རང་བྱུང་རྡོ་རྗེ།

རྣོ་གྲི།(གསེར་རྟ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-10-11
        ———རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་ཉིན་རྗེས་དྲན་དུ།
                      

སེམས་དབྱིངས་རིག་གི་བྱེའུ་ཆུང་ཡར་ལ་འཕུར་དུས། །
དོན་སྐྱེ་མེད་ཀྱི་བརྡ་གླུ་ངག་ནས་འཁྲོལ་བཞིན། །
གདེང་ཉི་ཤར་གྱི་རྩལ་ཆེན་ནང་ནས་རྫོགས་པའི། །
བློ་ཆིག་ཆོད་ཀྱི་ས་ཆེན་སེམས་དཔའ་དྲན་ནོ། །

དབུའི་སྤྱི་གཙུག་ཏུ་རལ་བའི་ཅོད་པན་མཛེས་ཤིང་། །
སྐྲའི་ཉག་མ་རེར་ཌཀྐིའི་གསང་ཚིག་སྦས་པའི། །
གནས་མཁའ་སྤྱོད་ཀྱི་ཚོགས་དཔོན་ཧེ་རུ་ཀ་དཔལ། །
ཕ་བརྒྱུད་གསུམ་གྱི་ངོ་བོ་ཁྱེད་ཉིད་དྲན་ནོ། །

ངག་འགྱུ་དྲན་གྱི་མདུད་པ་རང་སར་ཞིག་ནས། །
སེམས་གཉུག་མ་ཡི་གླུ་ལ་འཛད་མཐའ་བྲལ་ཞིང་། །
ངག་འཁྲུལ་མེད་ཀྱི་ཆོས་གླུ་སིང་སིང་ལེན་པའི། །
བློ་གུ་ཡངས་ཀྱི་བས་མཐའི་བསྒོམ་ཆེན་དྲན་ནོ། །

གཤིས་དབྱིངས་རིག་གི་ལྟ་བ་འཕེལ་ཁ་རྒྱས་ཤིང་། །
སེམས་ཏིང་འཛིན་གྱི་གནས་མལ་དྲོད་ཀྱིས་ཁྱབ་པའི། །
ཕྱི་གནས་ཡུལ་གྱི་བཀོད་པ་གངས་ཀྱིས་བཟུང་ཡང་། །
སྐྱིད་ཉི་ཤར་གྱི་རྣལ་འབྱོར་སྙིང་ནས་དྲན་ནོ། །

ལུས་བདེ་གསལ་གྱི་རྟོགས་པ་རིང་ནས་འཁྲུངས་ཤིང་། །
རྩལ་འཁྲུལ་གྲོལ་གྱི་དགུ་མདུད་འཇའ་ལྟར་ཡལ་ནས། །
ནང་བུམ་སྐུའི་བཞུགས་ཚུལ་རྗེན་ནེ་བར་གཟིགས་པའི། །
སྐྱབས་ཀུན་འདུས་ནམ་མཁའི་རྣལ་འབྱོར་ཁྱེད་དྲན་ནོ། །

ངག་མ་བཅོས་གླུ་ལ་འཛད་མཐའ་རང་མེད་ཀྱང་། །
དོན་འཁྲུལ་བ་བྱུང་ན་སྙིང་པོ་ཞིག་མི་འདུག །
སེམས་ཤུགས་འབྱུང་དད་པའི་མགུར་ཆུང་འདི་གསན་ན། །
ཕ་བླ་མའི་དབྱིངས་ནས་བྱིན་རླབས་ཤིག་སྩོལ་མཛོད། །

                  ༢༠༢༡ལོའི་སྤྱི་ཟླ་༡༠ཚེས་༩ཉིན་གུས་འབངས་རྣོ་གྲི་ནས་་བྲིས།  

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རང་བྱུང་རྡོ་རྗེ།

2021-10-11 རྣོ་གྲི།(གསེར་རྟ) ཀློག་གྲངས། མཆན ཡོད།
        ———རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་ཉིན་རྗེས་དྲན་དུ།
                      

སེམས་དབྱིངས་རིག་གི་བྱེའུ་ཆུང་ཡར་ལ་འཕུར་དུས། །
དོན་སྐྱེ་མེད་ཀྱི་བརྡ་གླུ་ངག་ནས་འཁྲོལ་བཞིན། །
གདེང་ཉི་ཤར་གྱི་རྩལ་ཆེན་ནང་ནས་རྫོགས་པའི། །
བློ་ཆིག་ཆོད་ཀྱི་ས་ཆེན་སེམས་དཔའ་དྲན་ནོ། །

དབུའི་སྤྱི་གཙུག་ཏུ་རལ་བའི་ཅོད་པན་མཛེས་ཤིང་། །
སྐྲའི་ཉག་མ་རེར་ཌཀྐིའི་གསང་ཚིག་སྦས་པའི། །
གནས་མཁའ་སྤྱོད་ཀྱི་ཚོགས་དཔོན་ཧེ་རུ་ཀ་དཔལ། །
ཕ་བརྒྱུད་གསུམ་གྱི་ངོ་བོ་ཁྱེད་ཉིད་དྲན་ནོ། །

ངག་འགྱུ་དྲན་གྱི་མདུད་པ་རང་སར་ཞིག་ནས། །
སེམས་གཉུག་མ་ཡི་གླུ་ལ་འཛད་མཐའ་བྲལ་ཞིང་། །
ངག་འཁྲུལ་མེད་ཀྱི་ཆོས་གླུ་སིང་སིང་ལེན་པའི། །
བློ་གུ་ཡངས་ཀྱི་བས་མཐའི་བསྒོམ་ཆེན་དྲན་ནོ། །

གཤིས་དབྱིངས་རིག་གི་ལྟ་བ་འཕེལ་ཁ་རྒྱས་ཤིང་། །
སེམས་ཏིང་འཛིན་གྱི་གནས་མལ་དྲོད་ཀྱིས་ཁྱབ་པའི། །
ཕྱི་གནས་ཡུལ་གྱི་བཀོད་པ་གངས་ཀྱིས་བཟུང་ཡང་། །
སྐྱིད་ཉི་ཤར་གྱི་རྣལ་འབྱོར་སྙིང་ནས་དྲན་ནོ། །

ལུས་བདེ་གསལ་གྱི་རྟོགས་པ་རིང་ནས་འཁྲུངས་ཤིང་། །
རྩལ་འཁྲུལ་གྲོལ་གྱི་དགུ་མདུད་འཇའ་ལྟར་ཡལ་ནས། །
ནང་བུམ་སྐུའི་བཞུགས་ཚུལ་རྗེན་ནེ་བར་གཟིགས་པའི། །
སྐྱབས་ཀུན་འདུས་ནམ་མཁའི་རྣལ་འབྱོར་ཁྱེད་དྲན་ནོ། །

ངག་མ་བཅོས་གླུ་ལ་འཛད་མཐའ་རང་མེད་ཀྱང་། །
དོན་འཁྲུལ་བ་བྱུང་ན་སྙིང་པོ་ཞིག་མི་འདུག །
སེམས་ཤུགས་འབྱུང་དད་པའི་མགུར་ཆུང་འདི་གསན་ན། །
ཕ་བླ་མའི་དབྱིངས་ནས་བྱིན་རླབས་ཤིག་སྩོལ་མཛོད། །

                  ༢༠༢༡ལོའི་སྤྱི་ཟླ་༡༠ཚེས་༩ཉིན་གུས་འབངས་རྣོ་གྲི་ནས་་བྲིས།  

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།