ཨེམ་ཆི་དཀར་པོ།
ས་མི་འགྱུར་འཛམ་གླིང་ཕྱོགས་ཀུན་ཏུ། །
ནད་ནག་པོས་མི་སེམས་འཇིགས་སྣང་ཆེ། །
སྐྱབས་རེ་མེད་འོ་དོད་དགུང་ལ་སྒྲོག །
ལྷ་ཨེམ་ཆི་དཀར་པོ་མཐུ་བོ་ཆེ། །
ཐེངས་ད་རེས་ཁ་འདེབས་ངོ་མཚར་ཆེ། །
ནད་པྲོག་དབྱིབས་གློ་ཚད་གསར་མ་འདི། །
རྒྱུ་འབྱོར་བ་ཅན་གྱིས་འགོག་མ་ཐུབ། །
བཙན་གྲགས་གཡེར་ཅན་གྱིས་གཞོམ་མ་ཐུབ། །
མཐུ་ནུས་པ་ཅན་གྱིས་བཟློག་མ་ཐུབ། །
དཔའ་ཁས་ལེན་ཨེམ་ཆི་ངོ་མཚར་ཆེ། །
ས་ཝུའུ་ཧན་འཇིགས་རུང་དམྱལ་བའི་ཁམས། །
ལྟ་མ་དགོས་རྣ་བས་ཉན་མི་བཟོད། །
རྗེ་དཀར་པོས་རང་སྲོག་འབེན་ལ་བཞག །
དཔའ་ཡ་མེད་འབོད་པ་འདི་འདྲ་ཙམ། །
མི་ཁྱེད་ཚོའི་ངོ་སོ་དགུང་ལ་བསྟོད། །
དྲིན་ཕ་མ་ཁྱེད་ལ་མེད་པ་མིན། །
ཆུང་བྱམས་པ་བུས་ཕྲུག་ཁྱེད་ལ་ལྡན། །
མ་སེམས་ཅན་ནད་པའི་འགྲོ་དོན་ལ། །
སྒོས་ལག་ལེན་བྱེད་པ་ཁྱེད་ཙམ་གདའ། །
དོན་རླབས་ཆེན་འདི་ལས་ལྷག་པ་མེད། །
རྩོམ་སྒྲིག་པ། ལྷ་སྐྱིད།
ནད་ནག་པོས་མི་སེམས་འཇིགས་སྣང་ཆེ། །
སྐྱབས་རེ་མེད་འོ་དོད་དགུང་ལ་སྒྲོག །
ལྷ་ཨེམ་ཆི་དཀར་པོ་མཐུ་བོ་ཆེ། །
ཐེངས་ད་རེས་ཁ་འདེབས་ངོ་མཚར་ཆེ། །
ནད་པྲོག་དབྱིབས་གློ་ཚད་གསར་མ་འདི། །
རྒྱུ་འབྱོར་བ་ཅན་གྱིས་འགོག་མ་ཐུབ། །
བཙན་གྲགས་གཡེར་ཅན་གྱིས་གཞོམ་མ་ཐུབ། །
མཐུ་ནུས་པ་ཅན་གྱིས་བཟློག་མ་ཐུབ། །
དཔའ་ཁས་ལེན་ཨེམ་ཆི་ངོ་མཚར་ཆེ། །
ས་ཝུའུ་ཧན་འཇིགས་རུང་དམྱལ་བའི་ཁམས། །
ལྟ་མ་དགོས་རྣ་བས་ཉན་མི་བཟོད། །
རྗེ་དཀར་པོས་རང་སྲོག་འབེན་ལ་བཞག །
དཔའ་ཡ་མེད་འབོད་པ་འདི་འདྲ་ཙམ། །
མི་ཁྱེད་ཚོའི་ངོ་སོ་དགུང་ལ་བསྟོད། །
དྲིན་ཕ་མ་ཁྱེད་ལ་མེད་པ་མིན། །
ཆུང་བྱམས་པ་བུས་ཕྲུག་ཁྱེད་ལ་ལྡན། །
མ་སེམས་ཅན་ནད་པའི་འགྲོ་དོན་ལ། །
སྒོས་ལག་ལེན་བྱེད་པ་ཁྱེད་ཙམ་གདའ། །
དོན་རླབས་ཆེན་འདི་ལས་ལྷག་པ་མེད། །
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།