གདོང་ཐོག་བསྟན་རྒྱམ་གྱི་གསུང་།

གདོང་ཐོག་བསྟན་རྒྱམ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-11-09

      བོད་ལྗོངས་མདོ་སྟོད་ཏྲེ་ཧོར་དཀར་མཛེས་གདོང་ཐོག་ཆོས་སྡེ་རིག་གྲོལ་ཕུན་ཚོགས་གླིང་གི་སྤྲུལ་མིང་ངག་དབང་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི༼དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་སྣང་བ་གསར་པ༽ཞེས་པ་ལས་དྲངས་པའི་གསུང་ཐོར་བུ།
 
      ཇི་ལྟར་རང་རེའི་སྔོན་བྱོན་མཁས་གྲུབ་དམ་པ་དེ་རྣམས་ཀྱི་མཛད་པ་དང་ཕྱོགས་མཚུངས་པར་རང་ཅག་རྣམས་ཀྱིས་ཀྱང་རྨད་བྱུང་སྙིང་སྟོབས་ཀྱི་གོ་ཆ་གྱོན་ཏེ་འགྱུར་བ་ཕྱིན་པའི་འཛམ་གླིང་གསར་པའི་གནས་སྟངས་དང་བསྟུན་ཤེས་པའི་སྤྱོད་ཚུལ་ཡང་དག་པར་བཟུང་ཐོག་དེང་རབས་ཀྱི་ཆབ་སྲིད་དང༌།   སྤྱི་ཚོགས།   དཔལ་འབྱོར།   ཚན་རིག   རྒྱལ་རབས་ལོ་རྒྱུས་བཅས་ཀྱི་རིག་གཞུང་རྣམས་ཕྱི་རྒྱལ་གྱི་སྐད་ནས་བོད་སྐད་དུ་སྒྱུར་བ་དང༌།   མི་མང་གི་ཁེ་ཕན་གཞིར་བཟུང་གིས་ཁྱབ་སྤེལ་ལག་ལེན་བྱེད་པའི་ཐབས་ཚུལ་ལ་བརྟེན་ནས་ཕ་ཡུལ་ཡར་རྒྱས་འཛུགས་སྐྲུན་བྱ་རྒྱུ་ནི་རང་རེར་འཁྲི་བའི་ལས་འགན་རླབས་ཆེན་དོན་སྙིང་ལྡན་པ་ཡིན།
 
        དེ་ཡང་ཤེས་བྱ་མ་ལུས་པ་མིང་ཚིག་ཡི་གེའི་ལམ་ནས་ཤེས་དགོས་པ་བཞིན་ཐོག་མར་གལ་ཆེ་ཤོས་གང་ཞིག་ཤེས་པར་འདོད་པའི་དེང་རབས་ཀྱི་རིག་པ་རྣམས་འཛིན་པའི་ཕྱི་རྒྱལ་ཡར་ཐོན་མི་རིགས་ཀྱི་སྐད་ཡིག་སྤྱི་དང༌།   ལྷག་པར་དེང་རབས་ཀྱི་རིག་པ་རྣམས་ཀྱི་རྗོད་བྱེད་གནས་ཚད་མཐོ་ཤོས་ཀྱི་གྲས་དབྱིན་ཡིག་ལ་སློབ་སྦྱོང་གཙོ་བོར་བྱེད་དགོས་པ་དེ་ལྟར་རེད།
 
          སྤྱིར་འཇིག་རྟེན་ན་བྱ་བ་དང་དངོས་པོ་རྣམས་རིམ་པས་གསར་བརྗེ་བྱུང་དང་འབྱུང་བཞིན་པ་ནི་རྟེན་འབྲེལ་ཡིན་པས་སུས་ཀྱང་འགོག་རྒོལ་བྱེད་མི་བཏུབ་པས་དེ་ཉིད་ཐབས་སུ་བཟུང་སྟེ་བསམ་བློ་དང༌།   ཀུན་སྤྱོད་ལེགས་བཅོས་བྱས་ནས་སྤྱི་སྨན་ཐབས་ལམ་གསར་པ་སྒོ་ཀུན་ནས་སྤེལ་དགོས།   འདས་པའི་དུས་རབས་སུ་ཁུངས་ཆོད་པའི་ཐབས་ཤེས་དེ་ཁོ་ནས་ད་ལྟའི་དུས་རབས་སུ་ཁུངས་མི་ཆོད་པ་དངོས་མྱོང་དངོས་མཐོང་གི་ལོ་རྒྱུས་མང་པོའི་ཐོག་ནས་བཙན་ཐབས་སུ་ངོ་སྤྲོད་བྱས་པ་ལྟར་རང་ཅག་རྒན་གཞོན་བྱིས་གསུམ་ཚང་མས་ཀླད་རྙིང་མཁྲེགས་བཟུང་གི་བྱེད་སྟངས་ཕྲ་མོའང་ངན་སྐྱུག་བཞིན་བོར་ནས་འཛམ་གླིང་ཁྱོན་ལ་དཔྱིད་ཀྱི་དཔལ་ཡོན་ལྟར་བཞད་པའི་ལས་འགུལ་ནང་དངོས་སུ་ཞུགས་ཏེ།   དེང་རབས་ཀྱི་ཆབ་སྲིད་དང་དཔལ་འབྱོར།   སྤྱི་ཚོགས།   ཚན་རིག   རྒྱལ་རབས་ལོ་རྒྱུས་རྣམས་ཤེས་རྟོགས་བྱེད་དགོས་པ་མ་ཟད།   དེ་ཚོ་ཕྱི་རྒྱལ་གྱི་སྐད་རིགས་ཁོ་ནར་བརྟེན་མི་དགོས་པར་རང་སྐད་གཙང་མའི་ཐོག་ནས་སློབ་སྦྱོང་བྱེད་ཐུབ་པ་དང༌།  ལག་ལེན་བསྟར་ཐུབ་པ་བཅས་བྱས་ཏེ་ཡར་ཐོན་མི་རིགས་ཀྱི་གོམ་རྗེས་ཟིན་པ་ཞིག་བྱ་དགོས།
 
                སྤྱིར་རང་རེའི་བོད་སྐད་འདི་སྔོན་མངའ་བདག་ཁྲི་རལ་དང༌།   ལོ་ཙཱ་བ་རིན་ཆེན་བཟང་པོ།   ཀུན་མཁྱེན་བུ་སྟོན་སོགས་ཀྱིས་སྐད་གསར་བཅད་ཀྱི་སྒོ་ནས་སྔོན་གྱི་བརྡ་རྙིང་སོགས་བཅོས་ཏེ་རིག་གཞུང་ཡར་རྒྱས་གཏོང་བའི་མཛད་པ་བཟང་པོ་བསྐྱངས་ཡོད།   འོན་ཀྱང་ཕྱིས་དུས་རབས་མང་པོའི་རིང་བོད་ཀྱི་སྐད་ལུགས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་ཀྱང་ཡི་གེའི་ཐོག་བརྗོད་སྲོལ་སྔར་ཡོད་རང་སོར་བཞག་པ་ལས་ཕལ་སྐད་དང་བསྟུན་ནས་སྒྱུར་བཅོས་བྱེད་མཁན་བྱུང་མེད་སྟབས།   དེང་སང་ཡིག་སྐད་དང་ཕལ་སྐད་དབར་ཁྱད་དབྱེ་ཆེན་པོ་ཤོར་པ་མ་ཟད།   བྱ་བ་དང་དངོས་པོ་གསར་པ་རིམ་བྱུང་རྣམས་ལའང་ཐ་སྙད་གསར་པ་ཚད་གཞི་ཅན་དུ་གྱུར་ཐུབ་མེད།   གནས་ཚུལ་འདི་འདྲའི་ཐོག་རང་ཅག་བོད་པ་ཚོས་བསམ་བློ་གུ་ཡངས་ཤིག་བཏང་སྟེ་སྒྱུར་བཅོས་མ་བྱས་ན་རིང་མིན་བོད་ཡིག་གིས་བོད་སྐད་ལ་ཞབས་འདེགས་སྒྲུབ་མི་ཐུབ་པ་ཞིག་ཆགས་ཉེན་ཆེན་པོ་མཐོང་གི་འདུག
 
               གནའ་སྲོལ་ལ་དམ་དོག་ཅན་འགའ་ཤས་ཀྱིས་བོད་ཀྱི་ཡི་གེའི་ཐོག་མའི་འབྲི་སྲོལ་ལམ།   ཡིག་སྐད་རྙིང་པར་སྒྱུར་བཅོས་བྱས་ན་རིག་གཞུང་ཉམས་པའི་ལས་ངན་ཚབས་ཆེན་ཡིན་པར་བསམ་མོད།   ལེགས་པར་བརྟགས་ན་རང་རེའི་སྔོན་བྱོན་མཁས་པ་དང་ཆོས་རྒྱལ་རྣམས་ཀྱིས་བོད་ཀྱི་སྐད་གསར་བཅད་ལན་འགའ་ཤས་མཛད་པའི་སྐབས་རྣམས་སུ་ད་དྲག་བསྡུས་པ་དང༌།   བརྡ་རྙིང་མྱི་དང་མྱེ་སོགས་མི་དང་མེ་སོགས་སུ་བཅོས་ཏེ་ཕལ་སྐད་དང་བསྒྲིགས་པའི་ལོ་རྒྱུས་ཁུངས་དག་ཡོད་པ་ལྟར།   རང་རེས་ཀྱང་འགྱུར་བ་ཕྱིན་པའི་ད་ལྟའི་སྐད་ལུགས་ལ་སྒོ་བསྟུན་ནས་ཡིག་སྐད་རྙིང་པ་གོ་དཀའ་བ་རྣམས་སྒྱུར་བཅོས་བཏང་ན་སྔོན་བྱོན་དྲན་དབང་ཚོའི་དགོངས་གཞི་མཛད་པ་དང་མཐུན་པའི་རིག་གཞུང་ལ་ཞབས་འདེགས་ཕུལ་དུ་བྱུང་བ་ཞིག་ཡིན་པར་སེམས།
 
               ཡང་བོད་ལ་མེད་པའི་རྩི་ཤིང་དང༌།   སྲོག་ཆགས།   ཡུལ་སྲོལ་བྱ་གཞག་སོགས་བོད་སྐད་ཐ་སྙད་གྲགས་འཇུག་ཅན་སྦྱར་མི་བཏུབ་པ་རྣམས་ལ་ཡུལ་གྱི་ངོ་བོ་དང༌།   བྱེད་ལས།   དབྱིབས་སོགས་ཀྱི་འགྲེལ་བརྗོད་ཐུང་ངུ་རེ་བྲིས་ཡོད།
 
               སྒྲ་དོན་འགྱུར་ཚུལ་ཤེས་པར་བྱས་ཏེ་བསྒྱུར་བྱའི་ཚིག་གི་སྔོན་རྗེས་ཚིག་གྲོགས་དང་ཚིག་ཕྲད་ཀྱི་སྟོབས་ཀྱིས་རྩ་བའི་མིང་ཚིག་གི་བསྟན་དོན་ལེགས་པར་ཁོང་དུ་ཆུད་པའི་ཐོག་ནས་བོད་སྐད་ཀྱི་མིང་ཚིག་སྒྲུག་དགོས་པ་མ་ཟད།    སྔོན་རྗེས་ཚིག་གྲོགས་དང་མི་འགྲིགས་ན་ཚིག་ཟུར་སྒྱུར་བཅོས་ཀྱང་ཕྲན་བུ་བྱེད་དགོས།
 
རྩོམ་ཁུངས། ལྡོང་བུའི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གདོང་ཐོག་བསྟན་རྒྱམ་གྱི་གསུང་།

2010-11-09 གདོང་ཐོག་བསྟན་རྒྱམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།