སིངྒ་ལའི་བོད་ཀྱི་ཉན་ཐོས་སྡེ་བའི་ལུགས་ཀྱི་དགེ་སློང་མ་ཧཱན་ངྷའི་རྣམ་ཐར་མདོར་བསྡུས།

 སིངྒ་ལའི་དབུས་གཞུང་གིས་བཟོས་བའི་ལྕགས་ཕག་གི་ལོའི་དམ་པ་འདི་སྐུ་པར་ཡོད་པའི་སྦྲག་ཐམ།
  དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།    ༼དེ་ལྟར་ན་གླིང་འདིར་བོད་ཀྱི་བླ་མ་རྫུ་འཕྲུལ་གྱིས་བྱོན་པ་ནི་སྔར་འགའ་ཙམ་བྱུང་འདུག་མོད།རྫུ་འཕྲུལ་མ་ཐོབ་པའི་ནང་ན་ངེད་རང་སླེབས་སྔ་བ་ཞིག་ཏུ་སེམས།ལོ་གཅིག་དང་ཞག་ཤས་མ་ཚང་བར་ཟླ་བ་བཞི་ལྷག་བསྡད།༽    ཅེས་དང།    ༼ད་ནི་རང་ཅག་རྣམས་ཀྱི་གནའ་བོའི་ཕ་ཁྱིམ་དུ་གྱུར་པའི་མ་ག་གྷ་ནི་མི་སྟེགས་ཀྱི་གནའ་མ་དང། ཕི་ལིང་པའི་མག་པ་གཉིས་ཀྱིས་བཟུང་སྟེ།ཉམས་མི་ཕེབས་ཞིང་། བག་མི་བྲོ་བྱས།འོ་ན་ད་ནི་རང་རེ་རྣམས་ལྷོ་ཕྱོགས་རྒྱ་མཚོའི་གླིང་ཕྲན་སིངྒལ་དེའི་ཚབ་ཏུ་བཅོལ་བ་སྐབས་སུ་བབས།༽ཞེས་བོད་མི་དག་ལ་ཁ་ཏ་རིང་མོ་ཙམ་བྱས་ནས་བཞུགས་པའི་སྐབས་སུ།  བོད་ཀྱི་འབྲས་ལྗོངས་སུ་སྐྱེས་བའི་གནས་བརྟན་སྡེ་སྣོད་འཛིན་པའི་དགེ་སློང་ཆེན་པོ་མ་ཧཱན་ངྷ་ཟེར་པ་དེས། ལྷོ་ཕྱིགས་ཀྱི་གླིང་ཕྲན་སིངྒ་ལའི་ཡུལ་དུ་གནས་བརྟན་སྡེ་བ་འཛིན་པ་དག་ལ་གཉེན་བཏབ། ཕི་ལིང་དབྱིན་ཇི་དོལ་བོ་བ་རྣམས་ཕར་འདེད། བསྟན་པ་དང་འགྲོ་བ་དོན་དུ་འབད་པ་ཆེན་མོས་ཁྲིམས་མུན་ཚུན་ཆད་དུ་བཞུགས་པའི་སྐབས་ཞིག་ཏུ་མངོན།    དགེ་ཆོས་ཀྱིས་དམ་པ་འདི་སྐོར་ཟུར་ཙམ་མ་གླེང་བ་དང། ལྷག་པར་ཏུ་དགེ་ཆོས་ཉིད་སིངྒ་ལར་ཕེབས་དུས། གནས་བརྟན་གྱི་དགེ་སློང་འདི་ཞལ་མཇལ་ཙམ་ཀྱང་མཐོང་མེད་པ་ནི། ཅི་ནས་ཀྱང་སྐྱོ་དགོས་བའི་གནས་སུ་སྣང། དེ་མིན་གནས་བརྟན་སྡེ་བའི་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་འཛིན་པ་འདི་ལ།
    དགེ་ཆོས་ཀྱིས་ནམ་ཡང་འཇལ་ཐབས་བྲལ་བའི་གདམས་ངག་མང་པོ་ཞིག་བསྩལ་རྒྱུ་ནི་ཏན་ཏན་ཡོད་པར་ངེས།  དེ་བཞིན་ཐག་རིང་ཡུལ་ནས་བོར་པའི་བོད་ཀྱི་གནས་བརྟན་ཆེན་མོ་འདི། བོད་མི་དག་གིས་དད་ལྡན་དག་གིས་ཀྱང་ཟུར་གཅིག་ཀྱང་གླེང་མེད་པ་ནི་ཤིན་ཏུ་ནས་སེམས་པ་སྐྱོ་བའི་རྒྱུ་ཞིག་དང་། ཁོང་གིས་ཀྱང་རང་ཡུལ་གངས་ཅན་ལྗོངས་འདི་མ་བརྗེད་ཙམ་གྱིས་རང་གི་མིང་མགོ་རུ།    བོད་པ་ཞེས་བཏགས་པ་འདི།    སྔོན་གྱིས་ལས་འཕྲོ་ཞིག་ལ་དམིགས་ནས་གསུང་བའང་གོ་མ་ཆག།
    དེ་བས་ང་བོང་རྫི་ས་མཐར་འཁྱམས་ནས་དུས་ཀྱི་མཐར་འདི་ལ་དམ་པ་འདི་རྣམ་ཐར་མདོར་བསྡུས་ཙམ་བོད་ཡིག་ཏུ་འགོད་ཐུབ་པ་ལ་བསོད་ནམས་ཞིག་དང།    དགའ་བ་ཆེན་པོས་བརྟས་ནས།    རྣམ་ཐར་མདོར་བསྡུས་འདི་འབྲི་བར་བྱའོ།    འདི་ནི་བོད་ཀྱི་ཕྲག་དོག་ཁྲག་གི་རྭ་ཡོད་པ་དག་ལ་ཁོང་ཁྲོ་སློང་བྱེད་དང་། བོད་མི་དད་ལྡན་དག་ལ་དགའ་བའི་མེ་ཏོག་ཅིག་ཕུལ་བ་དེ་ཙམ་ལས་གཞན་ཅི་ཡང་མིན།
   བོད་ཀྱི་སྡེ་སྣོད་པ་ཆེན་པོ་འདིའི་བོད་མིང་དུ་བཀྲ་ཤིས་དཔལ་འབྱོར་ཟེར་པ་དང།སིང་ག་ལའི་སྐད་དུ།    བོད་མ་ཧཱན་ངྷ    ༼ Tibet Mahinda༽ཟེར།
    ཁོང་ནི་རབ་བྱུང་བཅོ་ལྔ་བའི་ལྕགས་གླང་ལོ་༼༡༩༠༡༽ལོ་ལ་བོད་གངས་ཅན་ལྗོངས་འབྲས་མོ་ལྗོངས་སུ་སྐུ་འཁྲུངས།    ཁོང་ལ་མཆེད་སྤུན་གསུམ་ཡོད་པ་དང།    གཅེན་པོ་ནི་སྐད་གྲགས་ཅན་གྱི་དབྱིན་བོད་ཚིག་མཛོད་དང།    བར་དོ་ཐོས་གྲོལ་དབྱིན་སྒྱུར་བྱེད་མཁན། དེ་བཞིན་གོང་ས་ཕྱག་ན་པདྨོ་བཅུ་གསུམ་པརྒྱ་གར་ཏུ་བཞུགས་དུས།    གསུང་བསྒྱུར་དང།    ཕྱིས་སུ་བློན་ཆེན་བཤད་སྒྲ་སོགས་སིམ་ལར་ཆིངས་སུ་ཕེབས་དུས།    ཆིངས་ཡིག་གི་སྐད་བསྒྱུར་པ་བཅས་ཡིན་པའི་མཛད་རྗེས་ཅན་གྱི་ཟླ་བ་བསམ་གྲུབ་ལགས་རེད། བཀྲ་ཤིས་དཔལ་འབྱོར་ནི་ལོ་ན་ཕྲ་བའི་དུས་སུ་ཁྱེའུ་བསོད་ནམས་དང་ལྡན་པ་མང་པོ་མཉམ་དུ་གྲོགས་སུ་གྱུར་ཅིང།    ཕྱིས་ཀྱི་འབྲས་ལྗོངས་རྒྱལ་བོ་བཀྲ་ཤིས་རྣམ་རྒྱལ།(༡༨༩༣– ༡༩༦༣)འབྲེལ་ལམ་ཡག་པོ་བྱུང་ནས་མི་ཚེའི་གྲོགས་པོར་གྱུར།
    ཆུ་བྱི་ལོའི་༼༡༩༡༢༽ཡས་མས་སུ་རྒྱ་གར་བྱང་ཆུབ་ཆོས་ཚོགས་ཆེན་མོས་མཐུན་རྐྱེན་སྤྱར་ནས།    ༼དགེ་ཆོས་ཀྱང་ཆོས་ཚོགས་འདིས་མཐུན་རྐྱེན་སྤྱར་ནས་སིངྒ་ལར་ཕེབས་པའང་ཞོར་ཏུ་ཤེས་བར་བྱ༽    ཁོང་དང་གཅུང་བོ་ཞིག་བཅས་སིངྒ་ལར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་སླེབས་པ་དང། སིངྒ་ལའི་ལྷོ་ཕྱོགས་ཀྱི་དགོན་པ་ཕོལ་གལ་སུ་དྭ་ཝ། (Polgasduwa) རུ་བཞུགས།    དེའི་རྗེས་ཆོས་སྡེ་དེ་ན་སློབ་དཔོན་ཆེན་པོ་ཏྲེ་ལོ་ཀ་ཛྙཱ་ན་ཞེས་བ་སློབ་དཔོན་དུ་བསྟེན།
    སློབ་དཔོན་འདི་ནི་དགེ་ཆོས་ཀྱིས་གཏམ་རྒྱུད་གསེར་ཐང་ཏུ་བཤད་པའི་ཕྱི་གླིང་གི་ཚན་རིག་གི་མཁས་བ་ཆེན་པོ་ཉིན་ཞིག་ཆོས་ཀྱི་རྐང་པའི་ཚིགས་བཅད་ཕྱི་སྐད་དུ་བསྒྱུར་པ་མཐོང་ནས།ཀྱེ་མ་རིགས་པ་ཁོ་ནས་ལམ་ནས་གཤེགས་པ་ནི་སངས་རྒྱས་ཉག་ཅིག་སྟེ། ཁོ་ནི་ས་ཡན་སིའི་༼ཚན་རིག་༽སྐས་ལ་འཛེགས་པར་མ་ཟད།ད་བསྐྱུར་ནས་ཕ་རོལ་དུ་ཕྱིན་ཡིན་འདུག་སྙམ་ནས་སིངྒ་ལའི་ཡུལ་དུ་རབ་དུ་བྱུང་བའི་དགེ་སློང་དེ་རེད།    དེ་ནས་མ་ར་ད་མ་ར་ངྷ་ན(Maradana) ཡུལ་གྱི་བུ་ངྷི་ཡོ་ངྷ་ཡ་ཕུ་རི་བན་ན (Vidyodaya Pirivena) གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་དང།དེའི་འགྲམ་གྱི་སློབ་གྲྭ་ཞིག་ཏུ་དབྱིན་ཇིི་སོགས་རིག་པའི་ཐ་དག་ཚུལ་བཞིན་དུ་སློབ་གཉེར་གནང།རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ལོ་༼༡༩༣༤༽ནས་མེ་བྱི་བར་༼༡༩༣༦༽པར་ཏུ་སིངྒ་ལའི་དཔལ་ནཱ་ལེན་དྲ་གཙུག་ལག་སློབ་གཉེར་ཁང་དུ་སློབ་དཔོན་གྱི་མཚན་བཞེས།
    དེ་དུས་འཛམ་གླིང་འཁྲུག་ཆེན་བྱུང་བ་དང་བསྟུན་ནས།    ཁོང་གི་སློབ་དཔོན་འཇར་མན་པ།    ཏྲེ་ལོ་ཀ་ཛྙཱ་ན་འཇར་མན་པ་ཡིན་པའི་རྐྱེན་གྱིས་དབྱིན་ཇིའི་དྲག་པོ་དམག་གིས་འཛིན་བཟུང་བྱས་པ་དང།    སིངྒ་ལ་བ་དག་གིས་དབྱིན་ཇིའི་མི་སེར་སྤེལ་ཡུལ་རིང་ལུགས་པ་ངོ་རྒོལ་གྱི་སྐབས་སུ།    ཁོ་ནི་ཀུན་གྱིས་སྣེ་ཁྲིད་པའི་རང་དབང་བརྩོན་ལེན་པ་ཞིག་ལ་གྱུར་པ་དང།    ལྷག་པར་ཏུ་ཁོང་གིས་དབྱིན་ཇིའི་སིངྒ་ལ་ནས་ཕར་བསྐྲད་དགོས་བའི་རང་དབང་གི་སྐོར་གྱི་སྙན་རྩོམ་མང་པོ་བྲིས་ནས།
    སིངྒ་ལ་རྣམས་དབྱིན་ཇིའི་འོག་ནས་རང་བཙན་བྱེད་དགོས་བའི་སྐུལ་མ་བྱས་ཡོད་ཕྱིར།    ཁོང་ཉིད་ཀྱིས་ཁ་བྲལ་རིང་ལུགས་པར་བརྩིས་ནས    ཁོང་ཡང་ཐེངས་གཉིས་ཙམ་སྲིད་གཞུང་གིས་འཛིན་བཟུང་བྱས།    ཁོང་གིས་སིངྒལའི་སྐད་དུ་བྲིས་བའི་སྙན་ངག་རྣམས་ནི་མི་ཟད་པའི་སྙན་པོ་དང།    ནང་བའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད་ཕྱིར།    གླིང་དེའི་མི་རྣམས་ཀྱིས་སེམས་སུ་ཆུ་ལ་ཆུ་འདྲེས་བ་ལྟར་གྱུར་ནས།    ཀུན་གྱིས་ཀློག་པ་དང།    ཀུན་དུ་འདོན་པ་དང།    རབ་ཏུ་འདོན་པ་ལྟ་བུ་བྱུང།
    རྗེས་སུ་བཙོན་ནས་གྲོལ་རྗེས་དགེ་སློང་སྒྲུབ་སྒྲུབ་པ་དང།    དེ་ནས་མི་འཐུད་དུ་རང་དབང་བརྩོན་ལེན་གྱི་ལས་སུ་ཞུགས།    ས་གླང་༼༡༩༤༨༽ལོ་ལ་སིངྒ་ལ་རང་བཙན་ཐོབ་པ་དང།    དེའི་རྗེས་ཁོའི་སྙན་གྲགས་་སིངྒའི་གླིང་ཡོངས་སུ་ཡོངས་སུ་ཁྱབ་པ་དང།    ཀུན་གྱིས་ཕྱག་འཚལ་ཐལ་སྤྱོར་གྱི་སྡེ་སྣོད་འཛིན་པའི་དགེ་སློང་ཞིག་གྱུར།    རང་བཙན་ཐོན་རྗེས་ལོ་གཉིས་ཀྱི་རྗེས།    ལྕགས་སྟག་གི་༼༡༩༥༠༽ལོ་ལ་ནད་སོགས་ཅི་ཡང་མེད་པར་བདེ་ཐང་གི་ངང་བཞུགས་མུར།    ཉིན་ཞིག་སིངྒ་ལའི་བླ་མ་ཞིག་གི་འདས་མཆོད་དུ་ཕེབས་ཞིང།
    དེ་དུས་རྩེད་མཚར་གྱི་ཚུལ་དུ་ད་ནི་ང་རྒྱ་གར་ཏུ་འགྲོ་རྒྱུ་ཡིན།དེ་ནས་ཕྱིར་སིངྒ་ལའི་ཕེབས་དུས་ངའི་ཕུང་བོ་་རོ་སྒམ་དུ་ཁྱེར་ཞོག་ཞེས་རྩེད་མཚར་གྱིས་ཚུལ་དུ་གསུང་ཞིང།དགོང་མོ་དེ་ལ་ན་ཚ་དང་སོགས་ཅི་ཡང་མེད་པར་སྐུའི་བཀོད་པ་བསྡུས་བའི་ཚུལ་བསྟན།    དམ་པ་ཁོང་ཉིད་བོད་སྐད་དང།
    དབྱིན་ཇིའི་སྐད་སོགས་ལ་མཁས་པ་ཡོད་པ་མ་ཟད།    སིངྒ་སྐད་ལ་མི་ཟད་པའི་མཁས་པ་ཡོད་ཕྱིར།    དེའི་སྐད་དུ་བསྟན་བཅོས་མི་འདྲ་བ་བཞི་བཅུ་ལྷག་བརྩམས་པ་དང།    བསྟན་བཅོས་དག་གི་ནང་དུ་རྫོགས་ལྡན་གྱི་དུས་དང།    དུས་སྙིགས་མ་གཉིས་ཀྱི་མི་འདྲ་བ་སྣ་ཚོགས་གསུང་ཡོད་པར་བཤད། ཁོང་ནི་སིངྒའི་ནང་བའི་རྒྱལ་ཁམས་དབྱིན་ཇིའི་ལག་ནས་རང་བཙན་གྱི་བརྩོན་ལེན་པ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཕྱིར།    སིངྒ་ལ་ལ་རང་བཙན་ཐོབ་རྗེས།    ཁོང་ལ་སིངྒ་ལའི་རྒྱལ་ཁམས་ཀྱི་རང་བཙན་བརྩོན་ལེན་པའི་ཆོ་ལོ་དང།    རྒྱལ་ཁམསགཞུང་གིས་སིངྒ་ལའི་དཔའ་བོ་དང།མཁས་བར་བརྩིས་ནས་མཆོད་བསྟོད་བྱས་པ་མ་ཟད།    ལྕགས་ཕག་གི་ལོ་ལ༼༡༩༧༡༽ཆེད་དུ་སིངྒ་ལ་གཞུང་གིས་ཁོང་གི་དུས་མཆོད་བསྟུན་སྤྲག་ཐམ་ཁོང་གི་སྐུ་པར་་ཞིག་ཀྱང་རྒྱལ་ཁམས་ཡོངས་སུ་བཀྲམས།    དེའི་ཕྱིར་ད་ལོའི་ཕྱི་ཟླ་གསུམ་པའི་ནང་དུའང་ཁོང་གི་བཞུགས་གནས་སིངྒ་ལའི་ནུབ་ཀྱི་ཕ་ན་ངྷོ་ར་(Panadura)ཡུལ་གྱི་ཝ་ར་གཱ་ཧ་གཙུག་ལག་ཁང་དུ་(the Weeragaha Temple) དགོན་པ་རུ་ཁོང་ལ་ཆེད་དུ་འགྲེམས་སྟོན་ཁང་ཞིག་ཀྱང་བཙུགས་ནས།ཁོང་གི་ཕྱག་དེབ་སོགས་བཀྲམས་ཡོད་པའི་པའི་སྐད་ཆ་འདུག།    ཁོང་གིས་དུས་རྒྱུན་ཁོང་ནི་བོད་པ་ཞིག་ཡིན་པར་བཤད་བཞིན་ཡོད་པ་མ་ཟད།    ཁོང་གི་མཚན་གྱི་མདུན་དུ་བོད་ཀྱི་དགེ་སློང་མ་ཧཱན་ངྷ་ཞེས་བཏགས་ཡོད་པ་དང་། དུས་ནམ་ཡང་བོད་པའི་ནང་བ་ཞིག་ཡིན་སྙམ་པའི་ལ་རྒྱ་ཡོད་པར་བཤད།   དེང་གི་དུས་སུ་སིངྒ་བ་དག་གི་ཁྲོད་དུ།ཁོང་མི་ཤེས་བ་ཞིག་ཕལ་ཆེར་མེད་པ་ལྟ་བུ་འདུག་པ་དང་། བྱིས་པ་ཞིག་དག་གིས་ཀྱང་། ཁོང་གིས་བྲིས་བའི་སིངྒ་ལའི་རང་དབང་དང་རང་བཙན་མཚོན་པའི་སྙན་རྩོམ་དེ་ཚོ་དབྱངས་སུ་གྱེར་ནས་འདོན་པ་ཞིག་འདུག།
    དེ་བས་ས་བཅད་མ་སྟོང་ཙམ་ཞིག་གི་ཆེད་དུ་གངས་ཅན་པ་དག་གིས་ཡིན་རིང་དུ་བོར་པའི་བུ།    སྡེ་སྣོད་འཛིན་པའི་དགེ་སློང་ཆེན་པོ་བོད་མ་ཧཱན་ངྷའི་རྣམ་ཐར་མདོར་བསྡུས་གུར་གུམ་ཆུན་པོ་ཞེས་བྱ་བ་འདི་ནི་བོང་རྫིས་དོལ་བོ་ཡུལ་ནས་གུས་ཕུལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སིངྒ་ལའི་བོད་ཀྱི་ཉན་ཐོས་སྡེ་བའི་ལུགས་ཀྱི་དགེ་སློང་མ་ཧཱན་ངྷའི་རྣམ་ཐར་མདོར་བསྡུས།

2013-07-08 བོང་རྫི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།