བོད་ཀྱི་གསོ་བ་རིག་པ།

      བོད་ཀྱི་གསོ་རིག་ནི་འགྲོ་བ་ནད་པའི་ལུས་དང་འབྱུང་བ་དང་སེམས་ཁམས་ཀྱི་འཕེལ་ཟད་འཁྲུགས་གསུམ་གྱི་ནད་སེལ་ཞིང་ཁམས་སྙོམ་པ་དང་ལུས་སེམས་སླར་ཡང་གསོ་བར་བྱེད་པའི་སྨན་རིག་པ་ཞིག་ཡིན་ལ། ཕ་ལམ་མི་ལོ་༤༠༠༠་ནས ༥༠༠༠ཙམ་གྱི་ལོ་རྒྱུས་ཡོད།
      བོད་ཀྱི་གསོ་རིག་ནི་འཛམ་གླིང་ཤར་ཕྱོགས་ (ASIA) ཀྱི་སྲོལ་རྒྱུན་སྨན་རིག་ལུགས་ཆེན་གསུམ་ལས་གཅིག་ཡིན་ཏེ། སྨན་ལུགས་ཆེན་པོ་གསུམ་ནི།
• རྒྱ་གར་གྱི་ཚེའི་རིག་བྱེད Indian Ayurveda
• རྒྱ་ནག་གི་སྲོལ་རྒྱུན་སྨན རིག Ttraditional Chinese Medicine (TCM)
• བོད་ཀྱི་གསོ་བ་རིག་པ་ Ttraditional Tibetan Medicine (TTM) བཅས་ཡིན།
      སྨན་ལུགས་ཆེན་པོ་གསུམ་ལ་གཞུང་དང་ལག་ལེན་འདྲ་མཐུན་གྱི་ཆ་མང་དུ་ཡོད་ཀྱང་། སོ་སོའི་ལུགས་ཀྱི ཐུན་མིན་ཁྱད་ཆོས་ཀྱང་ཡོད་དེ། བོད་ཀྱི་གསོ་རིག་གི་ཐུན་མིན་ཁྱད་ཆོས་ནི་གནས་ལུགས་ནད་གཞིའི་སྐབས་ནད་ཀུན་གྱི་རྒྱུ་ཉོན་མོངས་དུག་གསུམ་མམ་དུག་ལྔ་བཞག་པ་དང་། ཁྱད་པར་ནང་དོན་རིག་པའི་གཞུང་དོན་རྟེན་ཅིང་འབྲེལ་འབྱུང་ནི་གསོ་རིག་གི་ལྟ་བའི་སྲོག་ཤིང་དུ་གྱུར་ཡོད།
ནད་གཞི་ངོས་འཛིན་ཐད་ཀྱི་ཆུ་བརྟག་རིག་པ་ནི་སྨན་ལུགས་གཞན་ལ་མེད་པའི་ཁྱད་ནོར་ཡིན་ལ། ནུ་ཞོ་དང་རྣ་རྩ་བརྟག་ཐབས་དང་བེམ་ཏོལ་བརྟག་པ་སོགས་ཀྱང་བོད་ལུགས་རྣལ་མ་ཡིན།
       གསོ་བྱེད་ཐབས་ཀྱི་སྐབས་སུ་རང་ལུགས་ཀྱི་ཟས་སྤྱོད་དང་། བོད་ཡུལ་དུ་ཐོན་པའི་སྨན་རྫས་རིགས་དང་ཞི་སྦྱོང་གི་སྨན་སྦྱོར་མང་ཆེ་བ་ཞིག་བོད་ཀྱི་གསོ་རིག་གི་ཁྱད་ནོར་ཡིན་ལ། དེ་བཞིན་དཔྱད་བཅོས་རིག་པ་ལས་བསྐུ་མཉེ་དང་། ཧོར་མེ་དང་། གཏར་ག་དང་། དབྱུག་བཅོས་དང་། ཐུར་དཔྱད་དང་ལུམས་བཅོས་སོགས་ཀྱང་རང་རྐང་ཚུགས་པའི་རང་ལུགས་ཡིན་ནོ།
       བོད་ཀྱི་གསོ་རིག་གི་དམིགས་ཡུལ་གཙོ་བོ་ནི་མི་ན་བ་གནས་པར་བྱེད་པ་དང་། ན་བ་གསོ་བར་བྱེད་པ་ཡིན། འདི་ནི་གནའ་བོའི་ཤེས་རིག་ཅིག་ཡིན་ལ་དེང་དུས་ཀྱི་སྤྱི་ཚོགས་གསར་པ་ལ་ཡང་མེད་དུ་མི་རུང་པའམ་ཕན་ཐོག་ཤིན་ཏུ་ཆེ་པའི་སྲོལ་རྒྱུན་རང་བྱུང་ཚན་རིག་ཡིན་པ་གོར་མ་ཆག
        བོད་ཀྱི་གསོ་རིག་གི་ཁྱབ་ཁོང་གཙོ་བོ་ནི། བོད་ཀྱི་ས་ཁུལ་ཆ་ཚང་དང་། རྒྱ་ཡུལ་གྱི་ས་ཁུལ་དང་གྲོང་ཁྱེར་མང་པོ། ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ། འབྲུག་ཡུལ། རྒྱ་གར། སོག་པོ། ཨུ་རུ་སུ་ལ་སོགས་པ་དང་། ཉེ་བའི་ལོ་༣༠ ལྷག་ནས་ཡོ་རོབ་དང་ཨ་མེ་རི་ཀ་སོགས་ནུབ་ཕྱོགས་རྒྱལ་ཁབ་རྣམས་སུའང་རིམ་གྱིས་དར་བཞིན་ནོ།
 
རྩོམ་ཁུངས། བོད་ཀྱི་གསོ་རིག་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་གསོ་བ་རིག་པ།

2010-07-26 གེ་སར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།