ལྡོང་བུས་རྩོམ་པ་པོའམ་གློག་བརྙན་འཁྲབ་ཁྲིད་པ་ཝུ་ཏི་ཨེ་ལེན་གླེང་བ།

   མེ་ཁེ་སི། འཚོ་བའི་ཡིད་སྐྱོ་ས་དེ་འདི་རེད། འཇིག་རྟེན་འདིར་རྟག་ཏུ་བརྟན་པ་གཅིག་ཀྱང་མེད་པས། ཤིག་སེ་ཕེར་གྱིས་བྲིས་པའི་མི་སྣ་དེ་དག་ཀྱང་ལོ་ངོ་མང་པོ་འགོར་རྗེས་མེད་པར་འགྱུར་ངེས། སྐབས་དེར་འཇིག་རྟེན་གྱི་མཐའ་ལ་སོན་པ་ཡིན་ཞིང་ཐམས་ཅད་ཕྱིར་མུན་ནག་ཏུ་ལོག་དགོས།
  
ཏེ་ཝི།   གནམ་རྒན་མ། ང་སྔར་ལྟར་ཐེ་ཀི་ཝོ་ཚིའི་སྤོ་ལོར་ལྟ་རུ་འགྲོ་རྒྱུ་ཡིན། འདི་ཐམས་ཅད་སྡུག་ཤི་རྒྱག་ཏུ་ཆུག

  ནོ་མན།  འོ་རེད། གལ་སྲིད་འཇིག་རྟེན་འདི་མཐར་འཇིག་སྟེ་ཐམས་ཅད་ཐལ་བའི་རྡུལ་དུ་འགྱུར་འགྲོ་ན། འདི་ཐམས་ཅད་ལ་སྙིང་པོ་ཅི་མཆིས་སམ།

  ཊེན་ཉི།   དེའི་སྟབས་ཀྱིས། འཚོ་ཐོག་ལ་གང་དགའ་ཅི་སྐྱིད་བྱེད་རྒྱུ་གཙོ་བོ་རེད།
        — << གྲོང་བརྡལ་རྙིང་པ་སེ་པུ་རོ་ཁེ >>ལས།

ཕི་ལེ་སི།  འཇིག་རྟེན་གསུམ་པའི་བཤད་སྲོལ་འདི་དགོད་གཏམ་ཙམ་རེད། མི་རྣམས་ཀྱིས་འདི་ལ་བརྟེན་ནས་མི་ཚེའི་སྐྱོ་གར་གྱི་མནར་གཅོད་དེ་ཅུང་ཟད་ཙམ་ཡིན་ཀྱང་སེལ་འདོད་པ་མིན་ནམ།
              — <<དབུས་གཞུང་སྤྱི་གླིང་གི་ནུབ་ལམ>> ལས།

              1
  བདག་གིས་ཐོག་དང་པོར་ཝུ་ཏི་ཨེ་ལེན(Woody Allen)ངོ་ཤེས་པ་དེ་ཁོའི་གློག་བརྙན་གང་ལས་ཡིན་པ་ད་ལྟ་བརྗེད་པར་གྱུར་འདུག་ནའང་ཁོའི་ལི་སྨི་བརྒྱ་དང་བདུན་ཅུ་ལ་མི་ལོངས་པའི་གཟུགས་ཀྱི་རིང་ཚད་དེ་དང་སྐད་ཆ་མ་ཎི་བགྲང་བགྲང་བྱེད་པའི་ཁ་དེ་དང་རྣམ་པ་ཀུན་ཏུ་བྲེལ་བྲེལ་འཚབ་འཚུབ་ཀྱི་སེམས་ཁུར་གྱིས་ནོན་ཞིང་ཉོག་བཤད་དང་དགོད་གཏམ་ཤར་མར་ཤོད་པའི་རྒད་པོ་མགོ་སྐྲ་གྲོ་བོ་གཟེངས་སེ་ཡོད་པ་ཞིག་གིས་སེམས་ལ་བསུབ་ཏུ་མེད་པའི་རི་མོ་མཚར་པོ་ཞིག་བཀོད་སོང་ལ་དེ་ནི་སྤྲོ་གར་པ་ཆ་པི་ལེན(Charlie Chaplin)གྱི་ལུས་ཀྱི་ཆ་བྱད་དང་མིག་གི་འགྱུར་བ་སོགས་ཀྱིས་མི་སེམས་ལ་བཞག་པའི་བརྗེད་མེད་ཀྱི་སྣང་བརྙན་དང་ཆ་འདྲ་བར་འདུག ཡིན་ནའང་གཅིག་ཏུ་ཁོའི་གློག་བརྙན་དག་གིས་འཁྲབ་ཚིག་གཙོ་བོར་འཛིན་པ་དང་གཉིས་ནས་རྒྱ་ཡིག་གི་འཁྲབ་ཚིག་ལ་ལྟ་དགོས་པ་དང་གསུམ་དུ་ཨེ་ལེན་གྱིས་སྐད་ཆ་བཤད་སྐབས་ཧ་ཅང་མགྱོགས་པ་སོགས་ཀྱི་རྐྱེན་གྱིས་དང་ཐོག་ཁོའི་གློག་བརྙན་ལ་ལྟ་དུས་འཁྲབ་ཚིག་གི་རྗེས་མི་ཆོད་པ་དང་ཤུགས་ཀྱི་དོན་མི་གོ་བ་མང་པོ་བྱུང་མྱོང་མོད། མི་ཚེ་སྐྱོ་གར་དུ་ལྟ་བའི་ཁོའི་གློག་བརྙན་ཕལ་མོ་ཆེ་ནི་མི་སྣའི་ཁ་བརྡ་དགོད་བྲོ་པོ་དང་དོན་གྱི་བྱུང་རིམ་ཁྱད་མཚར་པོ་སོགས་ཁ་མཚར་ནག་པོ་དང་ཁ་ཤགས་བཞད་གར་གྱི་ཉམས་འདུས་པའི་ཀུན་རྟོག་གི་འཇིག་རྟེན་ཞིག་ཡིན་ཕྱིར་དེ་ཡིས་བདག་ལ་དགའ་བ་དང་སྤྲོ་སྣང་སྦྱིན་པ་ཙམ་ལས་སུན་པ་དང་མི་བདེ་བ་ཞིག་ཡེ་ནས་སྦྱིན་མྱོང་མེད། དེ་ནི་ཁོས་གློག་བརྙན་དང་ཟློས་གར་མང་པོ་རུ་ལབ་པ་ནང་བཞིན་གློག་བརྙན་ལ་སོགས་པའི་སྒྱུ་རྩལ་གྱི་རྣམ་པ་ནི་མི་ཚེའི་མངོན་སུམ་གྱི་སྐྱོ་གར་གྱིས་བྱིན་པའི་མནར་གཅོད་མང་པོར་གཡོལ་བའི་སེམས་གསོ་ཙམ་རེད་ཅེས་པ་དེ་ལྟད་མོ་པ་ཞིག་གིས་ར་སྤྲད་པ་ཡིན་ཀྱང་སྲིད། གང་ལྟར་རིམ་གྱིས་ཁོའི་གློག་བརྙན་དག་དང་དཔེ་དེབ་རེ་གཉིས་བཀླགས་པས་ཁོ་ལ་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ། འཁྲབ་སྟོན་པ། རྩོམ་པ་པོ། རོལ་མོ་པ་ལ་སོགས་པའི་ཆོ་ལོ་མང་པོ་ཞིག་བསྩལ་ཡོད་པ་ཤེས་ཤིང་ཁོ་རང་གིས་ཀྱང་སོ་སོའི་གློག་བརྙན་དུ་མི་སྣ་གཙོ་བོ་ལས་ལོ་བཅུ་སྐོར་འགའ་ཡིས་ཆུང་བའི་བུ་མོ་ཞིག་དང་འགྲོགས་པ་ནང་བཞིན་རང་ལས་ལོ་སུམ་ཅུ་སོ་ལྔ་ལྷག་གིས་ཆུང་བའི་ཁོ་རེ་ཡའི་བུ་མོ་ཆུང་མར་བླངས་པ་ལ་སོགས་པའི་འཚོ་བའི་སྐོར་ལའང་དྲ་བའི་གསར་ལམ་ལ་སོགས་པ་ནས་རྒྱུས་ལོན་བྱུང་།
 
           2
        འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ་ཡོ་རོབ་ཀྱི་སྒྱུ་རྩལ་གློག་བརྙན་སྐོར་ཞིག་ཨ་རིའི་ཉིག་ཡོག་ལྟ་བུའི་གྲོང་ཁྱེར་ཆེན་པོ་དག་ཏུ་སྟོན་ཐུབ་པ་བྱུང་སྟེ་ས་དེ་གའི་མི་རྣམས་ཀྱིས་དུས་ཡུན་རིང་པོ་ཞིག་ལ་རྒྱུན་ཆགས་སུ་གྱུར་ཏེ་སྤྱི་འགྲོས་ཀྱི་རྣམ་པར་གྲུབ་ཚར་བའི་ཧོ་ལེ་ཝུ(Hollywood)གློག་བརྙན་གྱི་གཏམ་རྒྱུད་སྤྲོ་སྟངས་དང་པར་ལེན་ཐབས་སོགས་དང་མི་འདྲ་བར་སྒྱུ་རྩལ་གྱི་སྤུས་ཀ་དང་བསམ་བློའི་རིན་ཐང་གིས་མཐོ་བའི་ཕྱི་རྒྱལ་གྱི་གློག་བརྙན་མང་པོར་རོལ་རྒྱུའི་སྐལ་བ་དང་ལྡན་པར་གྱུར་ཞིང་ཝུ་ཏི་ཨེ་ལེན་ཀྱང་ལྟད་མོ་པ་དེ་དག་གི་ཁྲོད་ཀྱི་གཅིག་ཡིན་ལ་དེའི་ནང་དུ་ཁོས་མི་ཚེ་གང་པོར་གློག་བརྙན་གྱི་ཡབ་ཆེན་དང་རླབས་ཆེ་བའི་གློག་བརྙན་སྒྱུ་རྩལ་པ་རུ་འབོད་པའི་པིར་གི་མན〔Ernst Ingmar Bergman,1918-2007, སུའེ་ཏེན་གྱི་སྐད་གྲགས་ཆེ་བའི་གློག་བརྙན་དང་ཟློས་གར་དང་གླུ་གར་བཅས་ཀྱི་འཁྲབ་ཁྲིད་པ།
   བརྩམས་ཆོས་གཙོ་བོ་ནི <<འཕྲིན་ཡིག་བདུན་པ>> (het Sjunde inseglet,1957)  << རི་ལུམ>>  ( Smultronstället,1957) སོགས་ཡོད། མི་ཡི་རེ་སྟོང་དང་ཡི་ཆད་གཙོར་བསྟན་ཡོད་ལ་སྡུག་བསྔལ་དང་སྨྱོ་ཧམ། ཕམ་ཁ། ཁེར་རྐྱང་། དད་པ། ཡོད་པའམ་གནས་པ་སོགས་བརྗོད་གཞིར་བཟུང་ཡོད།〕གྱི་གློག་བརྙན་དང་གཞན་ཕེ་ལི་ཉི(Federico Fellini)ལ་སོགས་པའི་གློག་བརྙན་ཡོད་ཅིང་དེ་དག་གིས་ཁོའི་གློག་བརྙན་གྱི་བསམ་བློ་དང་སྒྱུ་རྩལ་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་སྨྲས་མ་དགོས།
         ཁོ་ནི1935ལོའི་ཟླ་བཅུ་གཉིས་པར་ཉིག་ཡོག་གི་པུ་རོ་ཁི་ལེན(Brooklyn)གྱི་ཇེའུ(Jew)རིགས་ཀྱི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས། མེ་ཏི་ཝུ་ཏི(Mid wood)སློབ་འབྲིང་ནས་ཐོན་རྗེས་ཉིག་ཡོག་སློབ་ཆེན་དང་ཉིག་ཡོག་གྲོང་ཁྱེར་གྱི་སློབ་ཆེན་དུ་ཕྱིན་ནའང་གཉིས་ཀ་ནས་ཕྱིར་ཕུད་པས་ལོ་བཅོ་ལྔ་ཙམ་ནས་བཟུང་མིང་ལ་ཝུ་ཏི་ཨེ་ལེན་ཞེས་བཏགས་ཏེ་དགོད་གཏམ་ཐུང་ངུའི་རིགས་འབྲི་མགོ་བརྩམས། ཁོའི་མིང་དངོས་ལ་ཨེ་ལེན་སི་ཐེ་ཝོར་ཐི་ཁོ་ཉི་སི་པིར་གི(Allen Stewart Konigsberg)ཞེས་ཟེར་ཞིང་མེ་ཏི་ཝུ་ཏི་སློབ་འབྲིང་ནས་ཐོན་པ་ཡིན་པས་དེ་གཉིས་བསྲེས་ནས་མིང་གསར་པ་དེ་བཏགས་པ་ཡིན་ཤས་ཆེ། ཁོ་རང་ཧ་ལམ་ལོ་ལྔ་ལྷག་ཙམ་ནས་གློག་བརྙན་ལ་སྤྲོ་བ་སྐྱེ་མགོ་ཚུགས་ཤིང་སྐབས་དེར་ཉིག་ཡོག་གི་པུ་རོ་ཁེ་ལེན་ས་ཆར་ཧ་ལམ་གློག་བརྙན་ཁང་ལྔ་བཅུར་ཉེ་བ་ཡོད་པས་ཁོས་སྐར་མ་བཅུ་ལ་གོམ་པ་བརྒྱབ་ན་གློག་བརྙན་མི་འདྲ་བ་སྟོན་བཞིན་པའི་གློག་བརྙན་ཁང་བཅོ་ལྔ་ལྷག་ལ་བརྒྱུད་ཐུབ་ཀྱི་ཡོད་པས་ཁོའི་གློག་བརྙན་སྒྱུ་རྩལ་ཕྱོགས་ཀྱི་ས་བོན་ཀྱང་སྐབས་དེ་ནས་བཟུང་འདེབས་མགོ་ཚུགས་པ་ཡིན་མོད། ཡིན་ནའང་ཁོའི་ཆུང་དུས་ཀྱི་རྨི་ལམ་ནི་གློག་བརྙན་འཁྲབ་ཁྲིད་པ་ཞིག་བྱ་རྒྱུ་དེ་མ་ཡིན་པར་འཁྲབ་གཞུང་རྩོམ་པ་པོ་ཞིག་བྱ་རྒྱུ་དེ་རེད་ལ་དེ་ནི་སྐབས་དེའི་ཨ་མེ་རི་ཁ་རུ་ཟློས་གར་ནི་གློག་བརྙན་ལས་སྐད་གྲགས་ཆེ་བ་དང་འཁྲབ་གཞུང་རྩོམ་པ་པོ་དག་གིས་བརྩམས་ཆོས་ཕུལ་དུ་བྱུང་བ་རེ་བརྩམས་ཡོད་པས་སོ། ། སྐབས་དེའི་ཟློས་གར་གྱི་འཁྲབ་གཞུང་འབྲི་མཁན་ནི་སྐད་གྲགས་ཆེ་བའི་ཐེ་ནེ་སེ་ཝི་ལིམ་སི(Tennessee Williams)དང་ཨར་སུར་མི་ལེར(Arthur Miller)དང་ཝི་ལིམ་ཨེན་གེ(William Inge)ལ་སོགས་ཡིན།
          དེ་བས་ཨེ་ལེན་གྱིས་ཀྱང་ཚོད་ལྟའི་ཚུལ་གྱིས་སྔ་ཕྱིར་བརྙན་འཕྲིན་ཟློས་གར་གྱི་འཁྲབ་གཞུང << བྱི་ལ་ཉེ་ལམ་ག་འདྲ་འདུག >>(1964)ཅེས་པ་དང་གར་སྟེགས་ཟློས་གར<< ཆུ་དེ་མ་འཐུང >>(1966)ཞེས་པ། <<སམ། ད་དུང་ལན་ཅིག་དཀྲོལ་རོགས>> (1969-1970)ཞེས་པ་བརྩམས་ཤིང་འཁྲབ་སྟེ་པུ་རོ་དེ་ཝེ(Broadway)རུ་སྐད་གྲགས་ཆེན་པོ་རྒྱས་མོད། དེ་དག་ནི་ཧ་ལམ་ཁ་མཚར་ནག་པོ་དང་དགོད་གཏམ་གྱི་ཤས་ཤིན་ཏུ་ཆེ་ཞིང་འཁྲབ་སྟོན་ལ་འུད་ཀྱིས་ཁེངས་པ་ཞིག་ལས་ཁོའི་ལོ་རབས་བདུན་ཅུའི་ནང་གི་གློག་བརྙན་དག་ནང་བཞིན་གྱི་བསམ་བློའི་སྦུབས་མཐུག་པོ་དེ་གྲུབ་མེད། འོན་ཀྱང་དེ་དག་ནི<< ག་རེ་བྱས་སོང་། སྟག་ཀུ་མུད >>  (What's Up, Tiger Lily?,1966)  <<དངུལ་ཁྱེར་ལ་ཕྲོས་ཤིག>>   (Take the Money and Run,1969) <<ངང་ལག >>   (Bananas,1971)  << གཉིད་རྐྱལ>>    (Sleeper,1973)སོགས་ཀྱིས་མཚོན་པའི་དགོད་བྲོ་ཞིང་འུད་ཀྱིས་བརྗོད་པའི་གློག་བརྙན་དག་གི་སྔོན་འགྲོ་ལྟ་བུར་གྱུར་ཡོད་ལ་སྐབས་དེར་ཁོ་རང་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་ཞིག་ཡིན་པའི་འགན་ཁུར་གཙོ་བོ་ནི་ལྟད་མོ་པ་དག་དགོད་དུ་འཇུག་རྒྱུ་དེ་རེད། དེ་དག་ལ་ཚོད་ལྟའི་རང་བཞིན་ཆེས་ཆེར་དོད་དེ་སྔ་མ་དེར་ཨིན་ཡིག་གིས་འཇར་པན་གྱི་ནག་ཚོགས་གློག་བརྙན་ཞིག་ལ་སྐད་གསར་དུ་སྦྱར་ཡོད།
           3
  སྐབས་ལྔ་བཅུ་པ(<ཨན་ནེ་ཧོལ>Annie Hall,1977) དང་ང་དགུ་པ ( <ཧན་ན་གཅེན་གཅུང>Hannah and Her Sisters,1986)། གྱ་བཞི་པ  (  <པར་སེ་ལོ་ནའི་མཚན་གུང > ( Vicky Cristina Barcelona,2008) བཅས་ཀྱི་ཨོ་སི་ཁར(Oscar)གྱི་གསར་དུ་བརྩམས་པའི་འཁྲབ་གཞུང་རྩེ་གྲས་ཀྱི་བྱ་དགའ་ཐོབ་པ་དང་དེ་མ་ཡིན་པའི་ཨིན་ཇིའི་གློག་བརྙན་སློབ་གླིང(BAFTA)དང་ཨ་རིའི་གསེར་གྱི་གོ་ལའི་བྱ་དགའ(Golden Globe Award)སོགས་ཀྱང་ཕལ་ཆེ་བ་ཁོའི་འཁྲབ་གཞུང་ལ་ཐོབ་ཡོད་པ་འདིས་ཝོ་ཏི་ཨེ་ལེན་གྱི་འཁྲབ་གཞུང་ལ་སྒྱུ་རྩལ་དང་བསམ་བློའི་རྫོངས་སྟུག་པོ་ཞིག་ཡོད་པ་མཚོན་ཐུབ་ཅིང་། ཁོས་རྟག་པར་རྩོམ་རིག་དང་ཕོ་མོའི་འདོད་པ། མཚན་ཉིད་རིག་པ། སེམས་ཁམས་རིག་པ། གནའ་བོའི་ཀེ་རི་སི། ཡོ་རོབ་ཀྱི་གློག་བརྙན། ད་དུང་ཁོ་རང་སྐྱེས་ཤིང་འཚར་ལོངས་འབྱུང་སའི་གྲོང་ཁྱེར་ཉིག་ཡོག་བཅས་ལས་གློག་བརྙན་གྱི་ཚོར་བ་དང་གཏམ་རྒྱུད་ཀྱི་ས་བོན་བཙལ་ནས་མི་རྣམས་ལ་ཉིག་ཡོག་གི་འབྱོར་འབྲིང་གྲལ་རིམ་གྱི་ཤེས་ལྡན་པ་ཞིག་གི་སྣང་བརྙན་བཞེངས་ནས་དེའི་རྨི་ལམ་དང་རེ་སྟོང་། དེའི་འཚོ་བའི་དཀའ་ཁག་དང་གཉེན་སྒྲིག་གི་སྡུག་བསྔལ། གསར་རྩོམ་གྱི་ཕམ་ཁ་དང་འཁྲིག་པ་ཉེས་པར་ལྟ་བའི་དངངས་འཚབ། མི་ཚེའི་སྙིང་པོ་འཚོལ་བའི་རེ་བ་དང་ཆོས་ལུགས་ལ་བཟུང་བའི་ཐེ་ཚོམ་དང་དོགས་གཞི་སོགས་འཁྲབ་ཡོད་ལ། འདི་དག་ཐམས་ཅད་ཀྱང་ཧ་ལམ་གཞི་གྲུབ་རིང་ལུགས་ཀྱི་ལྟེ་བ་སྟེ་འཚོ་བར་སྙིང་པོ་ཡོད་མེད་གཞི་རུ་བྱས་ནས་མཚན་ཉིད་རིག་པའི་ཁྱབ་ཁོངས་ཤིག་ཏུ་དྲངས་ཡོད།
 
   ལར་ཨེ་ལེན་གྱི་སྐྱོ་སྣང་ཤུགས་དྲག་པའི་ལྟ་བ་དེ་ཁོའི་ཆུང་དུས་ཀྱི་འཚོ་བ་དང་བཀླགས་པའི་དེབ་དང་བལྟས་པའི་གློག་བརྙན་གང་དང་གང་ལ་འབྲེལ་བ་ཡོད་མེད་ཆ་མི་འཚལ་ནའང་ཁོས་རྗེས་སོར་གསར་ལམ་ཁག་གི་བཅར་འདྲི་དང་དུ་ལེན་དུས་ནམ་ཡང“ང་ནི་ཆུང་ངུའི་དུས་ནས་མངོན་སུམ་གྱི་འཇིག་རྟེན་འདིར་སྐྱོ་བའི་འདུ་ཤེས་འཛིན་ཞིང་ལྟ་བ་དེ་གཏན་ནས་འགྱུར་མྱོང་མེད། མི་ཚེ་འདིར་འཚོ་བ་ནི་མུན་པ་དང་སྡུག་བསྔལ་གྱིས་ཁེངས་ཤིང་སྙིང་པོ་ཅི་ཡང་མེད་པའི་འགྲུལ་བཞུད་ཅིག་རེད་ལ་རང་ཉིད་དགའ་བར་བྱེད་པའི་ཐབས་གཅིག་པུ་ནི་རང་མགོ་རང་གིས་གཡོགས་ཏེ་རང་སེམས་གསོ་རྒྱུ་དེ་ཁོ་ནའོ”ཞེས་ཤོད་མྱོང་བ་ཇི་བཞིན། ཁོའི་གློག་བརྙན་ཕལ་མོ་ཆེའི་བརྗོད་གཞི་ཡང་འཆི་བ་དང་སྡུག་བསྔལ། འདོད་པ་བཅས་ཡིན། དེ་ནི་ཁོས་ཆུང་ངུའི་དུས་སུ་ཉིག་ཡོག་གི་གློག་བརྙན་ཁང་དག་ཏུ་ལྟ་མྱོང་ཞིང་དུས་ཕྱིས་མིའི་རིགས་ལ་གློག་བརྙན་བྱུང་བ་ནས་བརྩིས་པའི་ད་བར་གྱི་ཆེས་རླབས་ཆེ་བའི་གློག་བརྙན་སྒྱུ་རྩལ་གྱི་གསར་རྩོམ་པ་རུ་འདོད་པའི་པིར་གི་མན་གྱི་གློག་བརྙན་ཕལ་མོ་ཆེའི་བརྗོད་གཞི་དང་འདྲ་ལ་ཁོ་རང་ཆེས་དགའ་སའི་གློག་བརྙན་ནི་པིར་གི་མན་གྱི <<རི་ལུམ>> དང << འཕྲིན་ཡིག་བདུན་པ>>ལ་སོགས་པ་ཡིན་ཞེས་ཀྱང་བརྗོད་ཚུལ་ལ་གཞིགས་ན། སུའེ་ཏེན་གྱི་འཁྲབ་ཁྲིད་པ་འདིས་ཁོ་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་བསྙོན་དུ་མི་འདུག་ལ། དེ་ལ་སོགས་པའི་ཆ་ནས1975ལོའི <<དགའ་བ་དང་འཆི་བ>> ཞེས་པས<<འཕྲིན་ཡིག་བདུན་པ>> ལ་ལད་མོ་བྱས་ཡོད་པ་དང<< སྐར་རྡུལ་འདས་དོན>> གྱིས་ཕི་ལེ་ཉི་ཡི<<བརྒྱད་ཕྱེད་ཀ>>ཡི་མཇུག་བསྡུ་ཚུལ་ལ་ལད་མོ་བྱས་ཡོད་པས་མཚོན་པར་ནུས། འོན་ཀྱང་དེ་ནི་ཨེ་ལེན་རང་གིས“མི་ཐམས་ཅད་སོ་སོ་དང་མཉམ་དུ་ནར་སོན་པའི་དངོས་པོ་དེ་དག་ལ་གཞན་དང་མི་འདྲ་བའི་དགའ་བ་ཞིག་ཡོད་པ་སྟེ་དེ་ནི་དོན་ལ་འདས་ཟིན་པར་ཡིད་འཁྲེང་བ་ཞིག་ཏུ་སྣང”ཞེས་སྨྲས་པ་ཇི་བཞིན། ཆུང་ངུའི་དུས་སུ་ཡིད་དབང་བཀུགས་མྱོང་བའི་གློག་བརྙན་དག་གི་པར་དང་རི་མོ་ཞིག་གམ་འཁྲབ་ཚིག་ཅིག་ལ་སོགས་པ་རང་གི་གློག་བརྙན་དུ་གཡར་ནས་བཀོད་དེ་ཆུང་དུས་ཀྱི་དྲན་པ་ཉར་བའམ་རང་ཉིད་དགའ་བའི་དངོས་པོ་ཞིག་ཚགས་སུ་བྱེད་པའི་སྤྱོད་སྟངས་ཤིག་ཏུ་འཁུམས་ཞེས་ཀྱང་འདོད་ཆོག
            4
  2010ལོའི་ཟླ9པའི་ཚེས14ཉིན། ཉིག་ཡོག་གསར་ཤོག(New York Times)གིས་ཆང་ཁང་ཆེན་མོ ལོ་ཝེ་རེ་ཇེན་སི(Loews Regency)རུ་ལོ་དོན་བཞི་ལ་སོན་པའི་ཁོར་བཅར་འདྲི་བྱས་པའི་ལན་དུ་ཁོས“ལོ་རྒས་སོང་ནའང་ཁྱོད་ལ་ཤེས་རབ་གསར་པ་ཅི་ཡང་འཐོབ་མི་ཐུབ། ནར་སོན་ཟེར་བ་ནི་ཁྱོད་རང་རིམ་གྱིས་རྒས་འགྲོ་བ་དེ་ག་ཙམ་རེད། མི་རྣམས་ཀྱིས་ལོ་ནར་སོན་རྗེས་མི་ཚེ་དང་བདེན་པ་ཟེར་བ་ཅི་ཡིན་ཤེས་འགྲོ་ཁུལ་ལབ་མོད། དེ་རྫུན་རྐྱང་རྐྱང་རེད། ང་ནམ་གུང་ལ་སད་ཐེངས་རེ་རེར་རང་ཉིད་ནམ་ཉི་མར་ཤི་འགྲོ་བ་ཡིད་ལ་དྲན་ཞིང་འཆི་བཞིན་པའི་གནས་སྐབས་དེ་ཡིད་ལ་དྲན་ཚེ་སེམས་ལ་མཚམས་མེད་པར་དངངས་འདར་སྐྱེ་ཡི་འདུག”ཅེས་སྨྲས་པ་ལྟར། ཝོ་ཏི་ཨེ་ལེན་ནི་ཕྱི་བལྟས་ནང་བལྟས་གང་གིས་ཀྱང་སྐྱོ་སྣང་རིང་ལུགས་པ་གཤའ་མ་ཞིག་རེད་མོད། ཁོའི་གློག་བརྙན་དུ་འཁྲབ་ཅིང་མཚོན་པའི་ཉིག་ཡོག་གྲོང་ཁྱེར་ནི་མར་ཏེན་སི་ཁོ་སེ་སི(Martin Scorsese)ཡི་རེ་སྟོང་དང་ཡི་ཆད་ཀྱི་མུན་པས་བཏུམས་པའི་ཉིག་ཡོག་དང་མི་འདྲ་བར་ནམ་ཡང་བརྩེ་བ་དང་འདོད་པ་ཡི་སྨུག་པས་དཀྲིས་པའི་ཡིད་དུ་འོང་བའི་གྲོང་ཁྱེར་ཞིག་ཡིན་པས་ན། ཁོའང་སྐྱོ་སྣང་རིང་ལུགས་པ་ཁོ་ན་ཞིག་མ་ཡིན་པར་འཆར་ཡན་དང་ཀུན་རྟོག་གིས་ཕྱུག་པའི་རྩོམ་པ་པོ་ཞིག་དང་སོམ་ཉི་དང་དོ་ཁུར་གྱིས་ནོན་པའི་ཤེས་ལྡན་པ་ཞིག་ཀྱང་རེད།
    << ཨན་ཉི་ཧོལ>>ནས་བཟུང་ཁོས་བརྩམས་ཆོས་ནང་གི་དགོད་གཏམ་གྱི་ཆ་ཇེ་ཉུང་དུ་བཏང་ཞིང་ཆིག་ལབ་དང་གཏམ་རྒྱུད་གཉིས་གཅིག་ཏུ་བསྲེས་ཏེ་མཚན་ཉིད་རིག་པ་དང་གློག་བརྙན་གྱི་བསམ་བློའི་ཐད་ཀྱི་འཁྲབ་ཚིག་དག་ལ་བརྟེན་ནས་གློག་བརྙན་གྱི་ནང་སྙིང་བཟུང་ཡོད་པས་གློག་བརྙན་དེ་ཁོའི་གློག་བརྙན་སྒྱུ་རྩལ་གྱི་དཀྱོག་མཚམས་ལྟ་བུར་ཀུན་གྱིས་རྩི།
  
   ཟློས་གར་ནི་ཆུང་མ་དང་གློག་བརྙན་ནི་དགའ་རོགས་སུ་འབོད་པའི་པིར་གི་མན་ནང་བཞིན་ཨེ་ལེན་གྱིས་ཀྱང་གློག་བརྙན་རང་ལྡོག་གི་སྒྱུ་རྩལ་གྱི་ཆ་མང་པོ་སྤྱད་མེད་པར་གཙོ་བོ་ཟློས་གར་རང་བཞིན་གྱི་འཁྲབ་ཚིག་ལ་བརྟེན་པ་ཞིག་ཡིན་ཕྱིན། ཁ་ཤས་ཀྱིས་ཁོའི་གློག་བརྙན་ནི་ཚར་རྒྱུ་མེད་པའི་ཁ་བརྡ་རིང་མོ་ཞིག་རེད་ཅེས་ཀྱང་བཤད་མྱོང་སྐད། དེའང་ཁག་མེད་དེ་པར་གྱི་ཡག་འདུག་དང་བྱུང་རིམ་གྱི་ཀྱག་ཀྱོག་བསྙེགས་པའི་ཧོ་ལེ་ཝུ་ཡི་དུས་རབས་འདིར་མི་རྣམས་ཀྱིས་ནམ་ཡང་ཤུགས་རིང་མཚམས་མེད་དུ་འབྱིན་ཞིང་འཚབ་བེ་འཚུབ་བེར་ཁ་ནས་ཚིག་ཉོག་ཡིན་མིན་མང་པོ་ཅི་འདོད་འདོད་དུ་བྱོ་ལ་རང་ཉིད་ལྟེ་བར་བྱས་ཏེ་ཐ་ན་གཞན་དག་མི་དགའ་བར་བྱེད་པའི་དགོད་གཏམ་མམ་ཉོག་གཏམ་ལ་སོགས་ཟུར་ཟ་དང་ཀྱལ་ཀ་དང་རང་འཕྱ་ཡིས་ཁེངས་པའི་འཁྲབ་ཚིག་ཡང་ཡང་བཟློ་བ་ལ་ལྟད་མོ་པ་ཕལ་མོ་ཆེ་ཡིད་སུན་ཐག་ཆོད་ཡིན་མོད། གང་ལྟར་དེ་དག་ནི་ཁོའི་གློག་བརྙན་གྱི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར་ཞིང་མི་སྒེར་གྱི་རང་བཞིན་མངོན་པར་གསལ་བའི་རྩོམ་པ་པོའི་གློག་བརྙན་གྱི་རང་མདངས་གསལ་པོ་ཞིག་ཏུ་གྱུར་ཡོད།
  འཆི་བ་དང་དགའ་བ། ཀུན་སྤྱོད་མ་ཡིན་པའི་འདོད་པ་ནི་ཨེ་ལེན་གྱི་གློག་བརྙན་དང་སྒྲུང་གི་བརྗོད་གཞི་ཡིན་ཞིང་ཁོའི་གློག་བརྙན་གྱིས་ངག་མེད་སྤྲོ་གར་གྱི་ལེགས་ཆའི་ཁར་རང་གི་ཁྱད་ཆོས་མངོན་པར་དོད་པའི་རིག་པ་རྒོད་པའི་ཁ་བརྡ་དང་ཁྱད་པར་དུ་ཉིག་ཡོག་གི་ཤེས་ལྡན་པའི་རྣམ་རིག་གིས་ཆབ་སྲིད་དང་རིག་གནས། ཆོས་ལུགས། ཕོ་མོའི་འདོད་པ། གཞན་གློག་བརྙན་དང་བརྙན་འཕྲིན། ཇེའུ་རིགས་ཀྱི་གོམས་སྲོལ་སོགས་དགོད་གཏམ་དང་ཟུར་ཟའི་ལམ་ནས་སྤེལ་ཡོད་པས་ཨ་མེ་རི་ཁའི་ལྟ་མཁན་དང་ཁྱད་པར་དུ་ཤེས་ལྡན་པ་དག་གི་དགའ་བསུ་ཐོབ་ཀྱི་ཡོད་ལ། ནམ་ཞར་གཞན་མཚང་འབྲུ་རྒྱུར་དགའ་བའི་ཧྥ་རན་སི་བ་དག་གིས་ཁོ་ལ“ཨ་རིའི་གློག་བརྙན་པའི་སྡེ་ཡི་ཤེས་ལྡན་པ་གཅིག་པུ”ཞེས་པའི་ཆོ་ལོ་བསྩལ་མྱོང་། ཁོའི་ཚབ་མཚོན་བརྩམས་ཆོས<<དགའ་བ་དང་འཆི་བ>> དང <<ཨན་ནེ་ཧོལ>> <<མན་ཧ་ཊོན>>  <<ཧན་ན་གཅེན་གཅུང>>  << ཁེ་རོ་ཡི་རྒྱ་སེ་སྨུག་པོ>>སོགས་ལས་ཁོའི་གློག་བརྙན་གྱི་ཁྱད་ཆོས་གཙོ་བོ་གྲུབ་ཚར་བས་དེའི་རྗེས་ཀྱི་བརྩམས་ཆོས་དག་གིས་ལྟད་མོ་པ་དག་ལ་ངོ་མཚར་ཆེ་པོ་མི་སྟེར་ནའང་དེ་དག་ཀྱང་ཨེ་ལེན་གྱི་ཚོད་ལྟ་གསར་པ་རེ་ཡིན་པ་སྟེ། ལོ་རབས་དགུ་བཅུ་པར་སླེབས་པ་དང་སླར་དགོད་གཏམ་གྱི་ཆ་ཇེ་མང་དུ་བཏང་བ་དང་དུས་ཕྱིས་ཉིག་ཡོག་དང་བྲལ་ནས་ལོན་ཏོན་དང་ཕ་རི་སི་སོགས་སུ་གློག་བརྙན་བསྐྲུན་དུ་སོང་བ་སོགས་སོ། །
            ཡིན་ནའང་ཁོའི་གློག་བརྙན་དེ་དག་ནི་དོན་གྱིས་འཆར་ཡན་རིང་ལུགས་ལ་རྒོལ་བའི་བརྩེ་དུང་དང་སྤྲོ་གར་གློག་བརྙན་ཞིག་ཏུ་འདོད་ཅིང་མི་ཚེ་སྡུག་བསྔལ་དུ་འདོད་པའི་ཨེ་ལེན་གྱིས་དེ་དག་ཐག་གཅོད་པའི་ཐབས་ཉག་གཅིག་ནི་སྨྲ་བསམ་བརྗོད་འདས་ཀྱི་གསང་བའི་སྟོབས་ཤིག་འཚོ་བའི་ནང་དུ་འཇུག་རྒྱུ་དེ་ཡིན་པ་སྟེ།  << ཁེ་རོ་ཡི་རྒྱ་སེ་སྨུག་པོ>>ཡི་གློག་བརྙན་ནང་གི་མི་སྣ་མངོན་སུམ་གྱི་འཚོ་བའི་ནང་དུ་སླེབས་ཏེ་གནས་སྐབས་ཙམ་ལ་གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོ་དེ་དངོས་ཡོད་འཇིག་རྟེན་ཁྲོད་ཀྱི་གནས་བབ་སྡུག་པོ་དེ་ལས་ཐར་བར་བྱས་པ་ལྟ་བུའོ། །དེ་ནི་གཏན་ཚིགས་ཀྱི་རིགས་པ་ཁོ་ནས་ང་ཚོའི་མི་ཚེ་དང་འཚོ་བའི་རེ་བ་སྐོང་མི་ནུས་པར་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་ཐབས་ཤིག་ལ་བརྟེན་ནས་དངོས་ཡོད་ལས་འདའ་བའི་ཚོད་ལྟ་ཙམ་བྱས་པ་དེ་ཡིན་མོད། གློག་བརྙན་དེའི་མངོན་སུམ་དང་རྨི་ལམ་གཉིས་ཀྱི་བར་ནས་འདམ་ག་མཛད་པའི་སྐྱེས་མ་དེས་མཇུག་མཐར་དངོས་ཡོད་ཀྱི་འཇིག་རྟེན་མི་འདེམས་ཀ་མེད་དུ་གྱུར་པ་དེ་ནི་མཐར་གཏུག་ཨེ་ལེན་གྱི་སྐྱོ་སྣང་རིང་ལུགས་པའི་ལྟ་བ་ལས་བྱུང་བ་ཡིན་པར་ཐེ་ཚོམ་མེད་ལ། དེའང་ཁོ་རང་ཉིད་ཀྱིས་གློག་བརྙན་ལས་དངོས་ཡོད་ཀྱི་སྡུག་བསྔལ་བརྗེད་པར་བྱེད་པའི་དཔེ་བརྗོད་ཅིག་ཏུ་ལྟ་ཆོག་ནའང་། རང་ལས་ལོ་སུམ་ཅུ་ལྷག་གིས་ཆུང་བའི་ཁོ་རེ་ཡའི་བུ་མོ་ཆུང་མར་བླངས་པ་ནས་ཁོ་ལའང་ཚེ་མཇུག་གི་ཁྱིམ་གྱི་བདེ་སྐྱིད་ཀྱང་ཐོབ་སྟེ་ཡིད་ཚིམས་འདུག་ཅེས་དེབ་ཁ་ཤས་སུ་སྨྲ་ཞིང་དེ་ཁོས་ལོ་འདི་འགར་བསྐྲུན་པའི་ཚོན་མདོག་གསལ་ཞིང་མཛེས་ལ་བརྩེ་དུང་གི་མངར་ཁས་ཕྱུག་པའི་གློག་བརྙན་གསར་པ་དེ་དག་ལས་ཀྱང་ཅུང་ཙམ་མཚོན་འདུག་སྙམ། ཨ་རིའི་བརྙན་དཔྱད་པ་ཤེ་ཁེལ(Richard Schickel)གྱིས་ཨེ་ལེན་གྱི་གློག་བརྙན་ལ་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་ཁྱད་ཆོས་འདུག་ཅེས་དཔྱད་པ་བཏང་ཡོད་པས་མོས་པ་ཡོད་མཁན་ཚོས་ཁོས་བྲིས་པའི་དེབ <<ཝུ་ཏི་ཨེ་ལེན། གློག་བརྙན་ཁྲོད་ཀྱི་མི་ཚེ>> (Woody Allen:A life in film)ཞེས་པ་དེར་གཟིགས་པར་འཚལ།
         5
         གློག་བརྙན་གཅིག་ལས་གྲུབ་རྗེས་སླར་ཡང་ལྟ་མྱོང་མེད་པའི་ཝོ་ཏི་ཨེ་ལེན་ལ་ཆ་བཞག་ན་ཆེས་གལ་ཆེ་བ་ནི་གློག་བརྙན་བཟོ་རྒྱུ་དེ་ཁོ་ན་སྟེ་དེ་བཟོ་བ་ནི་རྨི་ལམ་རྨི་བ་དང་འདྲ་པོས་ན་དེ་ནི་མངོན་སུམ་གྱི་འཇིག་རྟེན་འདིའི་སྡུག་བསྔལ་ལས་རེ་ཞིག་ལོགས་སུ་འབུད་པའི་སྐལ་བ་ཞིག་ཡིན་པས་སོ། །     ཡང་གཅིག་བཤད་ན། རྟག་པར་རང་འཕྱ་ལ་དགའ་བའི་ཁོས་ལབ་པ་ཇི་བཞིན་གློག་བརྙན་བཟོ་རྒྱུ་དེའང་ཆེས་དགའ་བ་དེ་མ་ཡིན་ནའང་དེ་ལས་གཞན་པ་གཅིག་ཀྱང་བཟོ་མི་ཤེས་པས་དེ་ལ་མི་འཐམ་རང་འཐམ་ཡིན་པའང་སྲིད། འོན་ཏེ་མི་ཚེ་གང་པོར་གློག་བརྙན་དྲུག་ཅུ་ལྷག་བཟོས་པའི་པིར་གི་མན་གྱི་མདུན་དུ་ཨེ་ལེན་གྱིས་གློག་བརྙན་གྱི་སྤུས་ཀའི་ཕྱོགས་ནས་ཁོ་ལ་མི་དོ་ནའང་གྲངས་འབོར་གྱིས་དོ་ནའང་འོས་འདུག་སྙམ་ནས་དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་པ་ནས་བཟུང་ད་བར་ཧ་ལམ་ལོ་རེ་ལ་གློག་བརྙན་རེ་བཟོས་ཡོད། ཡིན་ནའང་ཟློས་གར་ལ་དགའ་བའི་ཁོས་ས་ར་པོ་གི་སིར(Sarah Boxer)གྱི་བཅར་འདྲི་དང་དུ་ལེན་དུས་ང་ལ་སྤྲོ་གར་འབྲི་བའི་ཡོན་ཏན་ཙམ་ལས་ཟློས་གར་འབྲི་བའི་ཤེས་རབ་མེད་པ་འདི་ཡིད་རེ་སྐྱོ། ངས་ནི་རང་ཉིད་ལ་ད་ལྟའི་ཡོན་ཏན་འདི་ལས་ཨོ་ནེལ(Eugene O’ Neil)དང་ཐེ་ནེ་སེ་ཝི་ལིམ་སི་ཡི་ཟློས་གར་རྩོམ་པའི་ལྷན་སྐྱེས་ཀྱི་ཤེས་རབ་དེ་ཡོད་ན་བསམ་ཞེས་སྨྲས་ཡོད།
       ཧ་ལམ་མི་ཚེ་གང་པོར་ཀུན་སྤྱོད་དང་དད་པ། ཕོ་མོའི་འབྲེལ་བ། མངོན་སུམ་དང་རྨི་ལམ་གྱི་འགལ་ཟླ་ལ་སོགས་པ་བརྗོད་གཞིར་བཟུང་བའི་རྒད་པོ་འདི་ད་ལྟ་ཆེས་དགའ་ས་དེ་ནི་སྦི་རག་དང་སྤོ་ལོའི་འགྲན་བསྡུར་ལ་ལྟ་རྒྱུའམ་ཡང་ན་རང་ཉིད་དགའ་སའི་དེབ་རེ་གཉིས་ཀྱི་ཤོག་ལྷེ་ཕར་སློག་ཚུར་སློག་ཙམ་བྱེད་རྒྱུ་དེའང་ཡིན་ཤས་ཆེ།
   གལ་ཏེ་ཁོ་ལ་མི་ཚེ་སྡུག་བསྔལ་དུ་སྨྲ་བའི་རྣལ་འབྱོར་བ་སྨྱོན་པ་ཞིག་གི་ཆོ་ལོ་བསྩལ་ཚེ་ཁོའི་ཆོས་ལུགས་ནི་གློག་བརྙན་ཉིད་དུ་རྩི་ཆོག་སྙམ་ཞིང་དད་མོས་དེས་ཁོ་ལ་བྱིན་པ་ནི་ཚེ་ཕྱི་མ་ཞིག་ཏུ་སྐྱེ་བ་ག་འདྲ་ལེན་མིན་ལ་གཞོལ་བ་ཞིག་མིན་པར་ཚེ་འདིའི་སྡུག་བསྔལ་དག་གནས་སྐབས་ཙམ་ལ་བརྗེད་པར་བྱེད་པ་དེ་ཁོ་ན་ཙམ་རེད་དོ། །དེ་ནི་ཁོས་གློག་བརྙན་ལ་སོགས་སྒྱུ་རྩལ་རང་ལྡོག་ལ་བཟུང་བའི་གཞི་གྲུབ་རིང་ལུགས་ཀྱི་ལྟ་བ་ཞིག་ཡིན་པ་ལས་ཁོས་འཚོ་བ་དངོས་ཀྱི་གནས་སྟངས་དེ་ག་འདྲ་ཞིག་ཡིན་མིན་ཁོ་རང་ལས་གཞན་སུ་ལའང་སྨྲ་བའི་གདེང་མེད་ལ་གཅིག་བྱས་ན་ཁོ་རང་ཉིད་ཀྱིས་ཀྱང་དངོས་ཡོད་ཀྱི་འཚོ་བ་ཟེར་བ་འདི་ག་འདྲ་ཞིག་གོ་ཞེས་གསལ་ཐག་ཆོད་པ་ཞིག་སྨྲ་ཐབས་མེད་དེ། ཁོས་དེ་སྔ་རྩོམ་ཡིག་ཅིག་ཏུ་རྒྱ་མིའི་སྲང་དུ་ལམ་ནོར་མི་ཐེབས་པའང་འདི་འདྲ་དཀའ་བས་མི་རྣམས་ཀྱིས་འཇིག་རྟེན་འདི་རྟོགས་འདོད་ཟེར་བ་འདི་ཇི་འདྲའི་ཡ་མཚར་བ་ཞིག་རེད་ཨང་ཞེས་སྨྲ་མྱོང་ཡོད་པའི་ཕྱིར་རོ། །གཞན་ཁོའི་རང་འཕྱ་དང་། ལེགས་ཉེས་སམ་མཆོག་དམན་ཆོས་གཉིས་གཞི་གཅིག་ཏུ་བསྲེས་ནས་དགོད་སློང་བའམ་རྩེད་མོ་རྩེ་བའི་ཉམས་དེ་གཤམ་དུ་ཁོ་བོས་བསྒྱུར་པའི་ཚིག་ཀ་དག་ལས་ཉུང་ཙམ་མཐོང་ཐུབ་བོ། །
_______________
ཟུར་བཀོད།
「 གལ་ཏེ་ཁྱོད་ཀྱིས་དཀོན་མཆོག་དགོད་དུ་འཇུག་འདོད་ཚེ་ཁོ་ལ་ཁྱེད་ཀྱི་མ་འོངས་པའི་འཆར་གཞི་ལབ་པས་ཆོག 」
「 གཟའ་འཁོར་སྔོན་མར་ངའི་ལྕེ་གློག་སྒུལ་ཡིག་གཏག་གི་འཁོར་དོང་དུ་བསྐྱིལ་སོང་བས་ངས་དཀོན་མཆོག་ལ་ཡིད་ཇི་ལྟར་ཆེས། 」
「 མི་ཚེ་ལ་རིགས་གཉིས་ལས་མེད་དེ་འཇིགས་སུ་རུང་བ་དང་སྡུག་བསྔལ་ཆེ་བ་གཉིས་སོ།། 」
「 མི་ཚེ་ནི་སྡུག་བསྔལ་དང་ཁེར་རྐྱང་དང་མནར་གཅོད་ཀྱིས་ཁེངས་པ་ཞིག་རེད། མ་ཟད་དེ་མཇུག་བསྡུས་པའང་མགྱོགས་དྲག་བཞག 」
「 ནམ་རྒྱུན་ང་ལ་སྤྲོ་བ་ཆེན་པོ་མེད་ཅིང་མ་ཡིན་དུས་སྤྲོ་བ་གཅིག་ཀྱང་མི་འདུག 」
「 དཀོན་མཆོག་མེད་པར་མ་ཟད་གཟའ་མཇུག་ལ་ཆུ་སྦུག་ལས་མཁན་གཅིག་ཀྱང་རྙེད་ཀྱི་མི་འདུག 」
「 གལ་ཏེ་འདི་དག་ཐམས་ཅད་འཕྲུལ་སྣང་ཙམ་ཡིན་ཞིང་ཐམས་ཅད་མངོན་སུམ་དུ་མེད་ཚེ་ཅི་བྱའམ། གལ་ཏེ་དེ་ལྟ་ཡིན་ཚེ་ངས་ས་གདན་ཉོས་པ་ལ་དངུལ་སྟེར་མང་བ་ཐག་ཆོད་རེད། 」
「 སུ་ཞིག་གིས་ལྐོག་ཏུ་ང་ཚོ་ལ་ལྟ་ཡི་འདུག སྟབས་མི་ལེགས་པ་ཞིག་ལ་དེ་ནི་སྲིད་གཞུང་རེད། 」
「 ཤི་རྗེས་སྐྱེ་བ་ཡོད་མེད་མི་ཤེས་མོད་གང་ལྟར་ངས་བརྗེ་དགོས་རྒྱུའི་དོར་ཐུང་དེ་འཁྱེར་རྒྱུ་ཡིན། 」
「 འཚོ་བ་ཡིས་སྒྱུ་རྩལ་ལ་ལད་མོ་མི་བྱེད་པར་གད་སྙིགས་ལྟ་བུའི་བརྙན་འཕྲིན་ཟློས་གར་ལ་ལད་མོ་བྱེད་ཀྱི་འདུག 」

རྩོམ་ཁུངས། པྲ་དྲ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྡོང་བུས་རྩོམ་པ་པོའམ་གློག་བརྙན་འཁྲབ་ཁྲིད་པ་ཝུ་ཏི་ཨེ་ལེན་གླེང་བ།

2013-12-02 ལྡོང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།