འཕྱོངས་རྒྱས་ཟླ་བ་སྒྲོལ་མ།

ཅོང་ཆུའི་གྲོལ་སྡེ།(སེར་ཤུལ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-12-16
གཞི་འཁོར་བ་སྡུག་ཀྱང་སྐྱིད་ཉམས་ཤར།།
དཔེ་བཞག་ན་འགྱུར་བའི་སྡུག་བསྔལ་རེད།།
ཡུལ་མ་དག་འཇིག་རྟེན་དག་པར་སྣང་།།
ཉམས་བཞག་གངས་རི་སྔོར་སྣང་རེད།།
གནས་མི་ཡུལ་མི་བདེ་བདེ་བར་འཁྲུལ།།
ཚུལ་བསམ་ན་ཐུན་གསུམ་རྨི་ལམ་རེད།།
བདེན་ཀྱང་མེད་བདེན་པར་ཡོད་ཡོད་འདྲ།།
དེ་བཤད་ན་སྒྱུ་མའི་རྟ་གླང་རེད།།
ཆོས་འདས་བྱས་བདེན་པར་སྣང་ཚུལ་ལས།།
ཕྱི་སྣོད་བཀོད་བདེན་པར་འཛིན་ཚུལ་ལྟར།།
ང་འཁོར་བའི་བུ་ཡི་སྣང་ངོ་ལ།།
བློ་མཐར་འཛིན་ལྟར་དུ་གྲུབ་འདུག་པ།།
ཡུལ་ལྷ་སའི་ལྷོ་ཁ་འཕྱོངས་རྒྱས་རེད།།

ལུས་མི་གཙང་བརྒྱད་ཀྱང་གཙང་བར་གྲུབ།།
དཔེ་བཞག་ན་ཆུ་ཤེལ་བུམ་པ་རེད།།
རྒྱུ་ལས་ཉོན་ཡིན་ཡང་བདེ་བར་འདུག།
ཉམས་བཞག་ན་སྣང་བའི་རེག་བྱ་རེད།།
ཚེ་མི་རྟག་ལང་ཚོ་རྟག་ན་སྙམ།།
ཚུལ་བསམ་ན་ཆར་རྗེས་འཇའ་ཚོན་རེད།།
བདག་མེད་ཀྱང་བདག་དུ་ཡོད་ཡོད་འདྲ།།
དེ་བཤད་ན་མེ་ལོང་ཞལ་བཞིན་རེད།།
དོན་བདེན་བཞིར་ལོག་པར་ཞུགས་ཚུལ་ལས།།
གཞི་སྡུག་བདེན་བློ་ཡི་འཛིན་ཚུལ་ལྟར།།
ང་འཁོར་བའི་བུ་ཡི་སྣང་ངོ་ལ།།
བློ་མཐར་འཛིན་ལྟར་དུ་གྲུབ་འདུག་པ།།
ཡུལ་འཕྱོངས་རྒྱས་ཟླ་བ་སྒྲོལ་མ་རེད།།
              ༢༠༢༡  ༡༡ ༣༠
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

འཕྱོངས་རྒྱས་ཟླ་བ་སྒྲོལ་མ།

2021-12-16 ཅོང་ཆུའི་གྲོལ་སྡེ།(སེར་ཤུལ) ཀློག་གྲངས། མཆན ཡོད།
གཞི་འཁོར་བ་སྡུག་ཀྱང་སྐྱིད་ཉམས་ཤར།།
དཔེ་བཞག་ན་འགྱུར་བའི་སྡུག་བསྔལ་རེད།།
ཡུལ་མ་དག་འཇིག་རྟེན་དག་པར་སྣང་།།
ཉམས་བཞག་གངས་རི་སྔོར་སྣང་རེད།།
གནས་མི་ཡུལ་མི་བདེ་བདེ་བར་འཁྲུལ།།
ཚུལ་བསམ་ན་ཐུན་གསུམ་རྨི་ལམ་རེད།།
བདེན་ཀྱང་མེད་བདེན་པར་ཡོད་ཡོད་འདྲ།།
དེ་བཤད་ན་སྒྱུ་མའི་རྟ་གླང་རེད།།
ཆོས་འདས་བྱས་བདེན་པར་སྣང་ཚུལ་ལས།།
ཕྱི་སྣོད་བཀོད་བདེན་པར་འཛིན་ཚུལ་ལྟར།།
ང་འཁོར་བའི་བུ་ཡི་སྣང་ངོ་ལ།།
བློ་མཐར་འཛིན་ལྟར་དུ་གྲུབ་འདུག་པ།།
ཡུལ་ལྷ་སའི་ལྷོ་ཁ་འཕྱོངས་རྒྱས་རེད།།

ལུས་མི་གཙང་བརྒྱད་ཀྱང་གཙང་བར་གྲུབ།།
དཔེ་བཞག་ན་ཆུ་ཤེལ་བུམ་པ་རེད།།
རྒྱུ་ལས་ཉོན་ཡིན་ཡང་བདེ་བར་འདུག།
ཉམས་བཞག་ན་སྣང་བའི་རེག་བྱ་རེད།།
ཚེ་མི་རྟག་ལང་ཚོ་རྟག་ན་སྙམ།།
ཚུལ་བསམ་ན་ཆར་རྗེས་འཇའ་ཚོན་རེད།།
བདག་མེད་ཀྱང་བདག་དུ་ཡོད་ཡོད་འདྲ།།
དེ་བཤད་ན་མེ་ལོང་ཞལ་བཞིན་རེད།།
དོན་བདེན་བཞིར་ལོག་པར་ཞུགས་ཚུལ་ལས།།
གཞི་སྡུག་བདེན་བློ་ཡི་འཛིན་ཚུལ་ལྟར།།
ང་འཁོར་བའི་བུ་ཡི་སྣང་ངོ་ལ།།
བློ་མཐར་འཛིན་ལྟར་དུ་གྲུབ་འདུག་པ།།
ཡུལ་འཕྱོངས་རྒྱས་ཟླ་བ་སྒྲོལ་མ་རེད།།
              ༢༠༢༡  ༡༡ ༣༠
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།