མང་གཙོའི་གོ་དོན་རགས་ཙམ་གླེང་བ།

ཚེ་རིང་རྒྱལ།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-27

  མང་གཙོ་ཞེས་པའི་མིང་ཚིག་འདི་ནི་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པར༼ ༥༠༨ ༽གྷི་རིག་༼ GREEK ༽གི་སྐད་ཡིག་ལས་གསར་དུ་བྱུང་བར་གྲགས་ལ། དེ་ཡང་༼ DEMOS ༽ ཞེས་པ་ནི་མི་མང་དང་༼ KRATEIN ༽ ཞེས་པ་ཁྲིམས་ཀྱི་དོན་ཏེ། དོན་སྒྱུར་ན་མི་མང་གིས་བཟོས་པའི་ཁྲིམས་ཞེས་པ་རེད་འདུག
  རང་རེའི་བོད་ཁམས་ན་འདི་ལ་འབྲི་སྲོལ་གཉིས་ཡོད་པ་སྟེ། “མང་གཙོ་”དང་”དམངས་གཙོ་”ཞེས་འབྲི་བཞིན་འདུག འོན་ཀྱང་དམངས་གཙོ་ཞེས་པའི་“དམངས་”ནི་གྲལ་རིམ་གྱི་མཐའ་དང་ཕལ་བའི་དོན་དང་། རྒྱལ་བོ་ལྟོས་ནས་བཏགས་པ་ཞིག་ཕལ་ཆེར་རེད་འདུག་སྙམ།
  དེས་ན་རྒྱལ་བོའི་ལམ་ལུགས་མཇུག་སྒྲིལ་རྗེས་སྲིད་གཞུང་གི་གཙོ་འཛིན་དེ་སྲིད་འཛིན་ལས་“རྒྱལ་བོ་”མིན་ལ། ང་ཚོ་ནི་མི་མང་དང་ཡུལ་མི་ཡིན་པ་ལས་“དམངས་”ནི་མིན་པར་སེམས་སོ། དེ་བས་༼ DEMOCRACY ༽ཞེས་པ་ཉུང་ངུ་ལས་མང་མོས་གཙོ་བའི་“མང་གཙོ་”ལ་བསྒྱུར་ན་རན་པར་སེམས།
  སྤྱིར་མང་གཙོ་དང་སྒེར་གཅོད་ནི། སྤྱི་ཚོགས་དང་སྲིད་གཞུང་ལ་ལྟོས་ནས་དང་། རང་དབང་དང་ཐོབ་ཐང་ནི་མི་མང་དང་མི་སྒེར་ལ་ལྟོས་ནས་བཏགས་པ་ཞིག་རེད། དོན་ངོ་མར་ཅི་ཞིག་ལ་མང་གཙོ་ཟེར་བ་རེད་དམ། བོད་དབྱིན་རྒྱ་གསུམ་གྱི་ཚིག་མཛོད་དང་ཡིག་ཆ་འགའ་ཞིག་ལྟར་ན། རྒྱལ་ཁབ་གང་ཞིག་ཏུ་མི་མང་ཡོངས་ལ་ཁོང་ཚོ་རང་ཉིད་ཀྱི་ཆབ་སྲིད་ཀྱི་སྣེ་ཁྲིད་འདེམས་པའི་དབང་ཆ་ཡོད་པ་ལ་ཟེར་ཞེས་གསལ་འདུག འོན་ཀྱང་འདི་ནི་འཐུས་ཚང་གི་འགྲེལ་བཤད་ཅིག་རེད་མི་འདུག་སྙམ། མང་གཙོའི་འོས་འདེམས་ལ་གལ་ཆེ་བའི་ཟུར་གཉིས་ཚང་དགོས་པ་སྟེ།
  ཀ༽ འོས་འདེམས་ཁྲོད་ཀྱི་འོས་གཞི་རྣམས་མི་མང་གི་མངོན་འདོད་དང་མཐུན་པ་ཞིག་དགོས་པ་དེ་རེད། གསལ་བོར་བཤད་ན་སྲིད་གཞུང་གིས་འོས་གཞི་བཏོན་པར་མི་མང་གིས་འདམ་གསེས་གང་ཡང་མེད་པར་འོས་བླུགས་པ་ནི་མང་གཙོ་དང་མཐུན་གྱི་མེད། དེས་ན་འོེས་གཞི་བཟོ་བའི་དབང་ཆ་ཡང་མི་མང་ངམ་མིང་ངམ་གི་སྐུ་ཚབ་གྲོས་ཚོགས་ལ་ཡོད་དགོས་པ་རེད།
   ཁ༽ མང་གཙོའི་འོས་འདེམས་ཀྱིས་མི་རིགས་སམ་མི་བུ་བྱེ་བྲག་པའི་རང་དབང་དང་ཐོབ་ཐང་ལ་འགན་ཁུར་དགོས་པ་རེད། དེ་ཡང་གསལ་བོར་བཤད་ན་མང་པོ་ཁ་མཐུན་གྱིས་ཉུང་ངུར་ཐུབ་ཚོད་གཏོང་རྐྱང་བྱས་ན་མང་གཙོའི་རིགས་ལམ་དང་ཡོངས་སུ་འགལ་ཡོད་པ་རེད།
   མདོར་ན། དུས་ཀྱི་འགྱུར་ལྡོག་ཁྲོད་མང་གཙོའི་ལམ་ལུགས་ཡར་རྒྱས་འགྲོ་བ་དང་ལྷན་“མང་གཙོ་”ཞེས་པའི་མིང་ཚིག་འདིའི་གོ་དོན་ཡང་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་འདུག དེས་ན། རྒྱལ་ཁབ་གང་ཞིག་ཏུ་འགྲོ་བ་མིའི་ཐོབ་ཐང་གཞིར་བཞག་ཐོག་ཡུལ་མི་ཡོངས་ལ་རང་ཉིད་ཀྱི་མངོན་འདོད་དང་མཐུན་པའི་སྲིད་ཀྱི་སྣེ་ཁྲིད་འདེམས་པའི་རང་དབང་ཡོད་པ་ལ་མང་གཙོ་ཞེས་བརྗོད་ན་འགྲིག་པར་སེམས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མང་གཙོའི་གོ་དོན་རགས་ཙམ་གླེང་བ།

2011-07-27 ཚེ་རིང་རྒྱལ།༼པེ་ཅིང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།