དྲ་ཐོག་གི་བོད་ཀྱི་གསོ་རིག

བོད་ཀྱི་གསོ་རིག་དྲ་བ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-24

     དུས་རབས་ཉེར་གཅིག་གི་ཚན་རིག་ལག་རྕལ་མགྱོགས་ཤོས་དང་ཁྱབ་ཁོངས་ཆེ་ཤོས་ནི་རྩིས་རྡུལ་ལག་རྩལ་Digital Technology ཡིན། ལག་ཤེས་འདི་ནི་བྱིས་པ་ཞིག་གི་རྩེད་མོ་དང་། མི་དཀྱུས་མ་ཞིག་གི་ཡིག་སྒམ་ནས་བཟུང་ཚན་རིག་འདྲ་མིན་དང་ཐ་ན་རྒྱལ་སྤྱིའི་དམག་དོན་དང་སྲིད་དོན་གྱིས་ཀྱང་གཞི་བརྟེན་སར་ཆགས་ཡོད། སྲོལ་རྒྱུན་རིག་གནས་ཁག་ལ་ཆ་མཚོན་ན་ཡང་ཚན་རིག་ལག་རྩལ་གྱི་ལམ་ཆེན་དུ་གོམ་པ་ཆེར་བགྲོད་ཀྱིས་དར་སྤེལ་དང་ཡར་རྒྱས་བྱ་རྒྱུ་ནི་གནད་འགག་ཆེན་པོ་ཞིག་ཡིན་པ་གསལ་པོ་རེད།།
      དུས་རབས་གསར་བ་འདིའི་ནང་བོད་ཀྱི་རིག་གནས་དང་། སྤྱི་ཚོགས་དང་། ཚོང་ལས་དང་། ཆབ་སྲིད་དང་། ཆོས་ལུགས་དང་། སྒྱུ་རྩལ་དང་གསར་འགྱུར་སོགས་གང་མང་ཞིག་རིམ་གྱིས་རྕིས་རྡུལ་ལག་རྩལ་སྟེང་དར་ཞིང་རྒྱས་བཞིན་པ་ནི་དགའ་འོས་པ་ཞིག་རེད་ལ། འདི་ནི་རིག་གནས་དང་སྐད་ཡིག་རྒྱུད་འཛིན་ལ་མེད་ཐབས་མེད་པའི་ཆ་ལག་ཅིག་ཏུ་རང་བཞིན་གྱིས་ཆགས་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རོ།།
བོད་ཀྱི་གསོ་བ་རིག་པའི་དྲ་ཐོག་གནས་སྟངས་ནི་རྒྱ་གར་དང་རྒྱ་ནག་གི་སྲོལ་རྒྱུན་སྨན་ལུགས་དང་བསྡུར་ན་ཚད་ཧ་ཅང་ཉུང་ན་ཡང་། ཉེ་བའི་ལོ་བཅུ་ཕྲག་གཅིག་གཉིས་རིང་ནས་ཤར་ནུབ་རྒྱལ་ཁབ་གང་རུང་དུ་བོད་ཀྱི་གསོ་བ་རིག་པའི་དྲ་ཐོག་གི་གནས་ཚུལ་རིམ་གྱིས་མང་དུ་འགྲོ་བཞིན་ལ་གཙོ་ཆེ་བ་རྣམས་ནི་དབྱིན་སྐད་དང་བོད་ཡིག་དང་རྒྱ་ཡིག་བཅས་སུ་ཡོད། །
         རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་གི་གསོ་རིག་དྲ་བ་ནི་སྐད་རིགས་མང་ཤོས་དང་རྒྱུག་ཆེ་ཤོས་ཀྱི་གསོ་རིག་དྲ་བ་ཡིན་པས་ངོ་སྤྲོད་ཅུང་ཞུས་ན།
1. རྨང་གཞིའི་དྲ་བ་ནི www.iattm.net ཡིན་པ་དང་དེ་ནི་གཙོ་བོ་དབྱིན་སྐད་དང་། གཞན་ཕ་རན་སི་དང་ཨི་ཊ་ལི། ཕེན་ལན། ཨུ་རུ་སུ། ལྗར་པན་སོགས་ཀྱི་སྐད་དུ་ཡོད་པ་དང་། དེ་རུ་གསོ་རིག་འབྲེལ་གཏུག་ཁ་བྱང་ཉི་ཤུ་ལྷག་ཡོད།
2. ལྟ་ན་སྡུག་གསོ་རིག་སློབ་གྲྭ་ཆེན་མོ་ཟེར་བ་ནི་དྲ་ཐོག་རྒྱུད་ནས་སློབ་ཁྲིད་བྱ་བཞིན་པའི་བོད་སྨན་གྱི་དྲ་ཕྱེས་སློབ་གྲྭ་ཆེན་མོ་ (Open University )་ཆེས་ཐོག་མ་ཡིན་ལ། དེའི་དྲ་བའི་ཁ་བྱང་ནི། www.tanadukuni.com
3. ཨ་རིའི་བོད་ཀྱི་གསོ་རིག་དྲ་བ་ནི www.thesoriginstitute.com
4. ཨི་ཊ་ལིའི་བོད་ཀྱི་གསོ་རིག་དྲ་བ་ནི www.medicinatibetana.com
5. ཕོར་ཏོ་གྷལ་སྐད་ཀྱི་བོད་ཀྱི་གསོ་རིག་དྲ་བ་ནི www.medicinatibetana.pt
6. ཉི་ཧོང་ངམ་ལྗར་པན་གྱི་བོད་ཀྱི་གསོ་རིག་དྲ་བ་ནི www.tibetan-igaku.com
7. འཇར་མན་སྐད་ཀྱི་གསོ་རིག་དྲ་བ་ནི www.attm.de
8. སུད་སེའི་གསོ་རིག་དྲ་གནས་ནི། www.attm-switzerland.ch
9. ཨེ་ས་ཏོ་ཡི་ཡའི་སྐད་ལ། www.tibetamedicine.et
10. ཡུ་གི་རེན་སྐད་ཀྱི་གསོ་རིག་དྲ་བ་ནི། www.iattm.com.uc
11. ཞི་ཕན་ཡ་སྐད་ཀྱི་བོད་ཀྱི་གསོ་རིག་དྲ་བ་ནི www.medicinatibetana.eu
12. ཨུ་རུ་སུའི་བྷོ་རི་ཡ་ཐུའི་སྐད་ཀྱི་གསོ་རིག་དྲ་བ་ནི། www.yuthokling.ru
13. རོ་མ་ཉི་ཡའི་སྐད་ཀྱི་གསོ་རིག་དྲ་བ་ནི། www.iamtt.ro
14. ལིའི་ཐོ་ཉི་ཡའི་སྐད་ཀྱི་གསོ་རིག་དྲ་བ་ནི།། www.tibetanmedicine.lt
15. སྨན་རྩིས་ཀྱི་དྲ་བ་ནི་གསོ་རིག་སློབ་མ་དང་ཆེད་ལས་པ་རྣམས་ལ་དམིགས་པའི་རྩིས་ལུགས་ལས་སྨན་བཅོས་ལ་ཆེད་དུ་མཁོ་བ་རྣམས་ཉིན་ལྟར་དྲྭ་ཐོག་ཏུ་ཡོད་ལ་ད་ལྟ་དབྱིན་སྐད་དང་ཕ་རན་སིའི་སྐད་གཉིས་སུ་ཡོད།་ www.sorigastro.com
16. བོད་ཀྱི་གསོ་རིག་ལས་གཡུ་ཐོག་སྙིང་ཐིག་དྲ་བ་ནི། www.yuthokling.com
17. བོད་སྐད་ཀྱི་གསོ་རིག་དྲ་བ་ནི། www.sorig.net
18. གསོ་རིག་དཔེ་སྐྲུན་གྱི་དྲ་གནས་ནི། www.sorigpublications.com
19. གཞན་ཐོན་བཞིན་པ་ནི་ www.sorig.cn
20. གསོ་རིག་འགྲུལ་བསྐྱོད་www.sorigtravel.com

རྩོམ་ཁུངས། བོད་ཀྱི་གསོ་རིག་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲ་ཐོག་གི་བོད་ཀྱི་གསོ་རིག

2010-12-24 བོད་ཀྱི་གསོ་རིག་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།