ང་རང་བྱིས་པ་ཡིན་དུས།
ང་ཡི་ཕ་ཡུལ་ཁམས་ཀྱི་སྟོད་ནས་ཡིན།།
ཤོད་ཆེན་བཅོ་བརྒྱད་ནང་གི་དཀར་ཤོད་ཅེས།།
ས་མ་འབྲོག་གི་ལུང་པ་དེ་ནས་ཡིན།།
ཆུང་དུས་མིང་ལ་སྔོ་ཡུ་རམ་དག་ཟེར།།
དེ་ནི་གཅེས་མིང་མ་རེད་ངན་མིང་རེད།།
གཅེན་མིང་བཤད་ན་ཨ་ཡུ་བསོད་འབྱོར་རེད།།
གྲོང་པའི་ཨ་ཉོག་ནང་གི་དཔོན་པོ་ཡིན།།
དགུན་དུས་རི་ལ་ཕྱུགས་རྫི་འགྲོ་མཁན་ཡིན།།
རི་མགོའི་ནོར་རྫི་འགའ་ཡི་གཡོག་པོ་ཡིན།།
ས་ཆུ་དྲོས་དུས་ཞིང་ལས་བྱེད་མཁན་ཡིན།།
རོང་འབྲོག་ལས་ཀ་ཅུང་ཙམ་ཤེས་མཁན་ཡིན།།
མགོ་ལུས་ཤིག་དང་སྲོ་མ་འབེལ་ཤོས་ཡིན།།
གྱོན་པ་པགས་ཚགས་ཧྲལ་ཧྲུལ་གྱོན་མཁན་ཡིན།།
སྐེ་རགས་དམ་པོ་བཅིང་ནས་འགྲོ་མཁན་ཡིན།།
རྐང་པར་བོད་ལྷམ་མཐིལ་བིག་གྱོན་མཁན་ཡིན།།
ལྷམ་སྒྲོག་ལྷ་དེ་ལྷོད་དེ་བཅིང་མཁན་ཡིན།།
དོར་མ་རྟ་རལ་ཐབས་ཆག་གྱོན་མཁན་ཡིན།།
ལམ་བགྲོད་སྐྱ་མི་རྡོ་རྡུང་བྱེད་མཁན་ཡིན།།
རི་མགོའི་རྫི་བོར་རྒྱག་རེས་སློང་མཁན་ཡིན།།
ཆུ་མགོའི་སྦུག་ལ་གཅིན་སྐྱག་གཏོང་མཁན་ཡིན།།
བྱ་བྱིའུ་ཚང་གི་སྒོ་ང་བཅག་མཁན་ཡིན།།
ཁ་བ་བབས་དུས་བྱིའུ་བཟུང་མཁན་ཡིན།།
ཆར་པ་བབས་དུས་གཅེར་རྒྱུག་བྱེད་མཁན་ཡིན།།
དབྱར་གཞུང་རྫིང་བུའི་ཉ་སྦལ་འཛིན་མཁན་ཡིན།།
དགུན་གཞུང་དར་ཁར་འཁྱག་ཤུད་གློད་མཁན་ཡིན།།
གངས་དང་བྱེ་མར་རི་མོ་འབྲི་མཁན་ཡིན།།
ས་དང་རྡོ་ལ་འབེན་རྩེད་རྩེ་མཁན་ཡིན།།
ཕ་མས་རྡུང་ན་མཆི་མ་བཞུར་མཁན་ཡིན།།
གཞན་དང་འཛིང་ན་མིག་ཆུ་མེད་མཁན་ཡིན།།
མ་ཐོབ་བར་དུ་མ་རབས་བྱེད་མཁན་ཡིན།།
ན་མཉམ་ལག་ནས་རྩེད་ཆས་འཕྲོག་མཁན་ཡིན།།
ལོ་བརྒྱད་ལོན་རྗེས་སློབ་གྲྭར་འགྲོ་མཁན་ཡིན།།
འཛིན་གྲྭའི་ནང་གི་སློབ་སྦྱོང་ཡག་གྲལ་ཡིན།།
སློབ་གྲྭའི་ནང་ནས་གཏོར་བཤིག་ཚ་ཤོས་ཡིན།།
དགེ་རྒན་ལ་ཡང་ཁ་ལན་སློག་མཁན་ཡིན།།
སློབ་གྲོགས་རྣམས་ལ་རྒྱག་རེས་གཏུག་མཁན་ཡིན།།
སྦྱང་ཚན་འབྲི་དུས་སུན་སྣང་བྱེད་མཁན་ཡིན།།
ངག་སྐྱོར་གཏོང་ན་རིག་པ་གསལ་ཤོས་ཡིན།།
གད་རེས་ཐུག་དུས་ལས་ཀ་རྒོད་ཤོས་ཡིན།།
གུང་གསེང་གཏོང་དུས་ནོར་ལུག་རྫི་བོ་ཡིན།།
ཡོས་གྲོ་འགམ་དུས་རྫི་རོགས་འཚོལ་མཁན་ཡིན།།
གྲོང་པའི་ནོར་ལུག་འཚོ་རོགས་བྱེད་མཁན་ཡིན།།
མ་འདོད་བྱུང་ན་མ་རབས་བྱེད་མཁན་ཡིན།།
རྫི་བོའི་ནང་ནས་རྫི་འགྲོ་ཡག་གྲལ་ཡིན།།
འུར་རྡོ་འཕངས་ན་ཏད་ཀ་ཡག་ཤོས་ཡིན།།
རྒྱལ་འགྲིག་ཉུག་ན་ཐབས་ཇུས་མཁས་ཤོས་མིན།།
རྡེའུ་འཁྲབ་ན་ལག་པ་བདེ་ཤོས་མིན།།
ལ་ཤགས་བརྒྱབ་ན་ཁ་ལྕེ་བདེ་གྲལ་ཡིན།།
རྟ་ཕོ་བཞོན་ན་རྟ་བདེ་སྡུག་ཤོས་ཡིན།།
ཐེ་གེ་རྒྱབ་ན་མཛུབ་རྩལ་འབྲིང་ཙམ་ཡིན།།
རྩྭ་ལྡུམ་ཐུས་ན་ལས་ཀ་ངར་ཤོས་ཡིན།།
ནས་འབྲུ་རྡུང་ན་དབྱུག་གྲལ་འགྲིག་ཙམ་ཡིན།།
ཡུང་མ་ལས་ན་ཞོར་དུ་ཟ་མཁན་ཡིན།།
གྲོ་མ་བརྐོས་ན་གསོག་འཇོག་མཁས་ཤོས་ཡིན།།
གྲོ་ཁུ་འཐུང་ན་ཚོད་འཛིན་མེད་མཁན་ཡིན།།
མཚན་ནོར་ལངས་དུས་བེའུ་སྐེ་གློད་མཁན་ཡིན།།
ལུག་དྲོ་བཀོལ་དུས་ཉིན་རྫི་འགྲོ་མཁན་ཡིན།།
ཟོ་ཤེ་བླུགས་ན་ཟོ་ཁ་བཟེད་མཁན་ཡིན།།
ལག་པར་ཐིགས་དུས་མཛུབ་མོ་ལྡག་མཁན་ཡིན།།
རུ་བ་སྤོ་དུས་གཉིད་ལངས་བྱེད་མཁན་ཡིན།།
དགུན་བཤས་རྒྱག་དུས་ཤ་རྡོག་འཁྱེར་མཁན་ཡིན།།
ལོ་གསར་སླེབ་དུས་དགའ་སྣང་ཆེ་ཤོས་ཡིན།།
ཤ་མོག་ཟོས་ན་གྲོད་པ་ཆེ་ཤོས་ཡིན།།
མིང་སྲིང་ནང་ནས་གཟུགས་པོ་ཆུང་ཤོས་ཡིན།།
རྩོམ་སྒྲིག་པ། གངས་དགའ།
ཤོད་ཆེན་བཅོ་བརྒྱད་ནང་གི་དཀར་ཤོད་ཅེས།།
ས་མ་འབྲོག་གི་ལུང་པ་དེ་ནས་ཡིན།།
ཆུང་དུས་མིང་ལ་སྔོ་ཡུ་རམ་དག་ཟེར།།
དེ་ནི་གཅེས་མིང་མ་རེད་ངན་མིང་རེད།།
གཅེན་མིང་བཤད་ན་ཨ་ཡུ་བསོད་འབྱོར་རེད།།
གྲོང་པའི་ཨ་ཉོག་ནང་གི་དཔོན་པོ་ཡིན།།
དགུན་དུས་རི་ལ་ཕྱུགས་རྫི་འགྲོ་མཁན་ཡིན།།
རི་མགོའི་ནོར་རྫི་འགའ་ཡི་གཡོག་པོ་ཡིན།།
ས་ཆུ་དྲོས་དུས་ཞིང་ལས་བྱེད་མཁན་ཡིན།།
རོང་འབྲོག་ལས་ཀ་ཅུང་ཙམ་ཤེས་མཁན་ཡིན།།
མགོ་ལུས་ཤིག་དང་སྲོ་མ་འབེལ་ཤོས་ཡིན།།
གྱོན་པ་པགས་ཚགས་ཧྲལ་ཧྲུལ་གྱོན་མཁན་ཡིན།།
སྐེ་རགས་དམ་པོ་བཅིང་ནས་འགྲོ་མཁན་ཡིན།།
རྐང་པར་བོད་ལྷམ་མཐིལ་བིག་གྱོན་མཁན་ཡིན།།
ལྷམ་སྒྲོག་ལྷ་དེ་ལྷོད་དེ་བཅིང་མཁན་ཡིན།།
དོར་མ་རྟ་རལ་ཐབས་ཆག་གྱོན་མཁན་ཡིན།།
ལམ་བགྲོད་སྐྱ་མི་རྡོ་རྡུང་བྱེད་མཁན་ཡིན།།
རི་མགོའི་རྫི་བོར་རྒྱག་རེས་སློང་མཁན་ཡིན།།
ཆུ་མགོའི་སྦུག་ལ་གཅིན་སྐྱག་གཏོང་མཁན་ཡིན།།
བྱ་བྱིའུ་ཚང་གི་སྒོ་ང་བཅག་མཁན་ཡིན།།
ཁ་བ་བབས་དུས་བྱིའུ་བཟུང་མཁན་ཡིན།།
ཆར་པ་བབས་དུས་གཅེར་རྒྱུག་བྱེད་མཁན་ཡིན།།
དབྱར་གཞུང་རྫིང་བུའི་ཉ་སྦལ་འཛིན་མཁན་ཡིན།།
དགུན་གཞུང་དར་ཁར་འཁྱག་ཤུད་གློད་མཁན་ཡིན།།
གངས་དང་བྱེ་མར་རི་མོ་འབྲི་མཁན་ཡིན།།
ས་དང་རྡོ་ལ་འབེན་རྩེད་རྩེ་མཁན་ཡིན།།
ཕ་མས་རྡུང་ན་མཆི་མ་བཞུར་མཁན་ཡིན།།
གཞན་དང་འཛིང་ན་མིག་ཆུ་མེད་མཁན་ཡིན།།
མ་ཐོབ་བར་དུ་མ་རབས་བྱེད་མཁན་ཡིན།།
ན་མཉམ་ལག་ནས་རྩེད་ཆས་འཕྲོག་མཁན་ཡིན།།
ལོ་བརྒྱད་ལོན་རྗེས་སློབ་གྲྭར་འགྲོ་མཁན་ཡིན།།
འཛིན་གྲྭའི་ནང་གི་སློབ་སྦྱོང་ཡག་གྲལ་ཡིན།།
སློབ་གྲྭའི་ནང་ནས་གཏོར་བཤིག་ཚ་ཤོས་ཡིན།།
དགེ་རྒན་ལ་ཡང་ཁ་ལན་སློག་མཁན་ཡིན།།
སློབ་གྲོགས་རྣམས་ལ་རྒྱག་རེས་གཏུག་མཁན་ཡིན།།
སྦྱང་ཚན་འབྲི་དུས་སུན་སྣང་བྱེད་མཁན་ཡིན།།
ངག་སྐྱོར་གཏོང་ན་རིག་པ་གསལ་ཤོས་ཡིན།།
གད་རེས་ཐུག་དུས་ལས་ཀ་རྒོད་ཤོས་ཡིན།།
གུང་གསེང་གཏོང་དུས་ནོར་ལུག་རྫི་བོ་ཡིན།།
ཡོས་གྲོ་འགམ་དུས་རྫི་རོགས་འཚོལ་མཁན་ཡིན།།
གྲོང་པའི་ནོར་ལུག་འཚོ་རོགས་བྱེད་མཁན་ཡིན།།
མ་འདོད་བྱུང་ན་མ་རབས་བྱེད་མཁན་ཡིན།།
རྫི་བོའི་ནང་ནས་རྫི་འགྲོ་ཡག་གྲལ་ཡིན།།
འུར་རྡོ་འཕངས་ན་ཏད་ཀ་ཡག་ཤོས་ཡིན།།
རྒྱལ་འགྲིག་ཉུག་ན་ཐབས་ཇུས་མཁས་ཤོས་མིན།།
རྡེའུ་འཁྲབ་ན་ལག་པ་བདེ་ཤོས་མིན།།
ལ་ཤགས་བརྒྱབ་ན་ཁ་ལྕེ་བདེ་གྲལ་ཡིན།།
རྟ་ཕོ་བཞོན་ན་རྟ་བདེ་སྡུག་ཤོས་ཡིན།།
ཐེ་གེ་རྒྱབ་ན་མཛུབ་རྩལ་འབྲིང་ཙམ་ཡིན།།
རྩྭ་ལྡུམ་ཐུས་ན་ལས་ཀ་ངར་ཤོས་ཡིན།།
ནས་འབྲུ་རྡུང་ན་དབྱུག་གྲལ་འགྲིག་ཙམ་ཡིན།།
ཡུང་མ་ལས་ན་ཞོར་དུ་ཟ་མཁན་ཡིན།།
གྲོ་མ་བརྐོས་ན་གསོག་འཇོག་མཁས་ཤོས་ཡིན།།
གྲོ་ཁུ་འཐུང་ན་ཚོད་འཛིན་མེད་མཁན་ཡིན།།
མཚན་ནོར་ལངས་དུས་བེའུ་སྐེ་གློད་མཁན་ཡིན།།
ལུག་དྲོ་བཀོལ་དུས་ཉིན་རྫི་འགྲོ་མཁན་ཡིན།།
ཟོ་ཤེ་བླུགས་ན་ཟོ་ཁ་བཟེད་མཁན་ཡིན།།
ལག་པར་ཐིགས་དུས་མཛུབ་མོ་ལྡག་མཁན་ཡིན།།
རུ་བ་སྤོ་དུས་གཉིད་ལངས་བྱེད་མཁན་ཡིན།།
དགུན་བཤས་རྒྱག་དུས་ཤ་རྡོག་འཁྱེར་མཁན་ཡིན།།
ལོ་གསར་སླེབ་དུས་དགའ་སྣང་ཆེ་ཤོས་ཡིན།།
ཤ་མོག་ཟོས་ན་གྲོད་པ་ཆེ་ཤོས་ཡིན།།
མིང་སྲིང་ནང་ནས་གཟུགས་པོ་ཆུང་ཤོས་ཡིན།།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།