ཧོ་ལིས་ཝོའུ་ཌི་གློག་བརྙན་བཟོ་ཚོང་ཁང་།

 ཧོ་ལིས་ཝོའུ་ཌི་ Hollywood, ནི་འཛམ་གླིང་ན་སྐད་གྲགས་འབྲུག་ལྟར་ལྡིར་བའི་གློག་བརྙན་བཟོ་ཚོང་ལྟེ་གནས་དྲག་ཤོས་དེ་རེད། དེར་བརྟེན་ཧ་ལམ་གོ་མ་མྱོང་མཁན་མེད་ཚོད་ཀྱང་ད་སྔ་བོད་ཡིག་ནང་དེའི་སྐོར་བྲིས་པ་ཞིག་མེད་པ་འདྲ། དེ་ནི་ཨ་རིའི་ཁཱ་ལི་ཧྥོར་ནི་ཡའི་མངའ་སྡེའི་ལཱོ་སི་ཨན་ཇེ་སི་ Los Angeles, California.ས་གནས་སུ་ཡོད། དུས་རབས་བཅུ་དགུ་བའི་ནང་ཧོ་ལིས་ཝོའུ་ཌི་ཐོག་མར་རྨང་གཞི་འདིང་བ་བོ་སྐུ་ཞབས་ཝེ་ཐྲི་ལིས་ J.H. Whitley,ཡིན་ཞིང་། ཁོའི་འཆར་གཞི་དང་ཕུགས་བསམ་དག་ས་བདག་ཧུར་ཌི་ E.C. Hurd,ལགས་ལ་སྦ་གསང་མེད་པར་བཤད་དེ། དེའི་ལག་ནས་འབྲོག་ར་དང་བཅས་པའི་ས་ 500-acre(2.0 km2) ལུགས་མཐུན་གྱིས་ཉོས་པ་དང་། དམག་སྤྱི་ཆེན་མོ་ཧར་རི་སོན་གྷར་ཡེ་ཨོ་ཐྲི་སི་ Harrison Gray Otis,དང་། ས་བདག་ཧུར་ཌིའི་ཆུང་མ་ཌེ་ཌཱ་ཝིལ་ཁོ་སི་ Daeida Wilcox,སོགས་དང་མཉམ་དུ་གྲོང་བརྡལ་གསར་བ་དེ་ཡི་ཇུས་འགོད་བྱས། 1853ལོར་དེ་ན་ས་མཁར་བརྩིགས་པའི་ཁང་སྤྱིལ་ཞིག་ལས་མཐོང་རྒྱུ་མེད་ཀྱང་། 1870 ལོ་ཙམ་ལ་སོ་ནམ་གྱི་མི་སྡེ་ཆུང་ཆུང་ཞིག་ནས་དར་འགོ་ཚུགས། རིམ་པས་གཟེངས་སུ་ཐོན་པའི་སྤྲོ་གསེང་མགྲོན་བསུ་ཞབས་ཞུའི་ས་ཚིགས་དང་། མ་འགྱངས་པར་གློག་བརྙན་བཟོ་སྐྲུན་ཁང་ཞིག་བཙུགས་པ་གྲུབ་འབྲས་འབུར་དུ་ཐོན་པས། ཧོ་ལིས་ཝོའུ་ཌི་ཞེས་པ་ཨ་རིའི་གཡོ་འགུལ་ལྡན་པའི་པར་རིས་སམ་གློག་བརྙན་བཟོ་ལས་ཀྱི་ངོ་ཚབ་ཏུ་སླེབས་པར་མ་ཚད། རྒྱལ་སྤྱིའི་གློག་བརྙན་སྡིངས་ཆའི་ཁྲོད་འདིས་གོ་གནས་མཐོ་ཤོས་ཟིན་ཐུབ་པ་བྱུང་། དེས་མིའི་རིགས་ཀྱི་གློག་བརྙན་རིག་གནས་ཚད་མཐོ་བའི་དཔལ་ཡོན་ཅན་དུ་འགྱུར་རིམ་ལོ་རྒྱུས་མཚོན་ཟེར་ནའང་ཆོག དེ་བཞིན་ཉེ་འཁོར་གྱི་དཔལ་འབྱོར་འགྱུར་ལྡོག་དབང་གིས་ས་དེར་མི་ཚོགས་ཆེན་པོ་བཅའ་སྡོད་ཀྱིས་སིལ་ཚོང་རྒྱག་པའི་ས་ཁུལ་ཞིག་ཀྱང་གྲུབ། 1903ལོར་ཧོ་ལིས་ཝོའུ་ཌི་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་མཉམ་སྡེབས་བྱས་པ་དང་། 1910 ལོར་འདི་ནི་ལཱོ་སི་ཨན་ཇེ་སི་གྲོང་ཁྱེར་དང་ཟླ་སྒྲིལ་བཏང་། ས་དེར་ཁང་རྩེགས་གསར་བ་རྣམས་དང་། མཐོ་རིམ་སློབ་གྲྭ་གཉིས། ཚགས་པར་ཁང་། སྦྲག་ཁང་། གཞུང་ལམ། སྤྱི་སྤྱོད་སྐྱེལ་འདྲེན་ལམ་ལུགས། ཆུ་གློག་ས་ཚིགས་བཅས་ས་གནས་ཀྱི་མཐུན་རྐྱེན་ཁག་འཕེལ་རྒྱས་ཆེན་པོ་བྱུང་། 1900 ལོ་ཡས་མས་སུ་ལཱོ་སི་ཨན་ཇེ་སི་ནང་ཐེ་བའི་མི་འབོར་ 102,479 དང་། སའི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བཅུ་དྲུག་ཙམ་ཡོད་པར་བཤད། དེ་ལ་མིང་ཐོགས་སྟངས་སྐོར་མགོ་རྙོག་མང་པོ་ཡོད་སྟབས་འདིར་བཀོད་མེད། མིང་དེའི་ཤུགས་རྐྱེན་ཐེབས་པ་དཔེར་ན་རྒྱ་གར་གྱི་གློག་བརྙན་བཟོ་ཚོང་ཁང་བྷོ་ལིས་ཝོའུ་ཌི་ Bollywood,ཟེར་བ་ལྟ་བུ་ཡོད་དོ།།
 
       (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧོ་ལིས་ཝོའུ་ཌི་གློག་བརྙན་བཟོ་ཚོང་ཁང་།

2014-06-06 ཐེ་བོ་སངས་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།