འབྲུག་གཞས་སྣང་བ་སྒོ་བཀག་མ།

གཙང་པོ།(ས་གནས་མི་གསལ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-03-22
                     ____“ན་མ་ལ་སངས་སེ་སངས།།ན་མ་ལ་སང་སེ་བསང་།།” འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་ལས་དྲངས། 
རབ་བྱེད་དང་བོ།  ས་ཆུ་མེ་རླུང་ནམ་མཁའ་སྒྲོལ་མ། 

གང་ཚེ་འགྲོ་བའི་དབང་པོ་དེས།།    སྲིད་ཞིའི་དཔུང་འཇོམས་རུ་མཚོན་སྟོང་།།
རྣམ་པར་རྒྱལ་ལ་བསྒྲེངས་མཛད་པ།།     ལྷ་ལས་ཕུལ་དུ་བྱུང་ཉིད་ཀྱིས།།
ལྗགས་འདི་སྨྲ་བ་བསྙུངས་བའི་ངང་།།     ས་ནི་ས་ལ་ཐིམ་མོ་ཞེས།།
རྟེན་འབྱུང་འཁོར་ལོ་མ་འགག་པའི།།   རྗེས་སུ་བསྟན་པའི་ཆོ་འཕྲུལ་འགྱེད།།
དེ་ཚེ་ཐོལ་བྱུང་རིག་པའི་གླུ།།    དྲུག་འགྱུར་མགྲིན་པའི་ཡུར་བར་དྲངས།།
སྣང་སྟོང་གར་གྱི་ཕྱག་རྒྱའི་ཏོག།    མི་ཕྱེད་གཞི་སྣང་འདབ་བརྒྱད་འཁྲུངས།།

རབ་བྱེད་གཉིས་པ།     པི་ཝང་གླིང་བུ་སྒྲ་སྙན་སྒྲོལ་མ།

སླར་ཡང་སྙན་འགྱུར་རྒྱུད་མངས་རབ་དཀྲོལ་བས།།  བཅུ་དྲུག་ལུས་ཕྲའི་ལང་ཚོའི་ལྡེམ་སྒེག་གཡོ།།
དེ་ཚེ་དྲང་སྲོང་ལྷ་ཡི་ལྷ་མཆོག་གི།།     རྨད་བྱུང་ལྟ་ན་སྡུག་པའི་ཞིང་ཁམས་ནས།།
མཁའ་ལྡིང་འདབ་མའི་ཟློས་གར་ཉམས་བརྒྱད་ཀྱིས།།   སྤྲིན་ལམ་འཕྲེད་ཀྱིས་གཅོད་པའི་ངང་ཚུལ་ཅན།།
མཐོང་བའི་མོད་ལ་ལྟ་བའི་གདེང་བསྐྱེད་པའི།།   གཞོན་ནུ་ཟུར་ཕུད་ལྔ་བའི་མཚན་ཅན་ནི།།
འོད་སྲུང་བསིལ་བའི་ཚལ་ལས་ཀུ་མུད་ལྟར།།   སྙེམས་བྱེད་མཁའ་གླང་དུག་གིས་མ་ཕོག་པ།།
ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་རྨད་པོ་ཆེ།།   ཟུང་འཇུག་དཔག་བསམ་སྙེ་མའི་ཁུར་དུ་མཛེས།།

རབ་བྱེད་གསུམ་པ། སྟག་གཟིག་དོམ་དྲེད་དུག་སྦྲུལ་སྒྲོལ་མ།

གལ་ཏེ་བསེར་བུ་ལྷོད་ཀྱིས་རྒྱུ་བས།།    སེམས་ཀྱི་འདབ་ལོ་ཕྱོགས་སུ་གཏོར་ན།།
དེ་ནི་རི་རྩེའི་ཉི་ནུབ་སྟོང་གི།།    གཟི་བྱིན་ཡོངས་སུ་བདོ་བ་ཡིན་ནོ།།
ཡང་ན་བུ་ཆུང་ཞིང་སྐྱོང་འབྲུག་གྲགས།།   གམ་པ་ལ་མོར་བརྒལ་བ་རེད་དོ།།

གློ་རྡེག་སྤྲིན་འཁྲིགས་ཆར་བའི་ཚོགས་ཀྱང་ནི།། 
སེམས་ཉིད་འོད་གསལ་ཀློང་དུ་ཐིམ་པ་བཞིན།། 
སྐྱེ་མེད་འགག་པ་མེད་པའི་བང་རིམ་ནས།། 
ངོ་མཚར་རྟེན་འབྱུང་ཐོལ་སྐྱེས་དབྱིངས་སུ་ཞི།།
རབ་བྱེད་བཞི་བ། ཀ་ར་བུ་རམ་སྦྲང་རྩི་སྒྲོལ་མ།

སྣང་སྟོང་གར་གྱིས་བཞེངས་པའི་ཕོ་བྲང་གི་དབུས་སུ་ 
སྒྱུ་འཕྲུལ་གྱི་ཕྱེ་ལེབ་མང་བོས་རྨི་ལམ་གྱི་ཟློས་གར་འཁྲབ།  

བར་སྐབས་དེའི་མི་ཚོགས་ནི་འོད་ཟེར་གྱི་དཀྱིལ་འཁོར་ཡངས་པར་ 
ཐབས་ཤེས་ཀྱི་དབྱངས་འགྲོས་ཐོག་ཏུ་འཚོ་བའི་སེམས་ཅན་སྐོར་གཅིག་ཡིན།  

མཁའ་རུ་འཕགས་པའི་རྒྱུ་སྐར་དག་གི་ཁྲོད་ན་ 
དུས་ཚོད་ཀྱི་རབ་ཁ་ལས་ཐར་བའི་ལྐོག་གྱུར་གྱི་གཅན་གཟན་ནི་  
མ་འོངས་པ་ལུང་བསྟན་པའི་ཚིག་ཚོགས་ཀྱི་གསེབ་ཏུ་ཐིམ་སྟེ་  
བར་སྣང་གི་ཕོ་བྲང་ནས་རང་བྱུང་གི་ཆོས་ཉིད་སྟོན་པར་བྲེལ། 
རབ་བྱེད་ལྔ་བ།  རྒྱོ་འདོད་ངོ་ཚ་ལྷ་ཆོས་སྒྲོལ་མ།      

རླུང་གཡུག་དུས་     
ཆགས་སྲེད་ཀྱི་འདབ་མ་དག་ཕྱོགས་སུ་ཁུར་ནས་  
སོ་སོའི་ནང་སེམས་ཀྱི་གཙང་བོའི་ནང་དུ་ལྷུང་    
དེ་དུས། མི་རྣམས་ཀྱིས་ཆོས་ལུགས་ཀྱི་རྐང་བར་འཇུས་ཏེ་  
ལྷ་ཆེན་པོ་རྣམས་ལ་སྐྱབས་འཇུག་ཡང་ཡང་ཞུས།     

ཤེས་རབ་ཀྱི་རང་བཞིན་ཡུན་རིང་དུ་བཙལ་རྗེས་  
སྨྲ་བ་མེད་པའི་གསེར་སྐུ་དེ་དག་གིས་ 
སྡེ་མཐའི་བུ་མོ་དེ་ལ་མཛུབ་མོས་བསྟན་བྱུང་། 
གློ་རྡེག་ཏུ། མི་ཚོགས་ནི་དད་སྲེད་གཉིས་ཀྱི་བར་དུ་མགོ་ཡུ་འཁོར། 

ས་ཆེན་གྱི་ཕང་བ་ནས་རྙེད་པའི་མེ་ཏོག་དེ་  
སྨྲ་བསམ་བརྗོད་འདས་ཀྱི་ཚོར་འདུའི་ཀླུང་དུ་གཡུགས་རྗེས་ 
རྒྱུ་རྐྱེན་རྟེན་འབྲེལ་གྱི་ཆོས་ཉིད་དང་བསྟུན་ནས་
སྙིང་རྗེ་ཐབས་ཀྱི་བསིལ་རླུང་ལྷོད་ཀྱིས་ལྡང་བས་
ཞིམ་ངད་ཀྱི་དྲི་བསུང་ཡངས་པའི་འཇིག་རྟེན་དུ་ཁྱབ་པར་བྱས། 

                            ༢༠༢༡-༣-༨
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

འབྲུག་གཞས་སྣང་བ་སྒོ་བཀག་མ།

2021-03-22 གཙང་པོ།(ས་གནས་མི་གསལ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།