རྒ་བའི་གླུ།(ཞར་བཀོད་གཅིག་ཡོད)
ང་རང་བྱ་རྒྱལ་རྒོད་པོ་སྟེ།།
གཤོག་སྒྲོའི་སྟེང་དུ་ཉི་ཟླ་དང་།།
དབྱར་དགུན་སྟོན་དཔྱིད་རིམ་བཞིན་ཚེས།།
དཔའ་དང་སྟོབས་ཀྱིས་ལྡིང་ན་ཡང་།།
སྙིང་རྗེ་མེད་པའི་དུས་ཚོད་ཀྱི།།
རླུང་གི་སྤུ་གྲིའི་སོ་ཁ་ནས།།
ཆར་ཆུས་བཀྲུས་པའི་མཉེན་འཇམ་གྱི།།
གཤོག་སྒྲོའི་འདབ་ལོ་འཐོར་བའི་ཚུལ།།
སྙིང་ལ་ཇི་ལྟར་གཟན་ན་ཡང་།།
ཅི་ཞིག་བྱས་ཀྱང་འགོག་མེད་ཀྱི།།
ལོ་ཟླ་རླུང་གི་གཙང་བོ་ནི།།
ཤིན་ཏུ་འཇམ་པའི་ཚུལ་གྱིས་བཞུར།།
མཐའ་མ་མཐའ་མའི་སེམས་འདི་ཡང་།།
རང་གི་གླུ་སྐད་གཅིག་པུས་གསོ།།
སྙན་འཇེབས་མེད་ཀྱང་བྱ་ཐབས་ཅི།།
གློག་གིས་ཤིན་ཏུ་བཅོས་པ་ཡི།།
སྙིགས་མའི་གླུ་བའི་གཞས་དག་གིས།།
བཅོས་མིན་སེམས་ཀྱི་དབྱིངས་རིག་ལ།།
གཡོ་འགུལ་ནུས་པ་མ་ཡིན་ནོ།།
2021-4-4-ཉིན།
དོ་ནུབ་མགྲིན་པའི་རྩ་མདུད་གྲོལ།།
སེམས་ཀྱི་རི་ལ་འཁྲིགས་པ་ཡི།།
གདུང་བའི་སྨུག་པ་དལ་གྱིས་གློད།།
ལོ་ཟླའི་དྲན་པ་མཆོད་མེ་བཞིན།།
གཏན་དུ་མི་གཟིམ་འབར་ཚུལ་བཤད།།
ཡུན་རིང་བྲང་གཞུང་འཁྱིལ་བ་ཡི།།
མཚོ་ངོགས་ཟླ་བ་འདར་ཚུལ་བཤད།།
ཕྱི་དྲོའི་མང་པོའི་ད་ཚད་ལ།།
རྣམ་རྟོག་ཆུ་ཡི་གཉེར་མ་བཞིན།།
སེམས་ཀྱི་ཟབ་སར་ཐིམས་ཚུལ་བཤད།།
ཚང་དུ་ལོག་པའི་འདབ་ཆགས་ཀྱི།།
གཤོག་སྒྲོའི་སྟེང་དུ་ཟིལ་བ་ཆགས།།
ལན་རེར་རི་མགོ་ཉི་མ་ཡི།།
དྲན་གདུང་སྐྱ་ཐིག་སྒྲོ་སྟེང་ལྷུང་།།
སྨྲེང་བ་འཁུར་བའི་བྱ་ཁྱུ་འདི།།
རབ་ཏུ་ཁྲོས་པའི་ཉམས་ཀྱིས་འཕུར།།
བར་སྣང་སྟོང་པར་སྒྲོ་ལྕག་གཞུས།།
མགོ་ཐོག་ཉི་མའི་འོད་ཟེར་ཡང་།།
ཤིན་ཏུ་སྐྱོ་བའི་ཚུལ་གྱིས་འཕྲོས།།
རས་གཟན་སྒུལ་བའི་རླུང་བུ་དག།
ཞེན་ཆགས་དྲག་པོ་དང་བཅས་གཡུག།
2021-4-4-ཉིན།
གཤོག་སྒྲོའི་སྟེང་དུ་ཉི་ཟླ་དང་།།
དབྱར་དགུན་སྟོན་དཔྱིད་རིམ་བཞིན་ཚེས།།
དཔའ་དང་སྟོབས་ཀྱིས་ལྡིང་ན་ཡང་།།
སྙིང་རྗེ་མེད་པའི་དུས་ཚོད་ཀྱི།།
རླུང་གི་སྤུ་གྲིའི་སོ་ཁ་ནས།།
ཆར་ཆུས་བཀྲུས་པའི་མཉེན་འཇམ་གྱི།།
གཤོག་སྒྲོའི་འདབ་ལོ་འཐོར་བའི་ཚུལ།།
སྙིང་ལ་ཇི་ལྟར་གཟན་ན་ཡང་།།
ཅི་ཞིག་བྱས་ཀྱང་འགོག་མེད་ཀྱི།།
ལོ་ཟླ་རླུང་གི་གཙང་བོ་ནི།།
ཤིན་ཏུ་འཇམ་པའི་ཚུལ་གྱིས་བཞུར།།
མཐའ་མ་མཐའ་མའི་སེམས་འདི་ཡང་།།
རང་གི་གླུ་སྐད་གཅིག་པུས་གསོ།།
སྙན་འཇེབས་མེད་ཀྱང་བྱ་ཐབས་ཅི།།
གློག་གིས་ཤིན་ཏུ་བཅོས་པ་ཡི།།
སྙིགས་མའི་གླུ་བའི་གཞས་དག་གིས།།
བཅོས་མིན་སེམས་ཀྱི་དབྱིངས་རིག་ལ།།
གཡོ་འགུལ་ནུས་པ་མ་ཡིན་ནོ།།
2021-4-4-ཉིན།
༈ཞེད་པོའི་གླུ་ཕྱི་དྲོ་ཞིག་ལ་ཟེར་བར་ཉན་རྗེས།
དོ་ནུབ་མགྲིན་པའི་རྩ་མདུད་གྲོལ།།
སེམས་ཀྱི་རི་ལ་འཁྲིགས་པ་ཡི།།
གདུང་བའི་སྨུག་པ་དལ་གྱིས་གློད།།
ལོ་ཟླའི་དྲན་པ་མཆོད་མེ་བཞིན།།
གཏན་དུ་མི་གཟིམ་འབར་ཚུལ་བཤད།།
ཡུན་རིང་བྲང་གཞུང་འཁྱིལ་བ་ཡི།།
མཚོ་ངོགས་ཟླ་བ་འདར་ཚུལ་བཤད།།
ཕྱི་དྲོའི་མང་པོའི་ད་ཚད་ལ།།
རྣམ་རྟོག་ཆུ་ཡི་གཉེར་མ་བཞིན།།
སེམས་ཀྱི་ཟབ་སར་ཐིམས་ཚུལ་བཤད།།
ཚང་དུ་ལོག་པའི་འདབ་ཆགས་ཀྱི།།
གཤོག་སྒྲོའི་སྟེང་དུ་ཟིལ་བ་ཆགས།།
ལན་རེར་རི་མགོ་ཉི་མ་ཡི།།
དྲན་གདུང་སྐྱ་ཐིག་སྒྲོ་སྟེང་ལྷུང་།།
སྨྲེང་བ་འཁུར་བའི་བྱ་ཁྱུ་འདི།།
རབ་ཏུ་ཁྲོས་པའི་ཉམས་ཀྱིས་འཕུར།།
བར་སྣང་སྟོང་པར་སྒྲོ་ལྕག་གཞུས།།
མགོ་ཐོག་ཉི་མའི་འོད་ཟེར་ཡང་།།
ཤིན་ཏུ་སྐྱོ་བའི་ཚུལ་གྱིས་འཕྲོས།།
རས་གཟན་སྒུལ་བའི་རླུང་བུ་དག།
ཞེན་ཆགས་དྲག་པོ་དང་བཅས་གཡུག།
2021-4-4-ཉིན།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།