དུས་ཆེན་སུམ་འཛོམས་ཉིན་མོར་སླར་ཡང་བོད་ལ་བལྟས་པ།
ཀ་ཡིག་དབྱངས་གསལ་སོ་བཞིའི་གྲངས་ལྡན་གྱིས།།
ཁ་བའི་ལྗོངས་ཀྱི་ཟུར་ཙམ་འབྲི་འདོད་སྐྱེས།།
ག་ཤེད་ཅིག་ནས་འོངས་པའི་ཚོར་བ་འདི།།
ང་ལ་ཚངས་དབྱངས་ལྷ་མོས་བརྡ་རུ་སྦྲན།།
ཅ་ཅོའི་གཏམ་ལ་ཆ་འཇོག་ཅི་ཡང་མེད།།
ཆ་ལུགས་གང་དགར་སྒྱུར་ལ་ངོ་ཚ་མེད།།
ཇ་ཆང་གང་ནས་རེག་ན་དེ་ནས་སྐྱིད།།
ཉ་མོ་འདི་འདྲ་ང་ཚོའི་བོད་ན་མང་།།
ཏ་ལེན་ཁུར་ནས་ཚོང་ར་འགྲིམ་མཁན་དང་།།
ཐ་སྙད་བརྩད་ནས་ཆོས་ར་འགྲིམས་མཁན་གཉིས།།
ད་ལྟའི་དུས་འདིར་འཚམས་མིན་གང་ལྟར་ཡང་།།
ན་ནིང་དོ་ཚིགས་ཇེ་མང་ཇེ་མང་རེད།།
པ་ཕའི་བརླ་བརྡུངས་བྱེད་པའི་བུ་རལ་གཅིག།
ཕ་མེས་རིག་གཞུང་འཚོང་བའི་ཟོག་པོ་གཉིས།།
བ་གླང་ལྟ་བུའི་བླུན་ཞིང་རྨོངས་པ་གསུམ།།
མ་གྱུར་སེམས་ཅན་ཟེར་བའི་བོད་ན་མང་།།
ཙ་རིའི་གནས་སྐོར་བྱེད་པའི་དད་ལྡན་མང་།།
ཚ་གྲང་གང་ལ་མི་འཛེམས་རོང་འབྲོག་མང་།།
ཛ་ཡའི་གསུང་རབ་ཀློག་པའི་དགེ་འདུན་མང་།།
ཝ་ལེར་བསམ་ཚེ་བོད་ན་ཅི་ཡང་མང་།།
ཞྭ་ལྟར་བཀུར་ན་རྐང་གི་ལྷམ་ཡང་འདོད།།
ཟ་གཉིད་ཁོ་ན་ལྷ་ཡིས་གནང་བར་འདོད།།
འ་ཅག་ཚང་མ་མྱུར་མོར་སངས་རྒྱས་ཞེས།།
ཡ་མཚན་སྒྲོག་མཁན་དག་ཀྱང་བོད་ན་མང་།།
ར་ལུག་བཙོང་ནས་ཁེ་ཕོག་མ་ལོན་ཞིང་།།
ལ་ལུང་མྱུལ་ནས་རང་ཁ་མ་སོས་ཀྱང་།།
ཤ་གཟན་གདོང་དམར་བོད་ཀྱི་རྒྱུད་པ་ཞེས།།
ས་སྟེང་འུར་གྱིས་སྒྲོག་མཁན་བོད་ན་མང་།།
ཧ་ཅང་མང་ན་ཧ་ཅང་ཧམ་པར་འགྱུར།།
ཧ་བོ་ཟེར་ནས་རྒྱུགས་མཁན་མང་ཡང་སྲིད།།
ཨ་ལ་ཀུ་རེ་ཙམ་ཡིན་ཨ་རོགས་ཚོ།།
ཨ་བོའི་གཏམ་ལ་ཚིག་པ་མ་ཟ་ཨང་།།
༢༠༢༡ ༥ ༢༦ ཉིན་ཟི་ལིང་།
ཁ་བའི་ལྗོངས་ཀྱི་ཟུར་ཙམ་འབྲི་འདོད་སྐྱེས།།
ག་ཤེད་ཅིག་ནས་འོངས་པའི་ཚོར་བ་འདི།།
ང་ལ་ཚངས་དབྱངས་ལྷ་མོས་བརྡ་རུ་སྦྲན།།
ཅ་ཅོའི་གཏམ་ལ་ཆ་འཇོག་ཅི་ཡང་མེད།།
ཆ་ལུགས་གང་དགར་སྒྱུར་ལ་ངོ་ཚ་མེད།།
ཇ་ཆང་གང་ནས་རེག་ན་དེ་ནས་སྐྱིད།།
ཉ་མོ་འདི་འདྲ་ང་ཚོའི་བོད་ན་མང་།།
ཏ་ལེན་ཁུར་ནས་ཚོང་ར་འགྲིམ་མཁན་དང་།།
ཐ་སྙད་བརྩད་ནས་ཆོས་ར་འགྲིམས་མཁན་གཉིས།།
ད་ལྟའི་དུས་འདིར་འཚམས་མིན་གང་ལྟར་ཡང་།།
ན་ནིང་དོ་ཚིགས་ཇེ་མང་ཇེ་མང་རེད།།
པ་ཕའི་བརླ་བརྡུངས་བྱེད་པའི་བུ་རལ་གཅིག།
ཕ་མེས་རིག་གཞུང་འཚོང་བའི་ཟོག་པོ་གཉིས།།
བ་གླང་ལྟ་བུའི་བླུན་ཞིང་རྨོངས་པ་གསུམ།།
མ་གྱུར་སེམས་ཅན་ཟེར་བའི་བོད་ན་མང་།།
ཙ་རིའི་གནས་སྐོར་བྱེད་པའི་དད་ལྡན་མང་།།
ཚ་གྲང་གང་ལ་མི་འཛེམས་རོང་འབྲོག་མང་།།
ཛ་ཡའི་གསུང་རབ་ཀློག་པའི་དགེ་འདུན་མང་།།
ཝ་ལེར་བསམ་ཚེ་བོད་ན་ཅི་ཡང་མང་།།
ཞྭ་ལྟར་བཀུར་ན་རྐང་གི་ལྷམ་ཡང་འདོད།།
ཟ་གཉིད་ཁོ་ན་ལྷ་ཡིས་གནང་བར་འདོད།།
འ་ཅག་ཚང་མ་མྱུར་མོར་སངས་རྒྱས་ཞེས།།
ཡ་མཚན་སྒྲོག་མཁན་དག་ཀྱང་བོད་ན་མང་།།
ར་ལུག་བཙོང་ནས་ཁེ་ཕོག་མ་ལོན་ཞིང་།།
ལ་ལུང་མྱུལ་ནས་རང་ཁ་མ་སོས་ཀྱང་།།
ཤ་གཟན་གདོང་དམར་བོད་ཀྱི་རྒྱུད་པ་ཞེས།།
ས་སྟེང་འུར་གྱིས་སྒྲོག་མཁན་བོད་ན་མང་།།
ཧ་ཅང་མང་ན་ཧ་ཅང་ཧམ་པར་འགྱུར།།
ཧ་བོ་ཟེར་ནས་རྒྱུགས་མཁན་མང་ཡང་སྲིད།།
ཨ་ལ་ཀུ་རེ་ཙམ་ཡིན་ཨ་རོགས་ཚོ།།
ཨ་བོའི་གཏམ་ལ་ཚིག་པ་མ་ཟ་ཨང་།།
༢༠༢༡ ༥ ༢༦ ཉིན་ཟི་ལིང་།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།