ནང་སེམས་ཀྱི་ཀུན་རྟོག(ཞར་བཀོད་གཅིག་ཡོད)

དབུ་འཇིགས་མེད།(མཚོ་ལྷོ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-03-19
གཉུག་སེམས་ཤེལ་དཀར་ནང་དུ།།
མཛེས་པའི་སྙན་ངག་བཞེངས་པ།།
དྲན་གདུང་ཚིག་གི་དབྱངས་རྟ།།
དབྱངས་ཅན་ལྷ་ལ་འདྲེན་པ།།

ཚོར་བའི་རླུང་བུ་གཡུགས་དུས།།
ཚིག་གི་དབྱངས་རྟ་དཀྲོལ་ཡོང་།།
ངག་རིག་དྭངས་གསལ་མེ་ལོང་།།
དབྱངས་ཅན་ལྷ་ཡི་མཛེས་རྒྱན།།

ཞལ་རས་གངས་དཀར་རི་བོ།།
རྨི་ལམ་དབྱིངས་སུ་མཇལ་བྱུང་།།
འཛུམ་པའི་འཇའ་ཚོན་འོད་ཟེར།།
གཉུག་མའི་གཤིས་སུ་འཐིབ་པ།།

ཞི་བའི་སྒྱུ་འཕྲུལ་གཉུག་སེམས།།
ཆོས་ཉིད་དབྱིངས་སུ་གཤེཊ་པ།།
ཚིག་གི་མེ་ཏོག་འཁྲུངས་བའི།།
ཚོཊ་དྲུག་དབྱངས་རྟ་དཀྲོལ་བ།།

སྣང་བའི་སྒྱུ་འཕྲུལ་འཛིན་མར།།
སྙན་ངག་དྭངས་གཙང་འདྲེན་ན།།
ཚིག་གི་གདང་དབྱངས་དཀྲོལ་བ།།
སྙན་འཇེབས་ངག་གི་མཛེས་སྡུག།

ཀུན་རྟོག་དབྱིངས་ཀྱི་ཚིག་མགུར།།
ངག་རིག་དབྱངས་ལ་འདྲེན་ནས།།
མཛེས་པའི་དབྱངས་ཅན་ལྷ་མོར།།
སྙན་ངག་དྭངས་མ་མཆོད་ཆོག།

སྣང་བ་འགོག་མེད་རང་བྱུང་།།
ཚིག་གི་དབྱངས་སུ་སྦྱར་ནས།།
རབ་མཛེས་ལྷ་ཡི་མཆོག་མར།།
ཞི་བའི་སྙན་ངག་སྤྲིངས་ཆོག།

རྟོག་བཏགས་ཚིག་གི་ཕོ་བྲང་།།
སྣང་བའི་བརྩེ་གླུ་བཞེངས་ས།།
ནང་སེམས་དྲན་པའི་གཞུང་ལ།།
སྙན་ངག་མཚོ་མོ་བཞུར་ཆོག།
      ༢༠༢༢.༣.༡༡ ཉིན་བརྩམས། 

རྨི་ལམ་གྱི་མདོ།


མཁའ་ལ་ཟླ་བའི་འོད་ཟེར་འཁྱུག། 
རྨི་ལམ་སྣང་སྟོང་དབྱིངས་ངོས་སུ།།
བྱིན་རླབས་མྱུར་བའི་ཏིང་འཛིན་མ།།
དལ་གྱིས་འཛུམ་པའི་བྱོན་པར་ལེཊ།།
བརྩེ་བའི་དངོས་གྲུབ་ཆཊ་རིམ་འདི།།
སེམས་པ་རྒྱ་མཚོའི་གཏིང་ལ་ཆཊ།།
ཕྱི་ནང་མཛེས་པའི་འཁོར་གཞི་ལ།།
གཡང་ཊིའི་རིན་ཆེན་ལྷ་མོ་འཁོར།།
སྣང་བ་དབྱིངས་སུ་བསྲེས་པའི་ཉིན།།
རྨི་ལམ་ལྗོན་པའི་བསིལ་རླུང་གིས།།
སེམས་ཉིད་བརྩེ་བའི་གཞི་ལ་བཏཊ།།
འགྱུར་མེད་ལྕགས་ཐག་དམ་དུ་ཟུངས།།
བག་ཆགས་སེམས་ཀྱི་སྣང་ཚུལ་ལ།།
སྙིང་གཏམ་རྒྱ་མཚོ་ཟབ་ཚད་འབྲི།།
ལེཊ་འཁྲུངས་པདྨའི་གུར་ཁང་ནས།།
དམ་ཚིག་དངུལ་ཆུ་སེམས་སུ་འཐིམ།།
སྟོང་བའི་དབྱིངས་རིམ་ལམ་ཕྲན་ན།།
མགུར་མའི་ཕ་མཁར་སྨུག་པོ་བཞེངས།།
ཉི་ཟླའི་དམ་ཚིག་སྤྲིན་དཀར་བཞེངས།།
བརྩེ་བའི་འོད་ཟེར་མཁའ་རུ་འཕྲོས།།
ལང་ཚོ་པད་མའི་འཛུམ་བརྒྱ་གྲོལ།།
ཕྱི་ཐག་རྒྱང་རིང་མཁའ་རུ་བསྒྲེངས།།
ཁྲེལ་ལྡན་མཛེས་དཔལ་གཡུ་ཆུང་མ།།
རྨི་ལམ་ཞིང་གི་དབྱངས་ཅན་འདྲ།།       
མཇལ་སྙིང་འདོད་པའི་རེ་འབྲས་དེ།།
སྣང་སྟོང་ངོས་སུ་སྨིན་པར་མཛོད།།
ཚིག་གིས་བཞེངས་བའི་མགུར་མ་དེ།།
རྨི་ལམ་ཞིང་གི་ལྷ་མོར་སྒོམས།།
དབྱིངས་སུ་བཀོད་པའི་ཉི་འོད་དེ།།
མ་བཅོས་སེམས་ཀྱི་བརྩེ་བ་ཡིན།།
མཐའ་མེད་དབྱིངས་ཀྱི་འཁོར་བ་དེ།།
རྨི་ལམ་ཞིང་གི་ལྷ་མོར་བཞེངས་ཡོད།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ནང་སེམས་ཀྱི་ཀུན་རྟོག(ཞར་བཀོད་གཅིག་ཡོད)

2022-03-19 དབུ་འཇིགས་མེད།(མཚོ་ལྷོ) ཀློག་གྲངས། མཆན ཡོད།
གཉུག་སེམས་ཤེལ་དཀར་ནང་དུ།།
མཛེས་པའི་སྙན་ངག་བཞེངས་པ།།
དྲན་གདུང་ཚིག་གི་དབྱངས་རྟ།།
དབྱངས་ཅན་ལྷ་ལ་འདྲེན་པ།།

ཚོར་བའི་རླུང་བུ་གཡུགས་དུས།།
ཚིག་གི་དབྱངས་རྟ་དཀྲོལ་ཡོང་།།
ངག་རིག་དྭངས་གསལ་མེ་ལོང་།།
དབྱངས་ཅན་ལྷ་ཡི་མཛེས་རྒྱན།།

ཞལ་རས་གངས་དཀར་རི་བོ།།
རྨི་ལམ་དབྱིངས་སུ་མཇལ་བྱུང་།།
འཛུམ་པའི་འཇའ་ཚོན་འོད་ཟེར།།
གཉུག་མའི་གཤིས་སུ་འཐིབ་པ།།

ཞི་བའི་སྒྱུ་འཕྲུལ་གཉུག་སེམས།།
ཆོས་ཉིད་དབྱིངས་སུ་གཤེཊ་པ།།
ཚིག་གི་མེ་ཏོག་འཁྲུངས་བའི།།
ཚོཊ་དྲུག་དབྱངས་རྟ་དཀྲོལ་བ།།

སྣང་བའི་སྒྱུ་འཕྲུལ་འཛིན་མར།།
སྙན་ངག་དྭངས་གཙང་འདྲེན་ན།།
ཚིག་གི་གདང་དབྱངས་དཀྲོལ་བ།།
སྙན་འཇེབས་ངག་གི་མཛེས་སྡུག།

ཀུན་རྟོག་དབྱིངས་ཀྱི་ཚིག་མགུར།།
ངག་རིག་དབྱངས་ལ་འདྲེན་ནས།།
མཛེས་པའི་དབྱངས་ཅན་ལྷ་མོར།།
སྙན་ངག་དྭངས་མ་མཆོད་ཆོག།

སྣང་བ་འགོག་མེད་རང་བྱུང་།།
ཚིག་གི་དབྱངས་སུ་སྦྱར་ནས།།
རབ་མཛེས་ལྷ་ཡི་མཆོག་མར།།
ཞི་བའི་སྙན་ངག་སྤྲིངས་ཆོག།

རྟོག་བཏགས་ཚིག་གི་ཕོ་བྲང་།།
སྣང་བའི་བརྩེ་གླུ་བཞེངས་ས།།
ནང་སེམས་དྲན་པའི་གཞུང་ལ།།
སྙན་ངག་མཚོ་མོ་བཞུར་ཆོག།
      ༢༠༢༢.༣.༡༡ ཉིན་བརྩམས། 

རྨི་ལམ་གྱི་མདོ།


མཁའ་ལ་ཟླ་བའི་འོད་ཟེར་འཁྱུག། 
རྨི་ལམ་སྣང་སྟོང་དབྱིངས་ངོས་སུ།།
བྱིན་རླབས་མྱུར་བའི་ཏིང་འཛིན་མ།།
དལ་གྱིས་འཛུམ་པའི་བྱོན་པར་ལེཊ།།
བརྩེ་བའི་དངོས་གྲུབ་ཆཊ་རིམ་འདི།།
སེམས་པ་རྒྱ་མཚོའི་གཏིང་ལ་ཆཊ།།
ཕྱི་ནང་མཛེས་པའི་འཁོར་གཞི་ལ།།
གཡང་ཊིའི་རིན་ཆེན་ལྷ་མོ་འཁོར།།
སྣང་བ་དབྱིངས་སུ་བསྲེས་པའི་ཉིན།།
རྨི་ལམ་ལྗོན་པའི་བསིལ་རླུང་གིས།།
སེམས་ཉིད་བརྩེ་བའི་གཞི་ལ་བཏཊ།།
འགྱུར་མེད་ལྕགས་ཐག་དམ་དུ་ཟུངས།།
བག་ཆགས་སེམས་ཀྱི་སྣང་ཚུལ་ལ།།
སྙིང་གཏམ་རྒྱ་མཚོ་ཟབ་ཚད་འབྲི།།
ལེཊ་འཁྲུངས་པདྨའི་གུར་ཁང་ནས།།
དམ་ཚིག་དངུལ་ཆུ་སེམས་སུ་འཐིམ།།
སྟོང་བའི་དབྱིངས་རིམ་ལམ་ཕྲན་ན།།
མགུར་མའི་ཕ་མཁར་སྨུག་པོ་བཞེངས།།
ཉི་ཟླའི་དམ་ཚིག་སྤྲིན་དཀར་བཞེངས།།
བརྩེ་བའི་འོད་ཟེར་མཁའ་རུ་འཕྲོས།།
ལང་ཚོ་པད་མའི་འཛུམ་བརྒྱ་གྲོལ།།
ཕྱི་ཐག་རྒྱང་རིང་མཁའ་རུ་བསྒྲེངས།།
ཁྲེལ་ལྡན་མཛེས་དཔལ་གཡུ་ཆུང་མ།།
རྨི་ལམ་ཞིང་གི་དབྱངས་ཅན་འདྲ།།       
མཇལ་སྙིང་འདོད་པའི་རེ་འབྲས་དེ།།
སྣང་སྟོང་ངོས་སུ་སྨིན་པར་མཛོད།།
ཚིག་གིས་བཞེངས་བའི་མགུར་མ་དེ།།
རྨི་ལམ་ཞིང་གི་ལྷ་མོར་སྒོམས།།
དབྱིངས་སུ་བཀོད་པའི་ཉི་འོད་དེ།།
མ་བཅོས་སེམས་ཀྱི་བརྩེ་བ་ཡིན།།
མཐའ་མེད་དབྱིངས་ཀྱི་འཁོར་བ་དེ།།
རྨི་ལམ་ཞིང་གི་ལྷ་མོར་བཞེངས་ཡོད།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།