དང་པོ། དུས་གསུམ་བྱེ་བྲག་པ།

དུས་གསུམ་བྱེ་བྲག་པ་ཞེས་མིང་ཐོགས་དོན་ནི་སྔོན་འཇུག་ལྔ་ལས་བ་ཡིག་བྱེ་བྲག་པ་གཅིག་གི་འཇུག་ཚུལ་སྟོན་པས་ན་དུས་གསུམ་བྱེ་བྲག་པ་ཞེས་མིང་དུ་བཏགས་པ་ཡིན་ལ། འདི་ནི་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡི་རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་ལས་བྱ་བའི་ཚིག་ལ་སྡོམ་ཚིག་ཐུང་ངུ་ཞིག་བཀོད་ཡོད་པ་ཟུར་དུ་དབྱུང་ནས་འཕྲི་སྣོན་ཅུང་ཙམ་བྱས་ཏེ་དུས་གསུམ་བྱེ་བྲག་པའི་སྡོམ་ཚིག་ལ་བཞག་པ་ཞིག་ཡིན།
དུས་གསུམ་བྱེ་བྲག་པ་འཆད་པ་ལ་སྡེ་ཚན་བཞི་རུ་དབྱེ་ཡོད།
༡ མིང་གཞི་མགོ་ཅན་གཙོ་གྱུར་གྱི་རྗེས་འཇུག་ད་ས་གཉིས་མེད་རིགས་ལ་དུས་གསུམ་བྱེ་བྲག་པའི་༣༢༤༣གི་བྱ་ཚིག་ཟེར།
༢ མིང་གཞི་མགོ་ཅན་གྱི་རྗེས་འཇུག་ད་ཡིག་ཞུགས་པ་ལ་དུས་གསུམ་བྱེ་བྲག་པའི་༣༢༣༢གི་བྱ་ཚིག་ཟེར།
༣ མིང་གཞི་མགོ་ཅན་དང་རྗེས་འཇུག་ས་ཡིག་ཡོད་པ་ལ་དུས་གསུམ་བྱེ་བྲག་པའི་༢༡༣༢གི་བྱ་ཚིག་ཟེར།
༤ མིང་གཞི་མགོ་ཅན་ཡིན་ཡང་པ་སྡེ་ཡིན་ཚེ་རང་སྡེ་ཡིན་པས་དུས་གསུམ་བྱེ་བྲག་པའི་༢༢༣༣གི་བྱ་ཚིག་ཟེར།
དང་པོ། དུས་གསུམ་བྱེ་བྲག་པ། ༣༢༤༣གི་བྱ་ཚིག་ནི། མིང་གཞི་ར་མགོ་དང་། ལ་མགོ ས་མགོ་བཅས་མགོ་ཅན་གྱི་དུས་གསུམ་བརྒྱ་ཆ་༩༠ དང་། ལ་བཏགས་དང་ར་བཏགས་བརྒྱ་ཆ་༧ རྐྱང་པ་བརྒྱ་ཆ་ ༣ ཚུད་ཡོད། སྔོན་འཇུག་བ་ཡིག་བྱེ་བྲག་པ་གཅིག་དུས་འདས་པ་དང་མ་འོངས་པར་འཐོབ། རྗེས་འཇུག་ག་ང་བ་མ་ན་ར་ལ་བཅས་བདུན་ཡོད།ཐོན་མིའི་ལུང་། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། གསུངས་པ་ལྟར། སྔོན་འཇུག་ཕོ་བ་ཡིག་ནི་དུས་འདས་པ་དང་གཞན་བསྒྲུབ་སྟེ་མ་འོངས་པ་གཉིས་ལ་འཇུག་པ་འདི་ལྟ་བུ་ལ་དགོངས་པ་ཡིན་ནོ།
མཆན། སྤྱིར་བརྩེགས་མའི་སྔོན་འཇུག་ཡིན་ན་སྔོན་འཇུག་བ་ཡིག་ཁོ་ན་ཡིན་པའི་ཁྱབ།
སྡོམ་ཚིག
འདས་ལ་འཕུལ་ཡོད་ཡང་འཇུག་ཡོད།། ད་ལྟ་བ་ལ་གཉིས་ཀ་མེད།།
མ་འོངས་འཕུལ་ཡོད་ཡང་འཇུག་མེད།། སྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད།།
མིང་གཞི་ཕལ་ཆེར་འགྱུར་བ་མེད། གསུམ་གཉིས་བཞི་གསུམ་ལྡེ་མིག་ཡིན།
འདིར་དོ་སྣང་བྱེད་དགོས་ས་ནི།
༡ དུས་གསུམ་བྱེ་བྲག་ཡིན་ན་དུས་འདས་པ་དང་མ་འོངས་པ་ལ་སྔོན་འཇུག་བ་ཡིག་ཐོབ།
༢ དུས་གསུམ་བྱེ་བྲག་ཡིན་ན་དུས་འདས་པ་ལ་སྔོན་འཇུག་དང་ཡང་འཇུག་གཉིས་ཀ་ཐོབ།
༣ དུས་གསུམ་བྱེ་བྲག་ཡིན་ན་དུས་ད་ལྟ་པ་ལ་སྔོན་འཇུག་དང་ཡང་འཇུག་གཉིས་ཀ་མེད།
༤ དུས་གསུམ་བྱེ་བྲག་ཡིན་ན་དུས་མ་འོངས་པ་ལ་སྔོན་འཇུག་ཡོད་ལ་ཡང་འཇུག་མེད་པ་ཡིན།
༥ དུས་གསུམ་བྱེ་བྲག་ཡིན་ན་སྐུལ་ཚིག་ལ་སྔོན་འཇུག་མེད་ལ་ཡང་འཇུག་ཡོད།
༦ དུས་གསུམ་འདིའི་ནང་གི་བྱ་ཚིག་རྣམས་གཟུགས་འགྱུར་ལས་ཚིག་ཡིན་དགོས།
༧ དུས་གསུམ་གྱི་བང་སྒྲིག་སྟངས་ནི། མ་འོངས། ད་ལྟ། འདས་པ། སྐུལ་ཚིག་བཅས་གོ་རིམ་མ་ནོར་བ་འདི་ལྟར་བྱ་དགོས།
༣༢༤༣ ཨང་གྲངས་འདི་ནི་མགོ་ཅན་གྱི་བྱ་ཚིག་མང་པོ་ཞིག་གི་སྒོ་འབྱེད་པའི་ལྡེ་མིག་ཡིན། གལ་སྲིད་ཁྱེད་ཀྱིས་ཨང་རིམ་གྱི་ལྡེ་མིག་འདིའི་གོ་རིམ་མ་ནོར་བར་སེམས་ལ་ཉར་ཏེ་བསམ་གཞིགས་ཐེངས་གཅིག་བྱས་ན། མགོ་ཅན་གྱི་གཟུགས་འགྱུར་ལས་ཚིག་བརྒྱ་ཕྲག་ཁ་ཤས་གཅིག་ཤེས་ཀུན་གྲོལ་གྱི་དཔེ་ལྟར་རང་བཞིན་གྱིས་ལས་སླ་བོར་བློ་ངོར་འཆར་ཡོང་།
ཨང་གྲངས་༣་གིས་མ་འོངས་པར་སྔོན་འཇུག་དང་མིང་གཞི་རྗེས་འཇུག་གསུམ་ཡོད་པས་མཚོན་རྟགས་ཡིན།
ཨང་གྲངས་༢་འདིས་ད་ལྟ་བར་མིང་གཞི་དང་རྗེས་འཇུག་གཉིས་ལས་མེད་པས་དེའི་མཚོན་རྟགས།ཡིན།
ཨང་གྲངས་༤ཡིས་འདས་པར་སྔོན་མིང་རྗེས་གསུམ་དང་ཡང་འཇུག་བཅས་བཞི་ཡོད་པས་དེའི་མཚོན་དོན་ཡིན།
ཨང་གྲངས་༣འདིས་སྐུལ་ཚིག་ལ་མིང་གཞི་དང་རྗེས་འཇུག་ཡང་འཇུག་བཅས་གསུམ་ཡོད་པས་དེའི་མཚོན་དོན་ཡིན།
 
ལྡེ་མིག       ༣              ༢            ༤           ༣   
བྱ་ར།     མ་འོངས་པ། ད་ལྟ་པ། འདས་པ། སྐུལ་ཚིག   
བྱམས་ཀྱིས། བསྐྱང༌། སྐྱོང༌། བསྐྱངས སྐྱོངས 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དང་པོ། དུས་གསུམ་བྱེ་བྲག་པ།

2010-12-13 འོད་ཟེར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།