དུས་མཐའི་གླུ་ངག

ཚེ་ཤིས་ལྷ་དོན།(ཨ་མཆོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-08-19
སྨུག་པའི་རི་ནས་རྡུལ་གྱི་ཤྭ་འོད་བརྡོལ།།
ཉི་མའི་ཁྱིམ་ནས་ཙད་པའི་མེ་སྟག་མཆེད།།
ནགས་མའི་ཀློང་ནས་དབུགས་ཀྱི་ཆ་ལང་རྡེབ།།
ཐང་ཆེན་ནད་པ་ཁྲོས་པས་ཟེ་བ་གཡུག།

ལྷ་ས་སྙུན་ལ་བླ་བྲང་བསྙུངས་པ་ཡིས།།
དག་ཞིང་དག་ཀྱང་མ་དག་མིག་ལ་གཙེས།།
ཡུལ་ཤུལ་བྲེད་ཅིང་ཟི་ལིང་ཞོད་དྲུད་པས།།
བདེ་བའི་གྲོང་དག་བདེ་བར་མ་གྱུར་ཏོ།།

ཆུ་མོ་མ་བོས་རི་ཆུ་སྒང་ནས་ཤོར།།
ཉི་མ་མ་གླེང་ཚ་ཟེར་རི་ནས་འབར།།
ས་འཛིན་མ་སྐུལ་དྲག་ཤུལ་གཏིང་ནས་ལྡང་།།
དུས་ངན་བརྗོད་དམ་སྐྱེ་འགྲོའི་བཅས་པ་ཟེར།།

མི་རྟག་མ་དྲན་དྲན་ནི་མི་རྟག་པ།།
རྟག་པར་མ་བཟུང་བཟུང་འཛིན་རྟག་མེད་པ།།
རྟེན་འབྱུང་བསླུ་མེད་བྱུར་གྱི་སྣ་ཐིག་ནི།།
འདོད་ལྡན་མི་ཡི་འདོད་པས་མ་བཏང་ངོ་།།

ལོ་ལ་ལོ་སྐེག་ཟླ་ལ་ཟླ་ཀག་ཅེས།།
སྲིད་ནི་སྲིད་ཅིང་བར་ཆད་བསལ་བ་ཡོད།།
ལོ་གསུམ་དུག་ལ་ཁ་སྣོན་མོད་པ་ནི།།
ཟླུམ་པོ་གོ་ལའི་ཕས་རྒོལ་མིན་ནམ་ཅི།།

ལྷ་ཀླུ་གཉན་ལ་ཕོག་ཐུག་མི་བཟོ་བ།།
བརྒྱད་ལྡན་ཆུ་བོར་བརྐོ་སློག་མི་བཅའ་བ།།
སྤང་ལ་མེ་དང་ཁྱི་རར་མི་འདུར་བ།།
རྨོངས་དད་རེད་དམ་དུས་མྱི་རྨོངས་བར་ཟད།།

གཉུག་མའི་གཤིས་ནི་དབང་གི་ལག་པས་བཙུར།།
གསོང་བའི་ཚིག་ནི་དངུལ་གྱི་རྐང་པས་བསྒྱུར།།
ཟོལ་གྱི་བརྫུ་དག་མཆོད་ཁྲིར་བཤམས་པ་ཡིས།།
ཉེས་པའི་དུག་རླུང་ཡངས་པའི་འཛིན་མར་གཡོས།།

བྱམས་པའི་སེམས་ནི་དྲིན་གཟོའི་རེ་བས་མིན།།
མ་སྐུལ་དང་བླངས་སྙིང་རྗེའི་རླུང་བུས་ཏེ།།
དེང་སང་ཡོད་ཚད་རྒྱབ་རས་ཤིག་གིས་བརླག།
འགྲོའམ་འདུག་གམ་གཞུངས་དྲང་མི་བུ་འཁྲུལ།།

སྨྱོན་པའི་གར་ལ་མཆོག་གི་སྨོན་པ་ཤོར།།
ལེགས་བྱས་ལག་པ་ཕུ་དུང་ནང་ནས་རུལ།།
སྲིད་ཀྱི་ཁྲི་ལ་སྤྲེའུའི་མཆོང་རྩལ་ངོམས།།
རིགས་ཀྱི་བུ་ལ་མ་ཉེས་འགྲམ་ལྕག་གཞུ།།

སྙིགས་མ་ལྔ་ཡི་གྲངས་འདྲེན་མི་རྟོག་མོད།།
སྙིགས་དུས་འདི་ལ་ལྔ་ལས་ཤིན་ཏུ་འདས།།
ས་ཡོམ་ནད་ཡམས་དམག་འཁྲུག་མུ་གེའི་ཚོགས།།
རིང་མིན་མིག་གི་བྱེད་པོར་ཡང་ཡང་རྩེན།།

སྐྱབས་དང་རེ་ས་གསོན་པོའི་མི་ལ་བྱས།།
མི་བུ་ཁྲ་ཁྲས་ཤི་བོའི་ལས་དག་བྱས།།
རང་མགོན་རང་ཞེས་ཀུ་ཅོ་སྒྲོགས་དང་ཀྱེ།།
དུས་མཐའི་ངག་ནི་མཆི་མའི་ནང་དུ་ལུད།།

དུག་གསུམ་རི་ཤོར་རང་གིས་མ་བཏུལ་ན།།
ཁམས་གསུམ་འགྲོ་བ་གཡུལ་གྱིས་ཁ་བཏགས་ནས།།
གླུ་ངག་སྐྱོ་བོ་ཞིག་ཀྱང་མ་འཁྱོངས་བར།།
གོ་ལའི་འཇིགས་རྔམ་ཁྲོད་ནས་ཚར་རེ་སྐན།།
            ༢༠༢༢.༨.༡༨ཉིན།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དུས་མཐའི་གླུ་ངག

2022-08-19 ཚེ་ཤིས་ལྷ་དོན།(ཨ་མཆོག) ཀློག་གྲངས། མཆན ཡོད།
སྨུག་པའི་རི་ནས་རྡུལ་གྱི་ཤྭ་འོད་བརྡོལ།།
ཉི་མའི་ཁྱིམ་ནས་ཙད་པའི་མེ་སྟག་མཆེད།།
ནགས་མའི་ཀློང་ནས་དབུགས་ཀྱི་ཆ་ལང་རྡེབ།།
ཐང་ཆེན་ནད་པ་ཁྲོས་པས་ཟེ་བ་གཡུག།

ལྷ་ས་སྙུན་ལ་བླ་བྲང་བསྙུངས་པ་ཡིས།།
དག་ཞིང་དག་ཀྱང་མ་དག་མིག་ལ་གཙེས།།
ཡུལ་ཤུལ་བྲེད་ཅིང་ཟི་ལིང་ཞོད་དྲུད་པས།།
བདེ་བའི་གྲོང་དག་བདེ་བར་མ་གྱུར་ཏོ།།

ཆུ་མོ་མ་བོས་རི་ཆུ་སྒང་ནས་ཤོར།།
ཉི་མ་མ་གླེང་ཚ་ཟེར་རི་ནས་འབར།།
ས་འཛིན་མ་སྐུལ་དྲག་ཤུལ་གཏིང་ནས་ལྡང་།།
དུས་ངན་བརྗོད་དམ་སྐྱེ་འགྲོའི་བཅས་པ་ཟེར།།

མི་རྟག་མ་དྲན་དྲན་ནི་མི་རྟག་པ།།
རྟག་པར་མ་བཟུང་བཟུང་འཛིན་རྟག་མེད་པ།།
རྟེན་འབྱུང་བསླུ་མེད་བྱུར་གྱི་སྣ་ཐིག་ནི།།
འདོད་ལྡན་མི་ཡི་འདོད་པས་མ་བཏང་ངོ་།།

ལོ་ལ་ལོ་སྐེག་ཟླ་ལ་ཟླ་ཀག་ཅེས།།
སྲིད་ནི་སྲིད་ཅིང་བར་ཆད་བསལ་བ་ཡོད།།
ལོ་གསུམ་དུག་ལ་ཁ་སྣོན་མོད་པ་ནི།།
ཟླུམ་པོ་གོ་ལའི་ཕས་རྒོལ་མིན་ནམ་ཅི།།

ལྷ་ཀླུ་གཉན་ལ་ཕོག་ཐུག་མི་བཟོ་བ།།
བརྒྱད་ལྡན་ཆུ་བོར་བརྐོ་སློག་མི་བཅའ་བ།།
སྤང་ལ་མེ་དང་ཁྱི་རར་མི་འདུར་བ།།
རྨོངས་དད་རེད་དམ་དུས་མྱི་རྨོངས་བར་ཟད།།

གཉུག་མའི་གཤིས་ནི་དབང་གི་ལག་པས་བཙུར།།
གསོང་བའི་ཚིག་ནི་དངུལ་གྱི་རྐང་པས་བསྒྱུར།།
ཟོལ་གྱི་བརྫུ་དག་མཆོད་ཁྲིར་བཤམས་པ་ཡིས།།
ཉེས་པའི་དུག་རླུང་ཡངས་པའི་འཛིན་མར་གཡོས།།

བྱམས་པའི་སེམས་ནི་དྲིན་གཟོའི་རེ་བས་མིན།།
མ་སྐུལ་དང་བླངས་སྙིང་རྗེའི་རླུང་བུས་ཏེ།།
དེང་སང་ཡོད་ཚད་རྒྱབ་རས་ཤིག་གིས་བརླག།
འགྲོའམ་འདུག་གམ་གཞུངས་དྲང་མི་བུ་འཁྲུལ།།

སྨྱོན་པའི་གར་ལ་མཆོག་གི་སྨོན་པ་ཤོར།།
ལེགས་བྱས་ལག་པ་ཕུ་དུང་ནང་ནས་རུལ།།
སྲིད་ཀྱི་ཁྲི་ལ་སྤྲེའུའི་མཆོང་རྩལ་ངོམས།།
རིགས་ཀྱི་བུ་ལ་མ་ཉེས་འགྲམ་ལྕག་གཞུ།།

སྙིགས་མ་ལྔ་ཡི་གྲངས་འདྲེན་མི་རྟོག་མོད།།
སྙིགས་དུས་འདི་ལ་ལྔ་ལས་ཤིན་ཏུ་འདས།།
ས་ཡོམ་ནད་ཡམས་དམག་འཁྲུག་མུ་གེའི་ཚོགས།།
རིང་མིན་མིག་གི་བྱེད་པོར་ཡང་ཡང་རྩེན།།

སྐྱབས་དང་རེ་ས་གསོན་པོའི་མི་ལ་བྱས།།
མི་བུ་ཁྲ་ཁྲས་ཤི་བོའི་ལས་དག་བྱས།།
རང་མགོན་རང་ཞེས་ཀུ་ཅོ་སྒྲོགས་དང་ཀྱེ།།
དུས་མཐའི་ངག་ནི་མཆི་མའི་ནང་དུ་ལུད།།

དུག་གསུམ་རི་ཤོར་རང་གིས་མ་བཏུལ་ན།།
ཁམས་གསུམ་འགྲོ་བ་གཡུལ་གྱིས་ཁ་བཏགས་ནས།།
གླུ་ངག་སྐྱོ་བོ་ཞིག་ཀྱང་མ་འཁྱོངས་བར།།
གོ་ལའི་འཇིགས་རྔམ་ཁྲོད་ནས་ཚར་རེ་སྐན།།
            ༢༠༢༢.༨.༡༨ཉིན།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།