འཛམ་གླིང་གི་ཚོགས་སྡེ་ཆེ་ཤོས་ཡོ་རོབ་མཉམ་འབྲེལ།

རྨ་མགུར་སངས་རྒྱམ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-05


ཡོ་རོབ་མཉམ་འབྲེལ་ནི།    སྤྱི་ལོ་༡༩༩༣་ལོར་ཡོ་རོབ་ཀྱི་རྒྱལ་ཁབ་བཅུ་གཉིས་ཀྱི་ཚོགས་སྡེ་ཞིག་གིས་གསར་འཛུགས་གནང་བའི་རྩ་འཛུགས་ཤིག་ཡིན་པ་དང་།    དེས་ཡོ་རོབ་ཀྱི་རྒྱལ་ཁབ་མང་བོ་མཉམ་འབྲེལ་བྱས་ནས་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནད་དོན་ཁག་མཉམ་ལས་དང་རོགས་རམ་བྱེད་ཀྱི་ཡོད།    སྤྱི་ལོ་༢༠༠༧་ལོའི་བར་དུ་ཡོ་རོབ་མཉམ་འབྲེལ་ནི་རྒྱལ་ཁབ་ཉེར་བདུན་ལས་གྲུབ་པའི་ཚོགས་སྡེ་ཞིག་ཏུ་གྱུར་ཡོད།    ཡོ་རོབ་མཉམ་འབྲེལ་གྱི་དམིགས་ཡུལ་ནི་དེའི་ཁོངས་མི་རྒྱལ་ཁབ་ཀྱི་བར་ལ་རང་དབང་གི་ཚོང་ལས་མཁོ་སྤྲོད་དང་རྒྱལ་ཁབ་གཅིག་ནས་གཅིག་ལ་ཚོང་རྫས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་དང་དཔྱ་ཁྲལ་མེད་པར་བཟོ་བཞིན་ཡོད།    ཡོ་རོབ་མཉམ་འབྲེལ་གྱིས་ཡོ་རོབ་ཀྱི་མི་དམངས་ལ་ཡོ་རོབ་མཉམ་འབྲེལ་གྱི་ཚོགས་ཞུགས་རྒྱལ་ཁབ་ཁག་གི་ནང་དུ་ལས་ཀ་དང་།   གནས་སྡོད།    སློབ་སྦྱོང་།   འགྲུལ་བཞུད་སོགས་བྱེད་པར་རང་དབང་ཆེན་པོ་སྤྲོད་ཀྱི་ཡོད།    ཡོ་རོབ་མཉམ་འབྲེལ་གྱི་དར་ཆའི་རས་གཞིའི་ཚོན་མདངས་ནི་སྔོན་པོ་ཡིན་པ་དང་དེའི་སྟེང་དུ་གསེར་མདོག་ཅན་གྱི་སྐར་མ་བཅུ་གཉིས་ཀྱིས་བསྐོར་བའི་ཟླུམ་ཀོར་གྱི་རྣམ་པ་ཞིག་ཡིན་པས།    དེའི་མཚོན་དོན་ལ་ཡོ་རོབ་ཀྱི་མི་དམངས་ཀྱི་མཉམ་འབྲེལ་གྱི་རྣམ་པ་མཚོན་པར་བྱེད་པའི་གོ་དོན་ལྡན་ཡོད།     ཡོ་རོབ་མཉམ་འབྲེལ་ལ་ཁྲིམས་བཟོ་ལྷན་ཁང་དང་ཁྲིམས་ཞིབ་ལྷན་ཁང་གཉིས་ཚུད་པའི་རང་ཉིད་ཀྱི་འཛིན་སྐྱོང་ལྷན་ཚོགས་ཁ་ཤས་ཡོད།    འདིར་ཡོ་རོབ་གྲོས་ཚོགས་ཞེས་འབོད་པའི་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་རྣམས་ཀྱིས་ཆབ་སྲིད་ཀྱི་གནད་དོན་སྐོར་ལ་གྲོས་མོལ་དང་ཐག་གཅོད་བྱེད་ཀྱི་ཡོད།    ཡོ་རོབ་ཀྱི་གྲོས་ཚོགས་ནི་ཧྥ་རན་སི་རྒྱལ་ཁབ་ཀྱི་གྲོང་ཁྱེར་སི་ཀྲི་ར་རྦོར་རྒུ་ནང་དུ་གནས་ཡོད།   ཡོ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་མང་ཆེ་བས་སྒོར་མོའི་སྡེ་ཚན་གཅིག་པ་བེད་སྤྱོད་བྱེད་པ་དང་དེའི་མིང་ལ་ཡོ་རོབ་ཟེར་གྱི་ཡོད།    ཨ་རིའི་སྒོར་མོ་དང་འདྲ་བར་ཡོ་རོབ་སྒོར་མོ་གཅིག་ལ་སེན་ཀྲི་ཞེས་པའི་སྐར་མ་བརྒྱ་ཐམ་པ་ཡོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཛམ་གླིང་གི་ཚོགས་སྡེ་ཆེ་ཤོས་ཡོ་རོབ་མཉམ་འབྲེལ།

2012-03-05 རྨ་མགུར་སངས་རྒྱམ། ཀློག་གྲངས། མཆན ཡོད།


ཡོ་རོབ་མཉམ་འབྲེལ་ནི།    སྤྱི་ལོ་༡༩༩༣་ལོར་ཡོ་རོབ་ཀྱི་རྒྱལ་ཁབ་བཅུ་གཉིས་ཀྱི་ཚོགས་སྡེ་ཞིག་གིས་གསར་འཛུགས་གནང་བའི་རྩ་འཛུགས་ཤིག་ཡིན་པ་དང་།    དེས་ཡོ་རོབ་ཀྱི་རྒྱལ་ཁབ་མང་བོ་མཉམ་འབྲེལ་བྱས་ནས་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནད་དོན་ཁག་མཉམ་ལས་དང་རོགས་རམ་བྱེད་ཀྱི་ཡོད།    སྤྱི་ལོ་༢༠༠༧་ལོའི་བར་དུ་ཡོ་རོབ་མཉམ་འབྲེལ་ནི་རྒྱལ་ཁབ་ཉེར་བདུན་ལས་གྲུབ་པའི་ཚོགས་སྡེ་ཞིག་ཏུ་གྱུར་ཡོད།    ཡོ་རོབ་མཉམ་འབྲེལ་གྱི་དམིགས་ཡུལ་ནི་དེའི་ཁོངས་མི་རྒྱལ་ཁབ་ཀྱི་བར་ལ་རང་དབང་གི་ཚོང་ལས་མཁོ་སྤྲོད་དང་རྒྱལ་ཁབ་གཅིག་ནས་གཅིག་ལ་ཚོང་རྫས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་དང་དཔྱ་ཁྲལ་མེད་པར་བཟོ་བཞིན་ཡོད།    ཡོ་རོབ་མཉམ་འབྲེལ་གྱིས་ཡོ་རོབ་ཀྱི་མི་དམངས་ལ་ཡོ་རོབ་མཉམ་འབྲེལ་གྱི་ཚོགས་ཞུགས་རྒྱལ་ཁབ་ཁག་གི་ནང་དུ་ལས་ཀ་དང་།   གནས་སྡོད།    སློབ་སྦྱོང་།   འགྲུལ་བཞུད་སོགས་བྱེད་པར་རང་དབང་ཆེན་པོ་སྤྲོད་ཀྱི་ཡོད།    ཡོ་རོབ་མཉམ་འབྲེལ་གྱི་དར་ཆའི་རས་གཞིའི་ཚོན་མདངས་ནི་སྔོན་པོ་ཡིན་པ་དང་དེའི་སྟེང་དུ་གསེར་མདོག་ཅན་གྱི་སྐར་མ་བཅུ་གཉིས་ཀྱིས་བསྐོར་བའི་ཟླུམ་ཀོར་གྱི་རྣམ་པ་ཞིག་ཡིན་པས།    དེའི་མཚོན་དོན་ལ་ཡོ་རོབ་ཀྱི་མི་དམངས་ཀྱི་མཉམ་འབྲེལ་གྱི་རྣམ་པ་མཚོན་པར་བྱེད་པའི་གོ་དོན་ལྡན་ཡོད།     ཡོ་རོབ་མཉམ་འབྲེལ་ལ་ཁྲིམས་བཟོ་ལྷན་ཁང་དང་ཁྲིམས་ཞིབ་ལྷན་ཁང་གཉིས་ཚུད་པའི་རང་ཉིད་ཀྱི་འཛིན་སྐྱོང་ལྷན་ཚོགས་ཁ་ཤས་ཡོད།    འདིར་ཡོ་རོབ་གྲོས་ཚོགས་ཞེས་འབོད་པའི་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་རྣམས་ཀྱིས་ཆབ་སྲིད་ཀྱི་གནད་དོན་སྐོར་ལ་གྲོས་མོལ་དང་ཐག་གཅོད་བྱེད་ཀྱི་ཡོད།    ཡོ་རོབ་ཀྱི་གྲོས་ཚོགས་ནི་ཧྥ་རན་སི་རྒྱལ་ཁབ་ཀྱི་གྲོང་ཁྱེར་སི་ཀྲི་ར་རྦོར་རྒུ་ནང་དུ་གནས་ཡོད།   ཡོ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་མང་ཆེ་བས་སྒོར་མོའི་སྡེ་ཚན་གཅིག་པ་བེད་སྤྱོད་བྱེད་པ་དང་དེའི་མིང་ལ་ཡོ་རོབ་ཟེར་གྱི་ཡོད།    ཨ་རིའི་སྒོར་མོ་དང་འདྲ་བར་ཡོ་རོབ་སྒོར་མོ་གཅིག་ལ་སེན་ཀྲི་ཞེས་པའི་སྐར་མ་བརྒྱ་ཐམ་པ་ཡོད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།