་ཅིར་ཡང་མཆོད།།
གསང་བའི་ནམ་མཁའ་འབྱེད་ལ་བདག་ཀྱང་བརྙེས།།
ཨེ་མ་དབྱངས་ཅན་ལྟོས་དང་ཟླ་བ་ལ།།
ཚོགས་དྲུག་ཐང་དུ་འཚེར་བའི་ཟླ་བར་ལྟོས།།
ཟླ་བའི་དཔེ་རུ་དབྱངས་ཅན་ར་མདའ་མངག།
ཚིག་གི་སྒྲོག་གུ་བརྟོལ་ལ་མངའ་དབང་འབྱོར།།
སྐྱེ་བོའི་ཚོགས་ཀྱི་ཡིད་ནི་བརྟན་པ་འཕྲོག།
ཡིད་འཕྲོག་སྔོ་བསང་མ་ཡི་བཟི་ཉམས་ཀྱིས།།
ཆགས་ལྡན་ཚོགས་ལ་འདོད་པའི་ཕུ་ཡང་འདེབས།།
ཡིད་འོང་རྣམ་འགྱུར་རེ་རེའི་ཕུག་པ་ན།།
ང་ནི་སྐབས་རེར་ངུས་ལ་ལན་རེར་འཛུམ།།
ཐུགས་རྗེའི་ཕྱག་གིས་དངོས་གྲུབ་བསྩལ་ཏུ་གསོལ།།
རྗེས་ཆགས་བྱིན་རླབས་འོད་སྣང་སྤྲོས་པར་ཤོག།
བག་ཡངས་ཐུགས་རྗེས་འཛིན་ལ་བཞུགས་པར་མཛོད།།
སྙན་དངགས་དགོས་འབྱུང་ནོར་བུའི་གཏེར་བརྙེས་པས།།
ལྷ་མོ་དབྱངས་ཅན་བཞུགས་པའི་དགའ་ཚལ་ནས།།
ཚོར་བའི་ཆར་ནི་ཟིམ་ཟིམ་ངང་གིས་བསྙིལ།།
རིང་ནས་གོམས་པའི་ཁྱོད་ཀྱི་གསང་གསུམ་ནི།།
མཐོང་ཐོས་དྲན་རེག་ཡུལ་དུ་གྱུར་པ་གང་།།
ཕུན་ཚོགས་མཚན་དཔེའི་རི་མོས་གཏམས་པར་བྱེད།།
དབྱངས་སྙན་རྣ་བར་འཇེབས་པ་མཁའ་འགྲོའི་གསུང་།།
སྒྲ་དབྱངས་རྟ་ལྗང་ཅན་དེ་ང་ལ་གཏོད།།
ཚངས་སྲས་ལྷ་ཡི་བུ་མོ་མཆོང་འོངས་ཏེ།།
སྙན་ཚིག་ནུ་ཞོ་བསྣུན་པའི་ལས་ལ་བྲེལ།།
མ་བཅོས་ངག་དང་བཅོས་མའི་གཤིས་སོགས་ཀྱིས།།
བདག་ནི་འདི་ནས་ཁྲིད་དེ་ཕར་ཕར་འགྲོ།།
རབ་འབྱམས་གཞོམ་གཞིག་བྲལ་བའི་འཆར་ཡན་དུ།།
དགའ་བདེའི་མེ་ཏོག་ཁྱེར་ཏེ་ཡོང་བས་ན།།
ཐ་སྙད་སྒྱུ་མའི་མཚོ་མོ་སྐམ་ན་སྐམ།།
སྒྲ་སྙན་རྒྱུད་སྐུད་ཕྲ་མོ་ཆད་ན་ཆད།།
མཚར་སྡུག་དབང་གཞི་བཀྲ་བའི་དབྱངས་ཅན་ལགས།།
ཚོར་རྟོག་ཚིག་གིས་བརྟོལ་བའི་རྒྱལ་ཁམས་ཀྱང་།།
ལག་མཐིལ་བ་མོ་བཞིན་དུ་མ་འཇིག་བར།།
དེ་སྲིད་སྙན་པའི་སྒྲ་ཡང་ཁྲི་མ་འབུམ།།
སྲིད་པའི་ཟླ་ཤེལ་ངོས་སུ་ཡང་ཡང་སྤུངས།།
སྟོང་ཉིད་གླུ་ཆུང་ལེན་པ་ཐོས་ལགས་སམ།།
ཡིད་ཀྱི་གདུང་བ་སེལ་མཁན་དགེ་མ་ཡིས།།
རྣ་བ་བླགས་ཏེ་ཉན་པའི་སྟན་ཐོག་ཏུ།།
ལེགས་བཤད་དབྱངས་ཀྱི་དགའ་སྟོན་ཅིར་ཡང་འགྱེད།།
སུ་དང་གང་གིས་དབང་ལྔའི་བགོ་སྐལ་ལ།།
ཚོར་བ་སྣ་ཚོགས་གྲུབ་པ་ཨེ་མ་རྨད།།
གསེར་ལྡན་ཁྱོན་ལ་བཤུམ་པའི་སྤྱན་ཆབ་དང་།།
སྲིད་པ་སྒུལ་བའི་སྒྲ་དབྱངས་རེ་རེ་ནི།།
སྒྱུ་མའི་གླིང་བུ་བཞིན་དུ་གང་སར་གྲགས།།
ཞི་བའི་དབྱངས་རྟ་རེ་ཡིས་བོགས་ཀྱང་འདོན།།
དབྱངས་ཀྱི་ཟབ་ཚད་འདི་ཞེས་མི་རྙེད་དོ།།
ཚོར་བའི་ཆུ་ཟིལ་འཇིངས་སུ་འཐིམ་པའང་།།
མིག་ཏུ་གནམ་ས་ཤོང་ལྟར་མི་ཡོང་ངོ་།།
ལེགས་བཤད་གསེར་གྱི་ངག་དབང་བསྐུར་དུ་གསོལ།།
དགའ་དད་འོ་ཆུ་གཅིག་ཏུ་འདྲེས་པའི་སར།།
དགེ་མ་གཅིག་པུ་ཁྱོད་ལས་གཉིས་གསུམ་སོགས།།
ཚེ་མཐའ་མ་གཏོང་བར་དུ་མི་འཚོལ་ལོ།།
འདྲིས་ཤིང་ལོབས་པ་ཁྱོད་རང་གཅིག་པུའོ།།
འཇིག་རྟེན་འཇིག་ན་མཉམ་དུ་འཇིག་ཆོག་མོད།།
ན་སོ་རྒས་ན་མཉམ་དུ་རྒས་ཆོག་མོད།།
སྔོན་འདྲིས་བག་ཆགས་ཟབ་མོས་ལོས་ཡིན་ཏེ།།
ང་ཡིས་སྙན་ངག་བྲིས་ཚེ་ཁྱོད་ཉིད་ཀྱིས།།
རྟག་ཏུ་གྲོགས་དན་མཛད་ཅིང་སེམས་གསོ་བྱེད།།
ཚོར་བའི་སྲིད་ཁམས་ཉུལ་བའི་བློ་མིག་དང་།།
རྟེན་དང་འབྲེལ་བ་ངེས་པའི་ཆོས་ཉིད་བཅས།།
དབྱངས་ཅན་བུ་མོའི་པང་དུ་གསལ་བར་བྱ།།
དབྱངས་ཅན་མཛངས་མའི་འཕྱོར་སྒེག་ངོམ་པ་ན།།
སྙན་ཚིག་འཇིག་རྟེན་གསོན་པོའི་ཆོ་ག་བསྐྲུན།།
ངག་གི་ལྗོན་པ་འགུལ་བའི་ཚན་ཁ་འབར།།
གྲངས་མེད་སེམས་ཅན་རྣམས་ཀྱང་དགའ་ཀྲོག་ཀྲོག།
རང་བྱུང་ཆོས་ཀྱི་གར་ལ་སྤྲོ་བ་སྐྱེད།།
ཡིད་མཐུན་སྙིང་སྡུག་དབྱངས་ཅན་ཁ་མི་སྐྱེངས།།
མཛའ་གཅུགས་གསེར་གྱི་ཟམ་པ་བརྟན་པོར་སྲུང་།།
སྙན་འཇེབས་ཚིག་གི་གླེགས་ཐག་བཀྲོལ་ནས་བལྟ།།
གང་ཚེ་ལས་ཀྱི་མྱོང་སྣང་རྒུད་ངེས་ཀྱང་།།
ཚེ་ཡི་དུར་སའི་ནང་ནས་དབྱངས་ཅན་འབོད།།
དགའ་དུངས་མདུད་པ་དགུ་སྒྲིལ་དམ་པོར་བཏང་།།
དབྱངས་ཅན་གླུ་ལ་ཚངས་སྲས་བཞད་སྒྲ་ལྷུང་།།
སྙན་པའི་ངག་གི་ལྷ་མོ་བདག་ཉིད་ཁམས།།
རྣམ་པར་མི་ལྡོག་བཞུགས་པས་དཔའ་སྤོབས་སྟེར།།
དྲིན་གཟོ་ཚིག་གི་མཆོད་པ་གཏོར་ཙམ་པོ།།
བརྗོད་འདོད་སྙིང་གཏམ་ལགས་པས་གསོན་མཛོད་དང་།།
ས་གསུམ་མཛེས་པའི་རྒྱན་དུ་ཕུལ་བ་དང་།།
ཡིད་ཀྱི་རྟོག་འགྱུས་སྒུམ་པའི་གླེགས་བམ་མོ།།
དབྱངས་ཅན་བག་མར་བསུ་བའི་ལེའུ་འོ།།
              ༢༠༢༡ ༡ ༡༤
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ངག་དབང་དབྱངས་ཅན་ལྷ་མོར་ཕུལ་བའི་སྙན་ཚིག་བུམ་པ་ཁ་འབྱེད།

2021-01-16 སྦྲང་ནག(དཀར་མཛེས) ཀློག་གྲངས། མཆན ཡོད།
ལན་ཅིག་ཚུར་ལ་གཟིགས་དང་དབྱངས་ཅན་ཨེ།།
སྤྱན་གྱི་འཁོར་ཕྱོགས་ཁྱོད་ལ་ལན་སྟོང་དུ།།
བལྟས་ཤིང་བལྟས་པས་བརྩེ་བའི་ལན་བུ་བསླེས།།
བརྩེ་བའི་སྨུག་པ་གྱོན་པའི་སྤྲེའུ་ཆུང་གིས།།
བས་མཐའི་ནགས་ཚལ་ཁྲོད་ནས་ཁྱོད་རང་དྲན།།
ཁྱོད་རང་དགོད་ན་འདབ་ཆགས་རྣམས་ཀྱང་དགོད།།
ཁྱོད་རང་སྡུག་ན་ཉི་ཟླ་གཉིས་ཀྱང་སྡུག།
མཇོ་སྒེག་རྫོགས་པའི་ལང་ཚོ་མ་རྙིངས་པའི།།
མཁའ་འགྲོའི་ཕོ་བྲང་ནང་གི་དབྱངས་ཅན་ལ།།
དགའ་བའི་སེམས་པས་སེམས་ལ་རེག་དགོས་བྱུང་།།
དབྱངས་ཅན་ཁྱོད་ནི་གཅིག་པུར་གང་དུ་འགྲོ།།
མིག་ཆུ་མང་བའི་བུ་ཆུང་ཤུལ་དུ་བསྐྱུར།།
ཡིད་ཀྱི་ཀོ་གྲུ་བསྐོར་ཏེ་རྗེས་སུ་འདེད།།
རྣམ་ཤེས་སོ་སོར་བཏུབས་ཏེ་གཙང་བོ་བརྒལ།།
གཟན་སྣེ་ཁ་ཚར་ཤིག་ཤིག་རླུང་དང་བསྡེབས།།
མཆུ་སྒྲོས་འཛུམ་མདངས་ལྷུག་ལྷུག་ཚུར་ཚུར་རྒྱུག།
ཨུཏྤལ་མིག་ཅན་མ་ལ་དམ་པོར་འཁྱུད།།
བྱམས་དུངས་ཤིང་གི་གླེགས་བུ་མ་འཐོར་བའི།།
ཞེ་འདང་ཐིག་རེའི་སྟེང་ལ་འཇའ་ཚོན་འཆར།།
འཇའ་ཐོག་བདག་ནི་ལས་ཀྱི་ངལ་གསོ་རོལ།།
མུན་པས་གཞིས་ཀ་གཏིབས་ཀྱང་འོད་ཟེར་འདྲེན།།
སྙིང་གཏམ་མཚར་སྒྲུང་ཆད་ཀྱང་སྐར་མ་རྩི།།
ཡིད་སེམས་གློ་བུར་སྨྲེང་ན་བཤུམ་ན་ཤུམས།།
མི་སེམས་ཁ་རོག་དགའ་ན་བགད་ན་དགོད།།
བདག་ནི་ཅི་རུང་ཆུ་སྤྲིན་གུར་ཁང་ནང་།།
སྒྱུ་མའི་མེ་ཏོག་བཀྲམ་སྟེ་ཁྱོད་ལ་ལྟ།།
བྱིས་པའི་ངང་ཚུལ་སྲུང་གིན་ཧད་དེ་ལྟ།།
དེ་ལྟ་ལགས་ཏེ་ཀྱེ་ཀྱེ་དབྱངས་ཅན་ཨེ།།
ཆགས་པའི་རླུང་བུ་གཡུག་པ་ག་རེ་རེད།།
རླུང་བུས་མཚོ་མོ་སྐྱོམ་པ་ཅི་ཞིག་རེད།།
མཚོ་མོས་ཁུར་བའི་འཁྲེང་སེམས་བསྐམ་མི་འགྱུར།།
དུས་ཀྱི་སོར་རྩེས་བྲེགས་ནས་མ་འཐོར་ན།།
ང་ཡི་སྙིང་སྡུག་དབྱངས་ཅན་ཁྱོད་རང་ལ།།
རྣམ་པར་དག་པའི་དགའ་བས་དྲོད་ཁོལ་སྦྱིན།།
སྙན་པའི་བརྡ་གླུ་བཞེངས་དང་དབྱངས་ཅན་ཨེ།།
རྒྱུད་མངས་ཐེངས་ཤིག་ཁྲོལ་དང་དབྱངས་ཅན་ཨེ།།
ཞེ་འཛིན་ཨ་འཐས་རོལ་མོ་རྡུང་ནུས་པའི།།
བདག་ནི་ངག་གི་སྐྱོ་དབྱངས་གསིལ་མཁན་ལགས།།
ད་ནི་དབྱངས་ཅན་སྒྱུ་མའི་བརྡ་གླུ་ལ།།
ཨམ་འབྱོག་ཀྲོང་ངེ་གཏད་དེ་མཉན་པར་བྱ།།
དབྱངས་ཅན་ཁྱོད་ཀྱིས་དང་དུ་ལེན་རོགས་གནང་།།
ཞེན་པ་ལང་ཤོར་མ་འདི་བག་ཕེབས་ཆེད།།
མཁའ་འགྲོའི་རྒྱལ་ས་དེ་ནས་ཉམས་གླུ་ཞིག།
མགྲིན་པའི་ཨོལ་མདུད་གྲོལ་ཕྱིར་ཚུར་ལ་དེངས།།
དབྱངས་ཀྱི་འགྲོས་ལ་སིམ་པའི་རྣམ་ཤེས་ནི།།
ཉམས་པ་མི་མངའ་དགྱེས་པའི་དཔལ་དུ་སྤྲོ།།
རྟག་ཏུ་རོལ་བའི་སྐལ་བ་རྙེད་པའི་ཚེ།།
བློ་འདས་མི་གཡོ་ཏིང་འཛིན་རང་སར་འཇོག།
རིག་བྱེད་ཚིག་གི་བདུད་རྩི་ཅིར་ཡང་མཆོད།།
གསང་བའི་ནམ་མཁའ་འབྱེད་ལ་བདག་ཀྱང་བརྙེས།།
ཨེ་མ་དབྱངས་ཅན་ལྟོས་དང་ཟླ་བ་ལ།།
ཚོགས་དྲུག་ཐང་དུ་འཚེར་བའི་ཟླ་བར་ལྟོས།།
ཟླ་བའི་དཔེ་རུ་དབྱངས་ཅན་ར་མདའ་མངག།
ཚིག་གི་སྒྲོག་གུ་བརྟོལ་ལ་མངའ་དབང་འབྱོར།།
སྐྱེ་བོའི་ཚོགས་ཀྱི་ཡིད་ནི་བརྟན་པ་འཕྲོག།
ཡིད་འཕྲོག་སྔོ་བསང་མ་ཡི་བཟི་ཉམས་ཀྱིས།།
ཆགས་ལྡན་ཚོགས་ལ་འདོད་པའི་ཕུ་ཡང་འདེབས།།
ཡིད་འོང་རྣམ་འགྱུར་རེ་རེའི་ཕུག་པ་ན།།
ང་ནི་སྐབས་རེར་ངུས་ལ་ལན་རེར་འཛུམ།།
ཐུགས་རྗེའི་ཕྱག་གིས་དངོས་གྲུབ་བསྩལ་ཏུ་གསོལ།།
རྗེས་ཆགས་བྱིན་རླབས་འོད་སྣང་སྤྲོས་པར་ཤོག།
བག་ཡངས་ཐུགས་རྗེས་འཛིན་ལ་བཞུགས་པར་མཛོད།།
སྙན་དངགས་དགོས་འབྱུང་ནོར་བུའི་གཏེར་བརྙེས་པས།།
ལྷ་མོ་དབྱངས་ཅན་བཞུགས་པའི་དགའ་ཚལ་ནས།།
ཚོར་བའི་ཆར་ནི་ཟིམ་ཟིམ་ངང་གིས་བསྙིལ།།
རིང་ནས་གོམས་པའི་ཁྱོད་ཀྱི་གསང་གསུམ་ནི།།
མཐོང་ཐོས་དྲན་རེག་ཡུལ་དུ་གྱུར་པ་གང་།།
ཕུན་ཚོགས་མཚན་དཔེའི་རི་མོས་གཏམས་པར་བྱེད།།
དབྱངས་སྙན་རྣ་བར་འཇེབས་པ་མཁའ་འགྲོའི་གསུང་།།
སྒྲ་དབྱངས་རྟ་ལྗང་ཅན་དེ་ང་ལ་གཏོད།།
ཚངས་སྲས་ལྷ་ཡི་བུ་མོ་མཆོང་འོངས་ཏེ།།
སྙན་ཚིག་ནུ་ཞོ་བསྣུན་པའི་ལས་ལ་བྲེལ།།
མ་བཅོས་ངག་དང་བཅོས་མའི་གཤིས་སོགས་ཀྱིས།།
བདག་ནི་འདི་ནས་ཁྲིད་དེ་ཕར་ཕར་འགྲོ།།
རབ་འབྱམས་གཞོམ་གཞིག་བྲལ་བའི་འཆར་ཡན་དུ།།
དགའ་བདེའི་མེ་ཏོག་ཁྱེར་ཏེ་ཡོང་བས་ན།།
ཐ་སྙད་སྒྱུ་མའི་མཚོ་མོ་སྐམ་ན་སྐམ།།
སྒྲ་སྙན་རྒྱུད་སྐུད་ཕྲ་མོ་ཆད་ན་ཆད།།
མཚར་སྡུག་དབང་གཞི་བཀྲ་བའི་དབྱངས་ཅན་ལགས།།
ཚོར་རྟོག་ཚིག་གིས་བརྟོལ་བའི་རྒྱལ་ཁམས་ཀྱང་།།
ལག་མཐིལ་བ་མོ་བཞིན་དུ་མ་འཇིག་བར།།
དེ་སྲིད་སྙན་པའི་སྒྲ་ཡང་ཁྲི་མ་འབུམ།།
སྲིད་པའི་ཟླ་ཤེལ་ངོས་སུ་ཡང་ཡང་སྤུངས།།
སྟོང་ཉིད་གླུ་ཆུང་ལེན་པ་ཐོས་ལགས་སམ།།
ཡིད་ཀྱི་གདུང་བ་སེལ་མཁན་དགེ་མ་ཡིས།།
རྣ་བ་བླགས་ཏེ་ཉན་པའི་སྟན་ཐོག་ཏུ།།
ལེགས་བཤད་དབྱངས་ཀྱི་དགའ་སྟོན་ཅིར་ཡང་འགྱེད།།
སུ་དང་གང་གིས་དབང་ལྔའི་བགོ་སྐལ་ལ།།
ཚོར་བ་སྣ་ཚོགས་གྲུབ་པ་ཨེ་མ་རྨད།།
གསེར་ལྡན་ཁྱོན་ལ་བཤུམ་པའི་སྤྱན་ཆབ་དང་།།
སྲིད་པ་སྒུལ་བའི་སྒྲ་དབྱངས་རེ་རེ་ནི།།
སྒྱུ་མའི་གླིང་བུ་བཞིན་དུ་གང་སར་གྲགས།།
ཞི་བའི་དབྱངས་རྟ་རེ་ཡིས་བོགས་ཀྱང་འདོན།།
དབྱངས་ཀྱི་ཟབ་ཚད་འདི་ཞེས་མི་རྙེད་དོ།།
ཚོར་བའི་ཆུ་ཟིལ་འཇིངས་སུ་འཐིམ་པའང་།།
མིག་ཏུ་གནམ་ས་ཤོང་ལྟར་མི་ཡོང་ངོ་།།
ལེགས་བཤད་གསེར་གྱི་ངག་དབང་བསྐུར་དུ་གསོལ།།
དགའ་དད་འོ་ཆུ་གཅིག་ཏུ་འདྲེས་པའི་སར།།
དགེ་མ་གཅིག་པུ་ཁྱོད་ལས་གཉིས་གསུམ་སོགས།།
ཚེ་མཐའ་མ་གཏོང་བར་དུ་མི་འཚོལ་ལོ།།
འདྲིས་ཤིང་ལོབས་པ་ཁྱོད་རང་གཅིག་པུའོ།།
འཇིག་རྟེན་འཇིག་ན་མཉམ་དུ་འཇིག་ཆོག་མོད།།
ན་སོ་རྒས་ན་མཉམ་དུ་རྒས་ཆོག་མོད།།
སྔོན་འདྲིས་བག་ཆགས་ཟབ་མོས་ལོས་ཡིན་ཏེ།།
ང་ཡིས་སྙན་ངག་བྲིས་ཚེ་ཁྱོད་ཉིད་ཀྱིས།།
རྟག་ཏུ་གྲོགས་དན་མཛད་ཅིང་སེམས་གསོ་བྱེད།།
ཚོར་བའི་སྲིད་ཁམས་ཉུལ་བའི་བློ་མིག་དང་།།
རྟེན་དང་འབྲེལ་བ་ངེས་པའི་ཆོས་ཉིད་བཅས།།
དབྱངས་ཅན་བུ་མོའི་པང་དུ་གསལ་བར་བྱ།།
དབྱངས་ཅན་མཛངས་མའི་འཕྱོར་སྒེག་ངོམ་པ་ན།།
སྙན་ཚིག་འཇིག་རྟེན་གསོན་པོའི་ཆོ་ག་བསྐྲུན།།
ངག་གི་ལྗོན་པ་འགུལ་བའི་ཚན་ཁ་འབར།།
གྲངས་མེད་སེམས་ཅན་རྣམས་ཀྱང་དགའ་ཀྲོག་ཀྲོག།
རང་བྱུང་ཆོས་ཀྱི་གར་ལ་སྤྲོ་བ་སྐྱེད།།
ཡིད་མཐུན་སྙིང་སྡུག་དབྱངས་ཅན་ཁ་མི་སྐྱེངས།།
མཛའ་གཅུགས་གསེར་གྱི་ཟམ་པ་བརྟན་པོར་སྲུང་།།
སྙན་འཇེབས་ཚིག་གི་གླེགས་ཐག་བཀྲོལ་ནས་བལྟ།།
གང་ཚེ་ལས་ཀྱི་མྱོང་སྣང་རྒུད་ངེས་ཀྱང་།།
ཚེ་ཡི་དུར་སའི་ནང་ནས་དབྱངས་ཅན་འབོད།།
དགའ་དུངས་མདུད་པ་དགུ་སྒྲིལ་དམ་པོར་བཏང་།།
དབྱངས་ཅན་གླུ་ལ་ཚངས་སྲས་བཞད་སྒྲ་ལྷུང་།།
སྙན་པའི་ངག་གི་ལྷ་མོ་བདག་ཉིད་ཁམས།།
རྣམ་པར་མི་ལྡོག་བཞུགས་པས་དཔའ་སྤོབས་སྟེར།།
དྲིན་གཟོ་ཚིག་གི་མཆོད་པ་གཏོར་ཙམ་པོ།།
བརྗོད་འདོད་སྙིང་གཏམ་ལགས་པས་གསོན་མཛོད་དང་།།
ས་གསུམ་མཛེས་པའི་རྒྱན་དུ་ཕུལ་བ་དང་།།
ཡིད་ཀྱི་རྟོག་འགྱུས་སྒུམ་པའི་གླེགས་བམ་མོ།།
དབྱངས་ཅན་བག་མར་བསུ་བའི་ལེའུ་འོ།།
              ༢༠༢༡ ༡ ༡༤
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།