སྙན་ངག་ལྷ་མོར་ནུ་ཞོ་སློང་བའི་གཏམ་རིག་བྱེད་ཡན་ལག་དགུ་པ་ཞེས་བྱ་བ།

རྒྱལ་འཕགས་བསྟན་པ་དར་རྒྱས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-07-18
དགའ་བ་བརྒྱ་བའི་བཞིན་རས་ལས་ཕྱུང་བའི།།
སྤྲིན་བྲལ་ཟླ་བ་སྟོང་གི་དཔལ་འཛིན་ཅིང་།།
ལྷོ་ཕྱོགས་ཡིད་ཀྱི་མཚོ་མོར་གནས་འཆའ་བ།།
རིག་བྱེད་ནང་གི་གཙོ་མོ་དབྱངས་ཅན་ཡིན།།

སྔོན་རབས་སྲིད་པའི་མེས་པོ་ཚངས་ཆེན་ལྷས།།
མཆོད་སྦྱིན་དགྲ་ཡང་བསྐྱེད་པར་འཕྱ་སྨོད་ཀྱི།།
ཉེས་སྒྲིབ་སྨད་སླར་འདི་ན་བགྲངས་བྱ་སྟོང་།།
ཏིང་འཛིན་གདན་དུ་ལྷ་མོ་བཞིན་ལེགས་བསྐྱེད།།

དཀར་དཀར་ཚེམས་ཀྱི་དཀྱིལ་འཁོར་ཀུན་ནས་དཀར།།
སྙན་སྙན་དྲི་ཟའི་རྒྱུད་མངས་ཤིན་ཏུ་སྙན།།
མཛེས་མཛེས་ཞི་བའི་ཉམས་དགུའི་སྒྱུ་འཕྲུལ་མཛེས།།
ལེགས་ལེགས་ཟླ་ཚེས་གསར་བའི་རྒྱན་འདི་ལེགས།།

སྤྲིན་དཀར་རྡུལ་མང་བརྩེགས་པའི་བཞིན་རས་ལ།།
གཡོ་ལྡན་རི་དྭགས་མིག་གི་ཕྲ་རྒྱན་བཏབ།།
ཁུར་ཚོས་དམར་པོ་མདངས་ལ་ཆགས་པ་ཡིས།།
འདོད་ལྡན་སྙིང་ལ་མཚོན་ཆ་ཅི་ཡང་བསྣུན།།

དཀར་ལ་ཟླུམ་པའི་མྱོས་བུམ་འོ་མའི་མཛོད།།
དམར་ལ་མངར་བའི་མཆུ་སྒྲོས་བསུང་ངད་ཅན།།
འདི་ཙམ་ཁོ་ནས་སྲིད་འདིར་དབང་བྱས་པས།།
མཁྱེན་བརྩེ་གློག་གི་རྩེ་འཇོ་གཏོལ་བ་བྲལ།།

ཕྱག་མཚན་དྲི་ཟའི་རྒྱུད་མང་རིན་ཆེན་ཁྱིམ།།
འཇམ་མཉེན་ཕྱག་སོར་འདུ་བྱེད་བསྒྱུར་བའི་མུར།།
ལེགས་བྲིས་བུས་པ་དག་ཀྱང་ལྷག་གྱུར་ཏེ།།
སུམ་རྩེན་སྟོང་བའི་དོགས་པས་ལྷ་དབང་སྙུན།།

ཉམས་དགའ་དབེན་གནས་དྲི་ཟའི་སྐྱེ་ཚལ་ན།།
ཀུ་མུད་གཉེན་བྱེད་འཐུངས་བའི་ཆུ་སྐྱེས་ཞལ།།
དེ་ལས་འོང་བའི་དྲི་བསུང་རྩེན་པའི་གར།།
རྐང་དྲུག་གཞོན་ནུས་སྙན་ངག་ཅི་དགར་གྱེར།།

མཐོན་མཐིང་ལན་བུ་སྔོ་བསངས་བུ་མོའི་འོག།
རི་དྭགས་མཚན་མའི་མདངས་ལ་གནས་པ་ཡིས།།
སྙན་ངག་བདུད་རྩིའི་ག་པུར་རྒྱུན་འཇོ་བ།།
འདི་ཀོ་ཁྱེད་ཀྱི་མཐུ་སྟེ་བསམ་མི་ཁྱབ།།

གང་ཞིག་བདེན་པར་སྤྱོད་ཅིང་གཙང་མར་གནས།།
དཀའ་ཐུབ་རི་ལའང་དབྱངས་ཅན་གྱེར་བས་ན།།
ནང་གི་དུང་བ་ནང་ནས་མ་ལྷོད་པར།།
བྱིན་རླབས་ནུ་ཞོ་སྩོལ་ཅིག་སྙན་ངག་མ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྙན་ངག་ལྷ་མོར་ནུ་ཞོ་སློང་བའི་གཏམ་རིག་བྱེད་ཡན་ལག་དགུ་པ་ཞེས་བྱ་བ།

2022-07-18 རྒྱལ་འཕགས་བསྟན་པ་དར་རྒྱས། ཀློག་གྲངས། མཆན ཡོད།
དགའ་བ་བརྒྱ་བའི་བཞིན་རས་ལས་ཕྱུང་བའི།།
སྤྲིན་བྲལ་ཟླ་བ་སྟོང་གི་དཔལ་འཛིན་ཅིང་།།
ལྷོ་ཕྱོགས་ཡིད་ཀྱི་མཚོ་མོར་གནས་འཆའ་བ།།
རིག་བྱེད་ནང་གི་གཙོ་མོ་དབྱངས་ཅན་ཡིན།།

སྔོན་རབས་སྲིད་པའི་མེས་པོ་ཚངས་ཆེན་ལྷས།།
མཆོད་སྦྱིན་དགྲ་ཡང་བསྐྱེད་པར་འཕྱ་སྨོད་ཀྱི།།
ཉེས་སྒྲིབ་སྨད་སླར་འདི་ན་བགྲངས་བྱ་སྟོང་།།
ཏིང་འཛིན་གདན་དུ་ལྷ་མོ་བཞིན་ལེགས་བསྐྱེད།།

དཀར་དཀར་ཚེམས་ཀྱི་དཀྱིལ་འཁོར་ཀུན་ནས་དཀར།།
སྙན་སྙན་དྲི་ཟའི་རྒྱུད་མངས་ཤིན་ཏུ་སྙན།།
མཛེས་མཛེས་ཞི་བའི་ཉམས་དགུའི་སྒྱུ་འཕྲུལ་མཛེས།།
ལེགས་ལེགས་ཟླ་ཚེས་གསར་བའི་རྒྱན་འདི་ལེགས།།

སྤྲིན་དཀར་རྡུལ་མང་བརྩེགས་པའི་བཞིན་རས་ལ།།
གཡོ་ལྡན་རི་དྭགས་མིག་གི་ཕྲ་རྒྱན་བཏབ།།
ཁུར་ཚོས་དམར་པོ་མདངས་ལ་ཆགས་པ་ཡིས།།
འདོད་ལྡན་སྙིང་ལ་མཚོན་ཆ་ཅི་ཡང་བསྣུན།།

དཀར་ལ་ཟླུམ་པའི་མྱོས་བུམ་འོ་མའི་མཛོད།།
དམར་ལ་མངར་བའི་མཆུ་སྒྲོས་བསུང་ངད་ཅན།།
འདི་ཙམ་ཁོ་ནས་སྲིད་འདིར་དབང་བྱས་པས།།
མཁྱེན་བརྩེ་གློག་གི་རྩེ་འཇོ་གཏོལ་བ་བྲལ།།

ཕྱག་མཚན་དྲི་ཟའི་རྒྱུད་མང་རིན་ཆེན་ཁྱིམ།།
འཇམ་མཉེན་ཕྱག་སོར་འདུ་བྱེད་བསྒྱུར་བའི་མུར།།
ལེགས་བྲིས་བུས་པ་དག་ཀྱང་ལྷག་གྱུར་ཏེ།།
སུམ་རྩེན་སྟོང་བའི་དོགས་པས་ལྷ་དབང་སྙུན།།

ཉམས་དགའ་དབེན་གནས་དྲི་ཟའི་སྐྱེ་ཚལ་ན།།
ཀུ་མུད་གཉེན་བྱེད་འཐུངས་བའི་ཆུ་སྐྱེས་ཞལ།།
དེ་ལས་འོང་བའི་དྲི་བསུང་རྩེན་པའི་གར།།
རྐང་དྲུག་གཞོན་ནུས་སྙན་ངག་ཅི་དགར་གྱེར།།

མཐོན་མཐིང་ལན་བུ་སྔོ་བསངས་བུ་མོའི་འོག།
རི་དྭགས་མཚན་མའི་མདངས་ལ་གནས་པ་ཡིས།།
སྙན་ངག་བདུད་རྩིའི་ག་པུར་རྒྱུན་འཇོ་བ།།
འདི་ཀོ་ཁྱེད་ཀྱི་མཐུ་སྟེ་བསམ་མི་ཁྱབ།།

གང་ཞིག་བདེན་པར་སྤྱོད་ཅིང་གཙང་མར་གནས།།
དཀའ་ཐུབ་རི་ལའང་དབྱངས་ཅན་གྱེར་བས་ན།།
ནང་གི་དུང་བ་ནང་ནས་མ་ལྷོད་པར།།
བྱིན་རླབས་ནུ་ཞོ་སྩོལ་ཅིག་སྙན་ངག་མ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།