འཆར་ངོས་ཀྱི་མཐེབ་གཞུང་རི་མོ་བོར་བརླག་བྱུང་ཚེ་ཇི་ལྟར་བྱ།
གནད་དོན་འདྲི་མཁན་གྱི་དྲི་བ། ངའི་ཀློག་ཀླད་ཀྱི་འཆར་ཤེལ་སྟེང་གི་མཐེབ་གཞུང་རི་མོ་བོར་བརླག་བྱུང་ཟིན་པས་ཅི་ལྟར་ཐག་གཅོད་བྱ།
གནད་དོན་ཐག་གཅོད་བྱེད་མཁན་གྱི་དྲི་བ། ཁྱེད་ཀྱི་ཀློག་ཀླད་ནི་windows7ཅན་ཡིན་ནམཡང་ན windows xpཅན་ཡིན།
གནད་དོན་འདྲི་མཁན་གྱི་ལན། ངའི་ཀློག་ཀླདwindows7ཅན་ཡིན།
གནད་དོན་ཐག་གཅོད་བྱེད་མཁན་གྱི་ལན། འོ་ན་ཁྱེད་ཀྱིས་གཤམ་གྱི་གོ་རིམ་ལྟར་ཐག་གཅོད་བྱོས།
གལ་ཏེ་འཆར་ཤེལ་སྟེང་གི་མཐེབ་གཞུང་རི་མོ་བོར་བརླག་བྱུང་ཚེ་གཤམ་གྱི་གོ་རིམ་ལྟར་ཐག་གཅོད་བྱས་ཆོག
གོ་རིམ་དང་པོ། 开始ལ་ཆིག་རྡེབ་ཅིག་བྱས་ཏེ་控制面板གྱི་ཁ་ཕྱེ་ནས或其它输入法ལས更改键盘གདམ་དགོས། མ་དཔེ་གཤམ་ལྟར།
གོ་རིམ་འདི་ལག་འགྲུབ་བྱུང་རྗེས་ཁྱེད་ཀློག་ཀླད་ཀྱི་འཆར་ཤེལ་སྟེང་དུ་མཐེབ་གཞུང་གི་རི་མོ་ཨེ་ལྟོས། གལ་ཏེ་ད་དུང་མེད་པའམ་ཡང་ན་བཀོལ་སྤྱོད་བྱེད་མི་ཐུབ་ཚེ་གཤམ་གྱི་རིམ་པ་ལྟར་བཅའ་དགོས།
དང་པོ། ཐོག་མར་ངའི་རྩིས་འཁོར་ལསCསྡེར་གྱི་ཁ་ཕྱེ་སྟེC://windows/systemའདིའི་ཁྲོད་ཀྱི་ཡིག་སྣོདctfmonལ་ཉིས་རྡེབ་བྱས་ཏེ་འཁོར་སྐྱོད་བྱེད་དུ་བཅུག་ན་ད་གཟོད་མཐེབ་གཞུང་འཆར་སྲིད།
གཉིས་པ། དེ་ལས་ཀྱང་ཞིབ་ཚགས་ཅིག་བཤད་ན། གལ་ཏེ་གནད་དོན་ད་དུང་སྔར་བཞིན་ཐག་གཅོད་བྱས་མེད་གོ་རིམ་ལས་ལྷག་བཟོ་བྱེད་ཐབས་ཀྱིས་འཆར་ཤེལ་གྱི་ངོས་ལ་འཇོག་དགོས། དེ་ནས是ལ་ཆིག་རྡེབ་བྱས་པས་ཆོག རི་མོ་གཤམ་ལྟར།
དེ་རྗེས་འགོ་རྩོམ་ལ་ཆིག་རྡེབ་ཅིག་བྱས་ཏེ་མཚན་བྱང་གོ་རིམ་ལས启动བཙལ་ནས་ཙིག་རྟགས་གཡས་མནོན་གྱིས属性ལ་ཆིག་རྡེབ་ཅིག་བྱས་ན་ང་ཚོས位置ལས་ཡང་དག་པའི་འཇུག་ངོགས་མཐོང་ཐུབ། གཤམ་གྱི་རི་མོ་ལྟར།
དེའི་གནས་ས་རུ་ལྷག་འཇོག་བྱས་རྗེས་ཡར་སྤྲོད་མཐེབ་གཞུང་མནན་ཏེ་ལྷག་འཇོག་བྱས་པས་ཆོག
དེ་ནས་འགོ་རྩོམ་གྱི་ཁ་ཕྱེ་སྟེ་གོ་རིམ་ཡོད་ཚད་ཅེས་པ་ལས་འཁོར་སྒུལ་གྱི་ཁ་ཕྱེ་ནས་དེ་ལྷག་འཇོག་བྱས་ཨེ་ཡོད་ལྟོས།
གནད་དོན་འདྲི་མཁན། གནད་དོན་དེ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་ཐུབ་སོང་། བཀའ་དྲིན་ཆེ།
གནད་དོན་ཐག་གཅོད་བྱེད་མཁན། བཀའ་དྲིན་ཆེ་ཞུ་མི་དགོས། བོད་རིགས་གྲོགས་པོ་ཞིག་ལ་རོགས་རམ་འདི་ཙམ་བྱེད་རྒྱུ་ནི་ངའི་འོས་འགན་ཡིན། ཉེ་སྔོན་དགེ་རྒན་ཞིག་གིས་ཀྱང་གནད་དོན་འདི་དྲིས་སོང་བས། ཕྲན་གྱིས་ཀློག་ཀླད་ཀྱི་གནད་གཅོད་མཉེན་ཆས་ལས་ཐག་གཅོད་བྱས་པ་ཡིན། ད་ཐེངས་ཁྱེད་ཉིད་སྟབས་དང་འཁེལ་སོང་། གནད་དོན་འདི་ངས་ཀྱང་ད་སོ་མར་ཐག་གཅོད་བྱེད་ཐབས་རྙེད་པ་ཡིན། མཐར་ཁྱེད་ཅག་ལ་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ལན་བཏབ་ཚར་སོང་། མུ་མཐུད་ནས་དྲི་བ་ཐོན་དང་ངས་རང་ནུས་ཅི་ལྕོགས་ཀྱིས་གནད་དོན་དག་ཐག་གཅོད་བྱེད་གྲོགས་བྱེད་ངེས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།