ཨི་ནི་ཨེ་ཁི་གློག་ཀླད།

  ལོ་བཅོ་ལྔ་ཙམ་གྱི་ཡར་སྔོན་ང་འདྲའི་ཅང་མེད་ཅིག་ལ་མཚོན་ན་ལག་ཁྱེར་གློག་ཀླད་ཉོ་རྒྱུ་ནི་ཉིན་མོའི་རྨི་ལམ་གྱི་དཔེ་རང་ཡིན་ཡང་མ་བསམ་ས་ནས་རྨི་ལམ་དེ་མངོན་དུ་གྱུར། འདི་ང་ཕྱུག་པོར་ཆགས་པའི་སྐད་ཆ་མིན་པར་དུས་རབས་ཀྱི་འགྱུར་འགྲོས་ཁྲོད་འཕྲུལ་ཆས་རིགས་ཇེ་འབེལ་དང་གོང་ཇེ་བདེར་སོང་འདུག་ཟེར་བ་ཡིན། རེད་དེ་གློག་ཀླད་ཐོག་མར་སུ་དང་སུས་ཇི་ལྟར་གསར་གཏོད་བྱས་པའི་སྐོར་ད་སྔ་བོད་ཡིག་ཏུ་བྲིས་པ་ཞིག་མ་མཐོང་བས་ཁོ་བོས་དེའི་སྟོང་ཆ་ཟུར་ཙམ་སྐོང་ཨེ་ཐུབ་བལྟ།  ཨི་ནི་ཨེ་ཁི་གློག་རྡུལ་རྩིས་རིག་ཆ་རྫོགས་དང་གློག་ཀླད་ནི། ENIAC,(Electronic Numerical Integrator And Computer) སྤྱིའི་ཆ་ནས་ཆེད་མངགས་གློག་རྡུལ་རིག་པའི་གློག་ཀླད་ཀྱི་ཐོན་དང་པོ་ཡིན་ལ། གློག་ཀླད་དེ་ཨ་རིའི་དམག་དོན་ཚན་རིག་ཞིབ་འཇུག་ཁང་གིས་མེ་སྒྱོགས་འཕེན་གནས་དང་སྒྱོགས་རྡོའི་ཚད་གཞི་སོགས་རྩིས་རྒྱག་ཚོད་ལྟའི་སླད་གསར་དུ་བཟོས། དེར་ཨང་གྲངས་རྗེས་འབྲེལ་གྱི་ནུས་པ་ལྡན་ཞིང་ལེ་ཚན་ལས་དཀའ་རྙོག་དག་རྩིས་རིག་གི་ལམ་ནས་གཙང་སེལ་བྱེད་ཐུབ་པ་དང་། ཨང་རྩིས་ཀྱི་ནུས་ཤུགས་ལེ་ཚན་ཆ་གཅིག་ལྕོགས་པ་མ་ཚད་མགྱོགས་ཚད་སྐད་ཅིག་མ་ཆིག་སྟོང་ཅན་གྱི་གློག་རྡུལ་འཕྲུལ་ཆས་ཤིག་ཡིན།  གློག་ཀླད་དེའི་འཆར་འགོད་དང་བཟོ་སྐྲུན་གྱི་གྲོན་དངུལ་ཨ་རིའི་དམག་དཔུང་གོ་མཛོད་ནས་བཏང་། ཞིབ་འཇུག་དང་ཡར་རྒྱས་བཀོད་སྒྲིག་སློབ་སྟོན་པ་དམག་སྤྱི་ཆེན་མོ་གྷི་ལཱ་ཌེན་མཱར་ཁུ་སེ་བྷེམ་སི་ Glandeon Marcus Bames,ཡིན་ཞིང་། ཁོང་ཞིབ་འཇུག་དང་ཡར་རྒྱས་སྲི་ཞུ་ཁང་གི་གོ་མཛོད་འགན་འཛིན་ཡིན་དུས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ལ་ཁེལ་ཡོད། 1943 ལོའི་ཟླ་ 6 ཚེས་ 5 ཉིན་དེ་གསར་བཟོའི་འཆར་འགོད་ཀྱིས་གན་རྒྱ་བཞག་སྟེ། ཕེན་ནི་སི་ཡལ་ཝཱ་ནི་ཡ་སློབ་གྲྭ་ཆེན་མོའི་མཱོར་གློག་གི་འཆར་འགོད་སློབ་གཉེར་སྡེ་ཁག་University of Pennsylvania’s Moore School of Electrical Engineering,གིས་གློག་ཀླད་ཐོག་ལས་ཀའི་མགོ་གསང་སྟབས་ཀྱིས་བཙུགས་ནས་ཟླ་བ་འགའི་རིང་གསང་ཨང་ལ་ “Project PX” བཀོལ་བར་བཤད། དེ་བཟོ་བཀོད་བྱེད་པོ་ནི་ཕེན་ནི་སི་ཡལ་ཝཱ་ནི་ཡ་སློབ་གྲྭ་ཆེན་མོའི་སྐུ་ཞབས་རྗོན་མུ་ཆི་ལཱི་ John Mauchly,དང་ཕི་རེས་སི་ཕེར་ཨེ་ཁེར་ཐྲི་ J. Presper Eckert, གཉིས་ཡིན་པ་དང་། ཡར་རྒྱས་འཆར་འགོད་ཚན་པའི་རོགས་རམ་པའི་ཁོངས་སུ་སྐུ་ཞབས་རཱོ་བྷེར་ཐྲི་ཨི་ཧྥུ་གཤའོ་Robert F. Shaw, དང་རྗེ་ཧྥེར་ཆོན་ཆུ་Jeffrey Chuan Chu, སོགས་ཡོད། གསར་གཏོད་པས་གློག་ཀླད་རྨང་གཞིའི་རིག་པ་གསར་བ་དེ་ཡར་རྒྱས་རྒྱུན་མཐུད་ཐབས་ཀྱི་མཛུབ་སྟོན་གནང་བར་མ་ཟད། 1946 ལོར་གློག་ཀླད་དེ་ཨ་རིའི་དམག་སྡེའི་གོ་མཛོད་ནས་ལུགས་མཐུན་གྱིས་ངོས་ལེན་ཐོག་ཨི་ནི་ཨེ་ཁིའི་ཀླད་ཆེན་ཇི་བཞིན་པ་ལེགས་གྲུབ་བྱུང་བ་གཞུང་འབྲེལ་དྲིལ་བསྒྲགས་བྱས། རིན་གོང་ནི་ཨ་སྒོར་ལྔ་འབུམ་ལྷག་ཡིན་ལ་དེང་སང་གི་ཨ་སྒོར་གྱི་འཛའ་ཐང་ལ་ཕབ་ན་ས་ཡ་དྲུག་གནས།   1946 ལོའི་ཟླ་བ་བཅུ་གཅིག་པའི་ཚེས་དགུ་ལ་གློག་སྒོ་བརྒྱབ་སྟེ་གསར་སྒྱུར་དང་དྲན་འཛིན་ Memory,ཚད་གཞི་མཐོ་རུ་བཏང་བ་དང་། 1947 ལོའི་ཟླ་7 ཚེས་29 ཉིན་གློག་སྒོ་ཕྱེ་བ་ནས་བཟུང་ 1955 ལོའི་ཟླ་10 ཚེས་2 བར་མཚམས་མ་ཆད་པར་བཀོལ་སྤྱོད་བྱས། 1987 ལོར་ཨི་ནི་ཨེ་ཁི་གློག་ཀླད་ལ་ཨེས་མིལ་སི་ཐྲོན་IEEE Milestone,ཞེས་མིང་བཏགས་པ་བཅས་མདོ་ཙམ་མོ།།
 
                    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨི་ནི་ཨེ་ཁི་གློག་ཀླད།

2014-04-15 ཐེ་བོ་སངས་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།