ངག་གི་སྡིག་སྒྲིབ་ཀྱི་གླུ།
ཚེ་མདུད་དཀར་པོ་ཅན་གྱི་ལྷ་ཞིག་མིན་ཡང་།།
ལས་ཀྱི་རླུང་བུ་འདི་དག་གང་སར་འཕུར་འགྲོ།།
གདོང་བ་དབྱངས་སུ་གྱེར་བའི་ངག་གི་མལ་ཆ།།
ཟླ་བ་ལྷོད་དུ་བཞུགས་པའི་སྒྲིབ་པ་མིན་ལགས།།
ངས་ཀྱང་སྡུག་གླུ་ནག་པོ་འཁོར་བར་ཕུལ་ནས།།
བསྟོད་པའི་ཟླ་བ་དཀར་པོ་ལག་ཏུ་བཟུང་མྱོང་།།
སྨད་པའི་དུག་གི་མདའ་མོ་སྙིང་རྩེར་ཕོག་མྱོང་།།
དེ་ཡང་ལོས་ཡིན་ཆོས་ཉིད་དྭངས་ཤ་ཉམས་སོང་།།
དེ་ཡང་ལོས་བདེན་རྒྱུ་འབྲས་མེ་ཏོག་སྐམ་སོང་།།
ནགས་ཀྱི་རླུང་བུ་འཁོར་བའི་དབུ་ལ་ལྷུང་ནས།།
དར་རྒུད་མེ་སྟག་དམར་པོ་རིང་དུ་མཆེད་དུས།།
ཚོར་བའི་རི་མོ་རེ་རེ་རིམ་བཞིན་གསལ་བཞག།
ངག་གི་འདར་རྒྱ་དཀྲོལ་བའི་སྒྱུ་མའི་གླུ་མཁན།།
མཚན་མོ་མུན་མར་རྒྱུ་བའི་སྒྲེན་མོར་འཕུར་མ།།
འདོད་པས་འདོད་པ་དེད་དེ་ཡོང་པ་ཡིན་ནམ།།
ཡང་ན་འཁོར་བའི་དབུ་ལ་རྐང་པ་བཞག་གམ།།
དེ་ཡང་མིན་ཏེ་ཆཊ་བཅས་སྤང་ཚུལ་ཡིན་ཟེར།།
འདི་ནས་ཡངས་བའི་ཐང་ཆེན་བྲིས་པ་མ་རེད།།
སྲོད་ཀྱི་རྟ་ཁྱུ་ཞོགས་པའི་སྒྲུང་རིང་མ་བརྩམས།།
ཡིད་བརྙན་མེ་ཏོག་སྟོང་གི་འདས་དོན་བྲིས་ཏེ།།
འཆི་བ་སྒོ་ཁར་བཅར་བའི་མགུར་གླུ་གཉོམ་པོ།།
ལུས་ཀྱི་ཐེག་པར་དཀའ་བའི་སྡིག་སྒྲིབ་ཡིན་ནོ།།
འཆལ་འཆོལ་ཡིན་པ་སྲིད་པའི་སོ་སྐྱེས་དེ་ཡིན།།
འགྱུར་རྒྱུ་མེད་པ་གནམ་མཁའི་ལྷ་མོ་རེད་བཞག།
གང་ལྟར་དེ་ཡང་ཆགས་པས་དེད་ནས་ཡོང་ན།།
ཉི་མ་གློ་བུར་མུན་པའི་བཟུང་ལུགས་ཡོད་མོད།།
ངས་ཀྱང་དེ་ཉིད་གོ་བར་གསལ་བོར་བྱས་ཤིང་།།
ཆོས་ཉིད་ཕྱོགས་རིས་ཅན་མ་དགའ་བ་བྲལ་ལོ།།
གདུང་བ་ཟབ་སར་བྲིས་ཀྱང་ཞེན་པ་ལྷུང་འདུག།
སྐར་ཆེན་སྐར་ཆུང་བཞིན་དུ་མིག་ལ་མཛེས་ཀྱང་།།
དྲན་པའི་དབང་བོ་འཕྲོད་པའི་ཟླ་བོ་སླེབས་མེད།།
ཟླ་བ་གཟའ་ཡི་བཟུང་བས་དུས་སུ་སླེབས་མེད།།
ཟབ་པ་ཟབ་པར་ཆགས་པའི་ལུང་ཁུག་དེད་དེ།།
དབྱངས་ཀྱི་ཚེ་སྲོག་འཕྲོག་པའི་ཉིན་མོ་རྙེད་ནས། །
དུར་ས་ཡང་ཡང་སློག་པའི་དཔའ་བོ་མིན་ཡང་།།
དྲན་པ་ཡང་ཡང་འགུལ་བ་དུས་ཀྱི་འཕོ་འགྱུར།།
རོལ་མོ་སྙན་པར་འཁྲོལ་ཞིང་འཕྲོག་པ་འདི་དག།
མཚན་གྱི་གསང་བའི་རྣམ་ཐར་འཁྲབ་པ་ཡིན་ན།།
མྱོང་བ་ཕྲ་རགས་འགའ་ཞིག་གླེང་ཚོད་མི་འདུག།
ལྷན་གཅིག་འཛོམས་པ་དེ་ནི་ལས་འཕྲོ་རང་རེད།།
༢༠༢༡/༡༢/༨/ཉིན་ཡུལ་དབུ་མ་ནས་བྲིས།

རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།