ངེད་དྲ་བས་སློབ་གླིང་སྙན་ངག་པ་བུ་མོ་ཆར་ཐིགས་ལ་བཅར་འདྲི་བྱས་པ།

IMG_4438.JPG

 ༡ ཁྱོད་ཀྱིས་དུས་ནམ་ཞིག་ནས་སྙན་ངག་འབྲི་མགོ་བརྩམས་པ་ཡིན། ཐོག་མར་འབྲི་དུས་ཀྱི་ཚོར་བ་ག་འདྲ་འདུག
  ལན།ཕལ་ཆེར་ལོ་གཉིས་གསུམ་ཟེར་དགོས་རྒྱུ་རེད།  སྤྱིར་ཆུང་དུས་ལོ་རིམ་གསུམ་པ་ནས་ཚིག་སྦྱོར་ལ་སྦྱོང་བ་བྱས་ནས་དམའ་རིམ་དུ་འབྱོར་རྗེས། ངས་བསམ་པར་སྙན་ངག་ནི་སེམས་ཀྱི་ན་ཟུག་སྐུང་ས་ཞིག་ཏུ་ངོས་འཛིན་བྱས་ནས་རང་ལ་འདང་བརྩེ་ཟབ་པའི་འདས་མི་ཞིག་དྲན་པ་དང་ཡིད་སྐྱོ་བ་སོགས་ཉིན་ཐོའི་རྣམ་པའི་ཚིག་ལྷུག་དང་ཚིགས་བཅད་ལ་སྦྱོང་བ་བྱས། དེ་བཞིན་རིམ་གྱིས་རྩོམ་རིག་ཅེས་པར་དགའ་བ་བསྐྱེད། འོན་ཀྱང་སྐབས་དེ་དུས་ནས་ང་རང་སྙན་ངག་པ་ཞིག་འཁྱོངས་དགོས་པར་འདོད་མེད་ལ།  ཡང་ན་ཚིག་སྦྱོར་བ་སྐད་གྲགས་ཅན་ཞིག་བྱ་འདོད་ཀྱང་ཡེ་ནས་མེད། དེ་ལྟར་ལོ་དང་ཟླ་བརྩེགས་ནས་སློབ་ཆེན་དུ་འབྱོར་རྗེས་ང་ལ་ཁེར་ཧྲེང་གི་ཚོར་འདུ་དྲག་པོ་ཞིག་མཆིས་པས། ངས་ནམ་རྒྱུན་དུས་དེབ་དང་ཚགས་པར། དེ་མིན་དྲྭ་རྩོམ་སོགས་ལ་བལྟས་རྗེས། རང་ཉིད་ཀྱིས་ཀྱང་ཁ་ཕྱོགས་ཤིག་བདམས་སོང་བའི་ཚུལ་གྱིས་རང་ཉིད་ལ་ཁ་ཡ་བྱེད་རོགས་ཀྱི་ཐ་སྙད་བསྟར་ལུགས་ཤིག་ལ་འཐམས་པ་ཡིན།

༢ ཁྱོད་ལ་སྙན་ངག་གི་རྟོག་པ་ཟེར་བ་དེ་ཨེ་འདུག དེ་ཅི་འདྲ་ཞིག་རེད།
  ལན། སྤྱིར་སྙན་ངག་གི་རྟོག་པ་ཟེར་བ་དེ་རང་ཉིད་ཀྱི་སོ་སོ་བའི་འཆར་ཡན་འཕྲོ་སྟངས་ཤིག་ཨེ་ཡོད་ཟེར་བར་གོ་བ་ལེན་ཆོག་ན། དེ་ནི་སྙན་ངག་ཟེར་ན་ཆོག་རང་ཉིད་ཀྱི་ཚོར་འདུ་ལ་བདག་གཉེར་བྱ་བ་ཞིག་གམ་སྤྱི་ཚོགས་ལ་ལྟ་བའི་མིག་ཤེས་སོ་སོ་ཅན་ཞིག་ཡིན་ན་སྙན་ངག་གི་རྟོག་པ་ཡོད་སྲིད། ཕྱི་རོལ་དངོས་གཟུགས་ནང་སེམས་ཀྱིས་འཁྲུལ་སྣང་དང་རྟོག་འཆར་གྱིས་བསྐྲུན་པའི་མཛེས་པ་ཞིག་ཡིན། དེ་ནི་མི་དེ་གཅིག་པུའི་མིག་མདུན་དུ་གནས་པའི་དངོས་པོ་གཞན་དང་མ་མཐུན་པ་ཞིག་བྱུང་བའི་འཆར་ཡན་ལ་བསམ།

༣ ཁྱོད་རང་གི་སློབ་མའི་འཚོ་བ་དང་སྙན་ངག་གི་བར་དུ་འབྲེལ་བ་ཅི་འདྲ་འདུག
  ལན།སྤྱིར་ང་རང་སློབ་ཆེན་སློབ་མ་ཞིག་ཏུ་གྱུར་བ་ནས་ཁེར་འགྲོ་ཁེར་འདུག་གི་འཚོ་བ་ཞིག་ལ་ལོབས་ཡོད་པའི་ཕྱིར། སྙན་ངག་གིས་ང་ལ་གསོན་འདོད་ཀྱི་འཚོ་བའི་ཁ་དོག་ཇེ་ཡག་ཏུ་གཏོང་གི་འདུག་ལ། མཚམས་ལན་རེར་རང་ཉིད་ལ་བདག་པོ་ཡང་རྒྱག་གི་ཡོད་པས།དཔེ་ཀློག་དང་བསམ་གཞིག་གི་ནུས་པ་གོང་འཕེལ་གཏོང་བའི་དགའ་རོགས་ཡ་མེད་ཅིག་ཡིན།

IMG_4440.JPG

༤ ཁྱོད་རང་སྙན་ངག་པ་གང་དག་ལ་དགའ། ཁོ་ཚོའི་སྙན་ངག་ལས་གཞན་པའི་མི་ཚེའི་སྐོར་ལ་རྒྱུས་ལོན་བྱས་མྱོང་ངམ།
  ལན། སྙན་ངག་པ་ལྗང་བུ་དང་སྐྱབས་ཆེན་བདེ་གྲོལ།  གྲྭ་བཙུན་སྙན་ངག་པ་རོང་བོ་དགེ་འདུན་ལྷུན་འགྲུབ་དང་ན་གཞོན་སྙན་ངག་པ་ཁ་བ་སྙིང་ལྕགས་བཅས་ཡིན། དེ་མིན་བུད་མེད་སྙན་ངག་པ་ཡང་མང་བོ་ཞིག་བྱུང་དང་འབྱུང་བཞིན་ཡོད་མོད་ད་དུང་ཡིད་བཀུག་འཇོག་པའི་སྙན་ངག་གང་ཡང་མཐོང་མ་བྱུང་། ལྷག་པར་རྒན་གྲས་ཁག་ལས་ཅུང་སྤྲོ་སྣང་ཡོད་པ་ནི་མོ་གཞོན་ཚོའི་སྙན་ངག་རེད། དེ་ནི་རང་ཉིད་བུད་མེད་ཅིག་ཡིན་པའི་ངོས་ནས་ཡིད་སྐྱོ་སྐྱོ་འདྲ་རེད། མི་ཚེའི་སྐོར་ལ་རྒྱུས་ལོན་བྱས་པ་མེད། ང་རང་སྙན་ངག་པའི་མི་ཚེ་ལ་རྒྱུས་ལོན་བྱ་བར་འཇིགས།

༥ བོད་ཀྱི་སྙན་ངག་པའི་སྙན་ངག་ཀློག་དུས་ཁྱོད་རང་ཆེས་སུན་ས་ནི་ཅི་ཞིག་རེད།
  ལན།  སྙན་ངག་གང་དེ་རང་གི་བློ་མིག་གིས་ཟིན་མ་ཟིན་གྱི་བར་ནས་ཚད་ངེས་ཅན་ཞིག་ལ་བཀྱག་འགྲོ་བ་དང་ཚད་དམའ་མོ་ཞིག་ལ་མར་འཇོག་པའི་སྣང་ཚུལ་དེ་ཡིན། ཡང་རིགས་གཞན་ཞིག་ནི་ས་ཕྱོགས་སྤར་མོ་གང་བོར་ཕྱོགས་ཞེན་འཆང་བ་དེ་ཡིན། དེ་སྔོན་རང་གིས་བོད་ཀྱི་སྙན་ངག་དཔྱད་རྩོམ་གྱི་དེབ་ཅིག་བཀླགས་པར་ཚར་འགྲོ་བར་དུ་ཡུལ་ཕྱོགས་དེ་ཡི་སྙན་ངག་པ་དག་དག་གིས་ཁ་གང་ཐབས་བྱས་འདུག དེ་ནི་སུན་ས་གཞན་ཞིག་རེད།

༦ འབྱུང་འགྱུར་ཁྱོད་ཀྱིས་མུ་མཐུད་དུ་སྙན་ངག་བྲི་རྒྱུ་ཡིན་ནམ། དེའི་ཕྱོགས་ནས་འཆར་གཞི་ག་འདྲ་ཡོད།
  ལན།དེ་ནི་ཐག་གཅོད་བྱ་དཀའ་བའི་དྲི་བ་ཞིག་ཡིན་མོད།སྙན་ངག་ནི་ང་ཡི་འཚོ་བའི་ཁྲོད་ཀྱི་མིག་ཟུང་གཞན་ཞིག་ཡིན་པས། རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་ཤིག་གི་ལམ་ཐིག་ཀྱང་ཨེ་ཉན་འདོད་ཡོད།

༧ ཁྱོད་རང་རྟེན་བུད་མེད་ཅིག་ཡིན་པའི་ཆ་ནས་ཇི་ལྟར་སྙན་ངག་འབྲི་བཞིན་ཡོད། ཁྱོད་ཀྱིས་བསམ་ན་བུད་མེད་ཀྱི་སྙན་ངག་དང་སྐྱེས་པའི་སྙན་ངག་གི་བར་ལ་མི་འདྲ་ས་གང་དག་འདུག
  ལན། སྤྱིར་མི་སུ་ཡིན་ཡང་སྙན་ངག་ནི་རང་ཉིད་ཀྱི་འཚོ་གནས་མུན་པ་གསལ་བྱེད་ཅིག་དང་ན་ཟུག་དག་ཚོར་བར་བླུད་པ་ཞིག་ཡིན། དེ་བཞིན་རང་ཉིད་ལ་མཚོན་ན་ཁོར་ཡུག་ལས་བསྐྱེད་པའི་སུན་སྣང་དང་ཚོར་འདུ་ལས་འཕྲོས་པའི་སྡུག་ཡུས་སོགས་ཀྱིས་རང་བྱུང་གི་སྣང་ཚུལ་ཚུར་སྣང་བ་ནི་རང་ཉིད་ཀྱི་རྟོག་འཆར་འདྲ་མིན་ལ་བརྒྱུས་ནས་འབྲི་བཞིན་ཡོད། བོད་ལ་མཚོན་ན་བུད་མེད་ཀྱི་སྙན་ངག་དང་སྐྱེས་པའི་སྙན་ངག་པ་ནི་གནས་སྟངས་ཁ་ཁ་རེ་ན་འདུག བསམ་གཞིག་གི་འཆར་ཡན་འཕྲོ་སྟངས་དང་རྟོག་བཟོ། ཡིད་བརྙན་བཞེངས་ལུགས། ཚོར་བ་འདྲེས་པའི་ཆ་སོགས་ལ་མི་མཐུན་པའི་ཁྱད་ཆོས་མང་བར་འདོད།

IMG_4439.JPG

༨ ནུབ་ཀྱི་བུད་མེད་སྙན་ངག་པ་མང་པོས་བུད་མེད་རང་གི་འདོད་སྲེད་དང་ལུས་ཕུང་གི་སྐོར་བྲིས་པ་མང་དུ་མཐོང་། ཁྱོད་ཀྱིས་རྗེས་མར་སྙན་ངག་དུ་གཞན་གྱིས་འཛེམ་བྱར་ངོས་འཛིན་པའི་བརྗོད་བྱ་དེ་དག་བྲི་ཕོད་དམ།
  ལན། ང་རང་བོད་ཀྱི་བུད་མེད་ཅིག་ཡིན་པའི་ངོས་ནས་དེ་ནི་འཛེམ་བྱར་བསམ་དགོས་པ་གང་ཡང་མེད། ངས་རང་གི་ཚོར་འདུ་དང་སྡེབ་སྒྲིག་བྱ་དགོས་པ་གང་ལ་འཕྲད་ཀྱང་ད་ལྟ་དང་འབྱུང་འགྱུར་ལ་ཁྱད་མེད་པར་བྲི་ཕོད།

༩ སྙན་ངག་བྲིས་པས་ཁྱོད་ཀྱི་འཚོ་བར་འགྱུར་བ་ག་འདྲ་བྱུང་སོང་།
  ལན། ང་རང་སྙན་ངག་ངོས་སུ་ཞུགས་པ་ནས་ད་བར་གྱི་སེམས་ཚོར་དང་རྟོག་ཚོར་ལ་ཧེ་བག་ཆེན་པོ་བྱུང་འདུག ཐོག་མར་ཞུགས་དུས་དངོས་པོ་ཞིག་ལས་ཚོར་བ་གཞན་ཞིག་རྙེད་པར་བྱ་བ་དེ་ཡིན་མོད། ད་ལྟ་ནི་དངོས་པོ་དང་སྣང་ཚུལ་གཅིག་ལས་སེམས་ཚོར་དང་རྟོག་ཚོར་འདྲ་མིན་སྣ་ཚོགས་འཁྱུག་འགྲོ།

༡༠ དེང་འདིར་བོད་ལའང་མོ་དབང་རིང་ལུགས་དང་བུད་མེད་རིང་ལུགས་སོགས་བཤད་མཁན་འགའ་རེ་འདུག དེ་ལ་ཇི་ལྟར་བསམ།
ལན།དེང་སྐབས་ལ་མཚོན་ན་མོ་དབང་རིང་ལུགས་ནི་བཤད་དགོས་པ་གལ་ཆེ་བ་ཞིག་མིན་པ་འདྲ། ལྷག་དོན་ཤར་ནུབ་བར་གྱི་མོ་དབང་རྩོད་ལུགས་མི་མཐུན་པར་བརྟེན། རང་རེ་བོད་ལ་དར་བ་ནི་སྔ་མ་ཡིན་ན་བློ་འགྱོད་ཆེ་བའི་བཅོས་བསྒྱུར་ཞིག་ཨེ་ཡིན་བསམ། མི་རིགས་གང་དང་གང་ལ་མཚོན་ན་སོ་སོའི་འཚོ་ཐབས་མི་འདྲ་བས་ཕྱིར། མི་རིགས་གང་ཞིག་ལ་ལད་མོ་བྱས་ནས་དར་བ་ནི་མི་རིགས་དེ་གཞན་འགྱུར་བྱ་བ་ཨེ་ཡིན་འདོད། གང་ལྟར་དེང་སྐབས་རང་རེ་བུད་མེད་དག་ལ་དབང་གང་ཞིག་མཁོ་མིན་རྩོད་པ་ལས་རང་ཉིད་ཀྱི་མི་རྒྱུད་མི་བརླག་པ་དེ་གཙོ་བར་འདོད་དོ།།

                                                                               2015-5-18

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངེད་དྲ་བས་སློབ་གླིང་སྙན་ངག་པ་བུ་མོ་ཆར་ཐིགས་ལ་བཅར་འདྲི་བྱས་པ།

2015-05-24 མཆོད་མེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།