ཀུན་ཕན་གསོ་རིག་ཆེད་ལས་༼དགར་དགེ༽ལས་སློབ་རགས་ཙམ་གླེང་བ།
དེ་ཡང་། གངས་ལྗོངས་བོད་ཀྱི་གསོ་བ་རིག་པ་ནི་བརྗོད་བྱ་དོན་གྱི་སྒོ་ནས་འཛམ་གླིང་
གསོ་རིག་སྣ་ཚོགས་ཀྱི་འབྱུང་ཁུངས་མཚོན་ཞིང་སྐལ་ལྡན་རྗེས་འཛིན་གྱི་གཞུང་ཕུན་སུམ་
ཚོགས་པ་ཞིག་ཡིན།
དེ་བཞིན་༼གཞུང་༽འདིའི་ཁོངས་སུ་རང་བྱུང་དང་། སྐྱེ་དངོས། བརྟག་དཔྱད། འཕྲོད་
བཅོས། སེམས་ཁམས། རྫས་འགྱུར། བཟོ་རྩལ། རྟེན་འབྲེལ། འཚོ་བཅུད་སོགས་ཚན་རིག་གི་
རང་བཞིན་ལྡན་པའི་རིག་པ་གང་མང་ཞིག་འདུས་ཡོད་པར་རྟེན་ལུས་ཅན་ཡོངས་ལ་སྨན་པའི་ཆེད་ལས་འགངས་ཆེན་ཞིག་དང་བཅུ་ཕྲག་བོད་ཀྱི་རིག་གནས་ཆེན་པོ་ལས་ནང་དོན་ཕུན་སུམ་ཚོགས་ཤོས་དེ་ཡིན།
སྤྱི་ལོའི་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུའི་འགོར་དགེ་བཤེས་ཉི་མ་ཚང་དང་
ཁོང་གི་ཐུགས་སྲས་གཙོ་བོ་དགར་དགེ་འོད་ཟེར་སོགས་ཀྱིས་རིག་གཞུང་དང་ལག་ལེན་
བསྡུར་ཞིང་།ཐུན་མོང་མ་ཡིན་པའི་ལས་རིགས་ལག་རྩལ་གསར་བ་སྟེ་མི་ཕྱུགས་ཀུན་ཕན་གྱི་
གསོ་རིག་ཆེད་ལས་འདི་ཡི་སྲོལ་ཕྱེ་ཞིང་གསར་སྤེལ་མཛད།
ལོ་རབས་བདུན་ཅུའི་ནང་དམངས་ཁྲོད་ནས་ཞིང་ཆེན་རིམ་པའི་བར་སྔོན་ཐོན་ཤེས་
རིག་ལག་རྩལ་གྱི་མཚན་སྙན་ཐོབ་པར་རྟེན།རྫོང་རིམ་པའི་རིག་གནས་ལག་རྩལ་སློབ་གྲྭ་དང་ཚན་རྩལ་སློབ་ཚོགས་བཅས་བཙུགས་ཤིང་ཤེས་རིག་ཚན་ཆུང་བཅུ་ཕྲག་ཁ་ཤས་སྒྲུབ།
ལོ་རབས་བརྒྱད་ཅུའི་ནང་གོང་གསལ་རྨང་གཞི་ལ་རྟེན་རྫོང་དང་ཁུལ་རིམ་པའི་ལས་
རིགས་སྣ་འཛོམས་སློབ་འབྲིང་ཞིག་སྒྲུབ་པ་དང་ཕྱུགས་ལས་བོད་སྨན་འབྲིང་རིམ་ཆེད་ལས་གྲ་སྒྲིག་འཛིན་གྲྭ་བསྡུ་འགོ་ཚུགས།
ལོ་རབས་དགུ་ཅུའི་ནང་དགར་དགེ་འོད་ཟེར་གཙོས་ཆེད་ལས་རིག་པའི་བསླབ་དེབ་
ཆ་ཚང་བཅོས་སྒྲིག་མཛད་པར་ཁུལ་རིམ་པའི་ཚན་རྩལ་གྲུབ་འབྲས་དང་བོ་ཐོབ་པའི་གཞིར། ཀྲུང་གོ་བོད་རིག་པའི་ལས་ཁུངས་ནས་གདེང་འཇོག་མཐོན་པོ་གནང་བ་དང་བཅས་འབྲིང་རིམ་ཆེད་ལས་དངོས་ཀྱི་ཚན་ཆུང་བཙུགས།
ཉིས་སྟོང་དུས་རབས་གསར་བའི་ནང་ཀྲུང་གོ་ཕྱུགས་ལས་སྨན་པའི་ཐུན་ཚོགས་ཀྱི་ཕུལ་
བྱུང་ཆེད་ལས་དང་ཞིང་ཆེན་རིམ་པའི་ཆེད་ལས་གཙོ་བོར་གྱུར། རྒྱལ་ཁབ་ཕྱུགས་སྨན་ཚན་
རིག་ཐུན་ཚོགས་ནས་སྔོན་ཐོན་ཆེད་ལས་དང་བསླབ་གཞི་སྐྱར་སྒྲིག་མཛད་པར་གྲུབ་འབྲས་ཁྱད་འཕགས་ཀྱི་མཚན་རྟགས་ཐོབ།
དེ་བཞིན་ཀྲུང་གོ་གསར་བའི་རིང་རྔ་བ་ཁུལ་གྱི་ལས་རིགས་སློབ་གྲྭ་ཡོད་དོ་ཅོག་གི་
ཐོག་མ་ཡིན་པའི་དམངས་ཁྲོད་བོད་ཀྱི་ལས་སློབ་འཛིན་གྲྭ་སྒྲུབ་པ་ནས་གཟུང་། ད་ལྟའི་བར་ལོ་ངོ་ལྔ་བཅུའི་རིང་(川﹑甘﹑青等)བོད་ཡུལ་མཐོ་སྒང་དུ་མི་ཕྱུགས་སྨན་པ་སོགས་ཤེས་རིག་ལག་རྩལ་རྐང་འཛིན་པ་སྟོང་ཕྲག་དུ་མ་བྱུང་བ་མ་ཟད།ཞིང་ཁུལ་མི་གཅིག་པའི་རྫོང་ཁུལ་སུམ་ཅུ་ལྷག་ལ་བོད་ལུགས་མི་ཕྱུགས་སྨན་ཁང་གི་གཞི་གཏིང་བ་དང་བོད་ཡིག་སློབ་གྲྭ་ཆུང་འབྲིང་བཅུ་ཕྲག་ཁ་ཤས་གསར་སྤེལ་བྱུང་།
དེ་ཡང་རྒྱལ་ཡོངས་སུ་ཐེངས་དང་པོ་ཡིན་པའི་རྣམ་གསར་ཆེད་ལས་འདིས་གངས་ཅན་བོད་ཀྱི་གསོ་རིག་འཐུས་ཚང་དང་དགེ་མཚན་མཚོན་པ་མ་ཟད། ཚན་རིག་རང་བཞིན་དང་མི་རིགས་ཁྱད་ཆོས་འབུར་དུ་ཐོན་ཞིང་བསླབ་ན་དོན་དང་སྤྱད་ན་ཕན་འབྲས་ལྡན་པའི་ཟི་ཁྲོན་རྔ་ཁུལ་༼དགར་དགེ༽ལས་སློབ་ཉི་མའི་གཟི་བྱིན་ཞེས་མི་རྣམས་ཀུན་ནས་མོས་པའི་
ལས་རིགས་སུ་གྱུར་བ་དེ་ལྟར་ལགས།
འདིར་ཡང་།དགར་དགེ་ལས་སློབ་ཉི་མའི་གཟི་བྱིན་དར་རྒྱས་ཀྱི་དགོས་པ་ལ་གཞིག་ཏེ་
རང་བྱུང་སྨན་རྫས་དཔེ་དངོས་དང་། སྔོ་སྨན་ལས་སྣོན། སྨན་རིགས་འདུལ་སྦྱོང་། ཞི་སྦྱོང་
བཟོ་སྦྱོར། ཕྱུགས་ནད་བརྟག་བཅོས། སྨན་ཁབ་བཟོ་སྐྲུན་ཁང་སོགས་ལག་རྩལ་ལག་ལེན་གྱི་
མཐུན་རྐྱེན་རགས་ཙམ་སྒྲུབ་ཅིང་ཡོད་པ་བཅས་དེ་ལྟར་ལགས།
རྩོམ་ཁུངས། ངེད་དྲ་བ།