འཕྲིན་ཕྲན་དང་བོད་ཡིག

1375839236508.jpg

དང་པོ། འཕྲིན་ཕྲན་དང་འབྲེལ་ནས་ནང་ཁུལ་སྐད་ཆ་བཤད་ན།

འཕྲིན་ཕྲན་ནི་ཐེང་ཤུན་ཚད་ཡོད་སྤྱི་གཉེར་ཁང་གིས་སྤྱི་ལོ་༢༠༡༡ལོའི་ཟླ་༡ཚེས་༢༡ཉིན་ཕྱི་ཕྱོགས་ལ་བཀྲམས་པའི་གླེང་མོལ་གཉེན་ཆས་ཤིག་རེད། སྤྱི་གཉེར་ཁང་དེའི་བདག་པོ་ནི་མཱ་ཧཱ་ཐེང་དང་། འཕྲིན་ཕྲན་གསར་སྤེལ་ཚོགས་ཆུང་གི་འགན་ཁུར་བ་ནི་ཀྲང་ཆོའུ་ལུང་(张小龙)རེད། སྤྱི་གཉེར་ཁང་དེ་མཱ་ཧཱ་ཐེང་གིས་བཙུགས་པས། དེའི་མིང་ལའང་། ཐེང་ཤུན་ཞེས་བཏགས་པ་ཡིན་བཟོ་འདུག གང་ལྟར། ཁྱེའུ་འཕྲིན་ཟེར་མོ་དང་། དེ་ནང་བཞིན། ཐེང་ཤུན་བརྙན་རིས་དང་། ཐེང་ཤུན་རོལ་རྩེད། ཐེང་ཤུན་གསར་འགྱུར་ལ་སོགས་པ་ཚང་མ་ཁོ་ཚང་གི་རེད། ད་ལྟའི་རྒྱ་ནང་དུ། བོད་ཡིག་འབྲེལ་ཡོད་ཀྱི་ཁྲོམ་རྭ་མང་དག་ཅིག་ཚོགས་པ་དེས་ཟིན་ནས་ཡོད་རེད་ལ། དེ་རིང་ཁ་སང་། བོད་པ་མི་རེ་ངོ་རེ་ལ་འཕྲིན་ཕྲན་རེ་ཡོད་ངེས་ལ། ཚང་མས་འཕྲིན་སྟེགས་གང་ལ་གང་ཙམ་ཞིག་ཀྱང་དོ་ཁུར་བྱས་ཡོད་རེད། དེར་བརྟེན་བོད་ཡིག་བོད་སྐད་དང་འབྲེལ་བའི་བརྙན་མང་པོ་ཞིག་ཀྱང་། ཐེང་ཤུན་བརྙན་རིས་ནང་མ་སྐྱེལ་རང་སྐྱེལ་ཆགས་ཡིད་རེད། རྒྱུ་མཚན་གང་ཡིན་ཟེར་ན། འཕྲིན་ཕྲན་གྱི་འཕྲིན་སྟེགས་ནང་དྲ་བ་གཞན་དག་གི་བརྙན་སོགས་བསྐུར་ཐབས་མེད་པ་རེད།

སྤྱི་ལོ་༢༠༡༣ལོའི་ཟླ་༡༡ལ། སྤྱོད་མིའི་ཐོ་འགོད་ཀྱི་གྲངས་ཚད་དེ་དུང་ཕྱུར་༦ལས་བརྒལ་ནས་ཁོ་ཉིད་ཨེ་ཤེ་ཡའི་ས་ཁུལ་དུ་སྤྱོད་མཁན་མང་ཤོས་ཀྱི་སྒུལ་བདེའི་འཕྲིན་གཏོང་མཉེན་ཆས་ཤིག་ཏུ་གྱུར།

༢༠༡༥ ལོའི་དཔྱིད་གསར་དུས་ཆེན་རིང་། འཕྲིན་ཕྲན་ཚང་ནས་ཚོང་ལས་སྡེ་ཚོགས་ཁ་ཤས་དང་མཉམ་འབྲེལ་ཐོག་"ཤོག་ཆག་གཡུག་གཡུག་"ཅེས་པའི་བྱེད་སྒོ་ཞིག་སྤེལ་ནས་དངུལ་སྨར་ཤོག་ཆག་སྒོར་དུང་ཕྱུར་༥ལྷག་ཙམ་གཡུག་པ་རེད།

༢༠༡༥ལོའི་ཟླ་༦ཚེས་༣༠ཉིན། ཐེང་ཤུན་གྱིས་སྒོར་དུང་ཕྱུར་༡༧.༦གི་མ་དངུལ་བཏང་ནས་ཀོང་ཀྲོའུ་ཕཱ་ཀྲོའུ་(广州琶洲)རུ་འཕྲིན་ཕྲན་སྤྱི་ཁྱབ་ལས་ཁུངས་བཙུགས།

༢༠༡༦ ལོའི་ཟླ་༣ཚེས་༡ཉིན་ནས་བཟུང་། འཕྲིན་ཕྲན་དུ་དངུལ་སྒྱུར་དུས་ལ་འགྲོ་ལུགས་གླ་དངུལ་ལེན་མཚམས་བཞག་ནས། དུས་མཚུངས་དངུལ་སྨར་ལེན་པ་ལ་འགྲོ་ལུགས་གླ་དངུལ་ལེན་འགོ་ཚུགས་པ་རེད།

༢༠༡༦ ལོའི་ཟླ་༣ཚེས་༡༠ཉིན། འཕྲིན་ཕྲན་གཞུང་ཕྱོགས་ནས་"ཁེ་ལས་འཕྲིན་ཆུང་"ཀྱི་འབྲེལ་ཡོད་ཞིབ་ཆའི་དོན་ཚན་ཐོག་མར་ཡོངས་བསྒྲགས་བྱས་ཤིང་། ཟླ་༤ཚེས་༡༨ཉིན། གཉེན་ཆས་ནོར་མཛོད་(应用宝)བརྒྱུད་ནས་ཨན་སྒྲོལ་གྱི་པར་གཞི་བཀྲམས།

དེ་རྗེས་སུ། ཁོ་ཚོས་རྒྱལ་སྤྱིའི་ཁྲོམ་རྭའི་ནང་དུ་འཛུ་བའི་རྩིས་བརྒྱབ་ནས། སྤྱི་ལོ་༢༠༡༢ལོའི་ཟླ་༤ཚེས་༡༩ཉིན། འཕྲིན་ཕྲན་པར་གཞི་གསར་པ་༤.༠བཏོན། དེའི་ནང་། དབྱིན་ཡིག་གི་པར་གཞིའི་མིང་ལ་Wechatཞེས་བསྒྱུར། ཡིན་ནའང་། རྒྱལ་སྤྱིའི་ཐོག འཕྲིན་ཕྲན་ལས་བདེ་འཇགས་ཚ་ལ། སྟབས་བདེ་བའི་གླེང་མོལ་གཉེན་ཆས་Skypeདང་། Talkདང་། Whatsappསོགས་ཡོད་པས། འཕྲིན་ཕྲན་ལ་མོས་སེམས་དེ་ཙམ་མེད་པར་མ་ཚད། ཐེ་ཝན་གཞུང་ཕྱོགས་ནས་ཀྱང་། "འཕྲིན་ཕྲན་དེ་རྒྱ་ནག་གི་རེད། དེ་བེད་སྤྱོད་བཏང་སོང་ན། ཆ་འཕྲིན་ལ་བདེ་འཇགས་ཟེར་བ་ཡེ་ནས་མེད་པས། གཞུང་འབྲེལ་ལས་བྱེད་ཚོས་བེད་སྤྱོད་མ་བཏང་ན་ཡག་"ཅེས་པའི་གསལ་བརྡ་ཡང་བཀྲལ་ཡོད་སྐད་ལ། བཙན་བྱོལ་བོད་གཞུང་ནང་དུའང་། འཕྲིན་ཕྲན་བེད་སྤྱོད་གཏོང་མཚམས་འཇོག་པའི་ལས་འགུལ་རབས་དང་རིམ་པ་ཡོད་སྐད། དེའང་བདེན་ཏེ། འཕྲིན་ཕྲན་ལ་གསང་དོན་ཟེར་བ་ཡེ་ནས་མེད་ལ། མ་ཟད། ཡོད་པའི་རེ་བ་ཡང་མེད། འོན་ཀྱང་། གཉེན་ཆས་དེ་བོད་ཡུལ་དུ་ཁྱབ་རྒྱ་ངེས་ཅན་ཡོད་པས། དེ་སྤྱོད་མཚམས་ཞོག་ཟེར་ན་དོན་དངོས་དང་མི་མཐུན་སྙམ། བཙན་བྱོལ་བོད་པ་ཚོ་ནི། དབྱིན་སྐད་ལ་བྱང་ཆ་ཅན་རྐྱང་ཡིན་པས། འཕྲིན་ཕྲན་གྱི་ཐལ་བ་འགམ་དགོས་མེད་ཀྱང་། འཕྲིན་ཕྲན་དེ་བོད་ནང་དུ་བེད་སྤྱོད་ཤུགས་ཆེན་ཡོད་པས། ཁོ་ཚོ་ཡང་། བེད་སྤྱོད་མ་བཏང་རང་བཏང་གི་ཚད་དུ་སླེབས་ཡོད་པ་རེད། དོན་དངོས་ཐོག འཕྲིན་ཕྲན་དེ་རྒྱ་ནང་རྒྱལ་སྤྱི་གང་གི་ཐོག་ཏུ་གནས་བབས་ངེས་ཅན་ཟིན་པ་དེའང་། ཚང་མ་རྒྱ་རིགས་བློ་མཐུན་གྱི་མི་འབོར་མང་བས་བསྐྱེད་པ་རེད་སྙམ། མི་འབོར་ནི་ཧ་ཅང་གནད་འགག་ཅན་ཞིག་རེད་ལ། ཐ་ན། རྒྱ་གར་རང་བཙན་ཐོབ་དོན་ཡང་། དབྱིན་ཇི་རྣམས་དེ་ཙམ་ཀླ་ཀློ་མིན་པའི་སྒང་ལ། ད་དུང་གནད་འགག་གཅིག་ནི་རྒྱ་མིའི་མི་འབོར་མང་བས་རེད་སྙམ། མི་འབོར་ཉུང་སོང་ན། སྟོབས་ཤུགས་ཀྱང་དེ་ཙམ་མེད་ངེས་ཏེ། སོག་པོ་དང་། ཡུ་གུར། བོད་སོགས་ཀྱི་གནས་བབས་ལ་ལྟས་ན་གསལ་ལྷང་ངེར་ཤེས་ཀྱི་རེད།  གལ་སྲིད་བོད་ཀྱི་མི་འབོར་མང་ཙམ་ཡོད་ན། འཕྲིན་ཕྲན་བེད་སྤྱོད་གཏོང་མཁན་ཡང་དེ་ཙམ་གྱིས་མང་བས། ང་ཚོས་བོད་ཡིག་འཇོག་རོགས་ཞེས་ལབ་མི་དགོས་པར། ཁོ་ཚོས་རང་འགུལ་ནས་བོད་ཡིག་འཇོག་ངེས་རེད། དེ་ནི་མི་འབོར་གྱི་གནས་ཚུལ་རེད། འགྱུར་བ་གཏོང་དུ་མེད་པ་རེད། མ་གཞི་ནས། བོད་ཀྱི་ཕོ་གསར་མོ་གསར་མང་ཆེ་བ་ནི་ཚད་མ་རིག་པ་དང་། ནང་རིག་པ་རྐྱང་སྦྱང་ལ་སོང་ནས། རིག་གནས་ཀྱི་སྡེའི་འབོར་ཚད་མང་པོ་ཡོད་ནའང་། ཁྱིམ་ཚང་མི་ཟིན་ལ། རྒྱོ་ཡང་མི་རྒྱག་པས། ང་ཚོ་ལ་མི་འབོར་གྱི་གནས་ཚུལ་དོན་པ་རེད་སྙམ། མ་གཞི་མི་འབོར་གྱི་གྲངས་ཚད་དེ་དགོན་པའི་སློབ་གསོ་གཅིག་པུ་ལ་ཁ་དཀྲི་ས་མེད་དེ། འབྲོག་སྡེ་དང་། ཞིང་སྡེ་བསྡུར་ན། འབྲོག་པའི་མི་འབོར་ལྡབ་ཀྱིས་ཉུང་བས། བོད་དུ་འབྲོག་སྡེ་ནི་ཧ་ཅང་མང་། འོན་ཀྱང་། མི་འབོར་ཧ་ཅང་མང་བའི་ཞིང་སྡེའང་ཡོད་དེ། གཙང་དང་། ལྷོ་ཁའི་ཕྱོགས་རེད། ཁོ་ཚོའི་ཤང་གཅིག་གི་མི་འབོར་དེ། འབྲོག་ལས་གཉེར་མཁན་གྱི་འདམ་གཞུང་རྫོང་གཅིག་གི་མོ་འབོར་ལས་མང་རབས་འདུག དེར་བརྟེན། གཙང་དང་ལྷོ་ཁ་ལ་མིག་མང་ཙམ་ལྟ་རྒྱུ་གལ་ཆེ་སྙམ།

གཉིས་པ། འཕྲིན་ཕྲན་བོད་སྒྱུར་གྱི་ལས་འགུལ།

སྤྱི་ལོ་༢༠༡༣ལོའི་ཟླ་༦ཚེས་༥ཉིན། བོད་ཀྱི་རིག་གནས་པའི་ཟིན་བྲིས་དྲ་བའི་ནང་དུ། དྲ་མིང་བུན་ཕྲེང་ཚེ་བརྟན་བྱ་བས་འཕྲིན་ཕྲན་བོད་བསྒྱུར་སྐོར་གྱི་ཟིན་བྲིས་ཤིག་བཏོན་པ་རེད། བོད་བསྒྱུར་འཕྲིན་ཕྲན་དེའི་མ་ལག་ནི་༤.༥.༡ཡིན་པ་དང་། དེའི་ནང་། ཡིག་བསྒྱུར་ཐད་ནོར་འཁྲུལ་མང་དག་ཅིག་ཡོད་པ་ལས་གཞན་སྤུས་དག་པོ་ཡོད་རེད། སྤྱི་ལོ་༢༠༡༤ལོའི་ཟླ་༡༡ཚེས་༡༤ཉིན། བུན་ཕྲེང་ཚེ་བརྟན་(ཡིག་བསྒྱུར་བྱ་མཁན་དང་། གཉེན་ཆས་བཟོ་མཁན་དེ་ཁོང་རང་ཉིད་ཡིན་པ་མ་ཤེས་ཀྱང་། ཟིན་བདག་བུན་ཕྲེང་ཚེ་བརྟན་ནི་ཧ་ལམ་གློག་བརྙན་སྒྱུ་རྩལ་ལ་དད་པོ་ཡོད་པ་འདྲ་སྟེ། ཁོང་གི་ཟིན་བྲིས་མང་དག་ཅིག་ནི་གློག་བརྙན་གྱི་སྐོར་ཤ་སྟག་རེད་འདུག་)གྱིས་ཡང་བསྐྱར་བོད་བསྒྱུར་བྱས་ཟིན་པའི་འཕྲིན་ཕྲན་མ་ལག་༦.༠གི་གཉེན་ཆས་བཏོན་པ་དང་། དེའི་ནང་། སྔོན་མ་དང་མ་འདྲ་བར། ཡིག་བསྒྱུར་ཐད་ལ་དག་བཅོས་མང་པོ་བྱས་ཡོད་པ་འདྲ།

འཕྲིན་ཕྲན་བོད་བསྒྱུར་གྱི་མ་ལག་དོན་ཡོད་ནའང་། གཉེན་ཆས་དེ་དག་ཚང་མ་ཐེང་ཤུན་ཚང་ནས་ཁས་ལེན་མི་ཐོབ་པས། བོད་བསྒྱུར་འཕྲིན་ཕྲན་གྱི་གཉེན་ཆས་དེ་བེད་སྤྱོད་བཏང་སོང་ན། འཕྲིན་ཕྲན་ཚང་ནས་ཟིལ་གནོན་གྱི་བརྡ་བསྐུར་ནས་"ཁྱེད་ཀྱི་གཉེན་ཆས་དེ་ཐེང་ཤུན་གཞུང་ཕྱོགས་ཀྱིས་སྤེལ་བའི་ཚད་ལྡན་མ་ལག་རེད་མིན་འདུག གལ་སྲིད་ད་དུང་མུ་མཐུད་ནས་བེད་སྤྱོད་བཏང་ན། ཁྱེད་ཀྱི་འཕྲིན་ཕྲན་གྱི་ཐོ་བཀག་པའི་ཉེན་ཁ་ཡོད་"ཅེས་ལབ་ལེ་རེད། ཁྱེད་ཀྱིས་གསུངས་དང་། འཕྲིན་ཕྲན་གྱི་ཐོ་བཀག་པའི་ཉེན་ཁ་ཞིག་འཁྱེར་ནས་ད་རུང་བོད་སྒྱུར་གཉེན་ཆས་དེ་བེད་སྤྱོད་གཏོང་ནུས་མཁན་ཡོད་དམ། ཡོད་མ་རེད། ད་དུང་། མང་ཆེ་བ་རྒྱ་སྐད་ཤེས་མཁན་རྐྱང་རེད། འོན་ཀྱང་། འཕྲིན་ཕྲན་བོད་བསྒྱུར་དེ་རྒྱ་སྐད་མི་ཤེས་མཁན་གཅིག་པུ་ལ་དམིགས་པ་ཞིག་མ་ཡིན་པར། བོད་མི་ཡོངས་ཀྱིས་སྐད་ཡིག་བེད་སྤྱོད་ལ་དམིགས་པ་ཞིག་རེད། "རྒྱ་སྐད་མི་ཤེས་ལ་དམིགས་ནས་གང་གང་བྱ་དགོས་"ཞེས་སྐད་ཆ་དེ་དག་ལབ་མཁན་ནི་སྐད་ཡིག་བདག་དབང་གི་གནད་ཧ་མ་གོ་བས་རེེད། རྒྱ་སྐད་མི་ཤེས་མཁན་གྱི་བོད་པ་གཅིག་ཀྱང་མེད་ཀྱང་། སྔར་བཞིན་བོད་སྐད་ལབ། བོད་ཡིག་སྤྱོད་རྒྱུ་ནི་ང་ཚོའི་ངོ་བོ་རེད། ཚད་གཞི་རེད།

དེ་འདྲ་ཡིན་དུས། འཕྲིན་ཕྲན་བོད་སྒྱུར་གྱི་ལས་ཀ་དེའི་ཁ་ཕྱོགས་ཤིག་མ་བསྒྱུར་ན། ཕམ་ཁ་ཞིག་རག་རྒྱུ་ཉག་ཅིག་རེད། ལམ་ཁ་ག་འདྲ་ཞིག་ཟེར་ན། དེ་སྔོན་ཡི་གེ་བསྒྱུར་ནས་བོད་སྒྱུར་འཕྲིན་ཕྲན་མཉེན་ཆས་ཤིག་བཟོ་ཐབས་བྱ་གི་ཡོད་པ་དང་། ད་རེས་ནི། མཉེན་ཆས་བཟོ་རྒྱུ་དེ་ཕར་བཞག་ནས། བོད་ཡིག་ཁོ་རེ་རང་དེ་ཉིད་འཕྲིན་ཕྲན་གྱི་གཞུང་ཕྱོགས་གཉེན་ཆས་ཀྱི་སྐད་ཡིག་སྣ་མང་ནང་བཅུག་ཐབས་བྱ་རྒྱུ་དེ་རེད། མ་ཟད། ༢༠༡༥ཙམ་ནས་མི་མང་པོས་དེ་ཕྱོགས་ལ་ཀི་འབོད་རྒྱག་གིན་ཡོད་རེད།

དང་ཐོག་འཕྲིན་ཕྲན་གྱི་སྐད་ཡིག་སྣ་མང་ནང་བོད་ཡིག་འཇོག་དགོས་པ་ཞེས་པའི་ཀི་འབོད་རྒྱག་མཁན་གྱི་འཕྲིན་སྟེགས་དག་ནི།

དུང་ཆུང་འཕྲིན་སྟེགས་(xiaolaba4424)
ལུག་ཚང་དཔལ་ཡོན་(TBsheep)
ཤེར་བསྟན་གླུ་གཞས་འཕྲིན་སྟེགས(xiedan2013)
ཉིང་ཁྲིའི་འཕྲིན་སྟེགས་(linzhiweixin520)
ཡིད་འོང་བླ་བྲང་(CNyxIbI)བཅས་རེད།

ཁོ་ཚོས་དྲ་འབུས་འདེམས་ཤོག་འཕེན་པའི་ཐབས་ལམ་བརྒྱུད་ནས་བོད་ཡིག་ལ་ཁྲོམ་རྭ་འདི་ཡོད་ཅེས་ཐེང་ཤུན་ལ་ལབ་རྩིས་ཡོད་ནའང་། དེ་ལ་བོད་ཀྱི་དྲ་འབུ་ཚོས་དོ་སྣང་མང་པོ་བྱས་མེད་པ་དང་། འཕྲིན་ཕྲན་གཞུང་ཕྱོགས་ཀྱིས་ཀྱང་། བོད་ཡིག་སྤྱོད་མི་ལ་ཐུགས་ཁུར་ཟེར་བ་ཡེ་ནས་མེད་པས། ལས་འགུལ་དེ་ལམ་ལྷོང་བྱུང་ཡོད་མ་རེད། དེ་བཞིན། ལུག་རིན་པོ་ཆེ་དང་བཅས་པའི་མི་མང་པོས་"འཕྲིན་ཕྲན་གྱི་སྐད་ཡིག་སྣ་མང་ནང་བོད་ཡིག་འཇོག་རོགས་"ཞེས་ཐེང་ཤུན་ཚང་ལ་ཡར་ཞུ་མང་པོ་བྱས་ནའང་། ཁོ་ཚོས་ཨ་ལན་ཞིག་ཡེ་ནས་མ་སློག་པ་རེད། དེ་སྔ་ཙམ་ལ། སྐད་ཡིག་གཅིག་གྱུར་ཞེས་པའི་འཕྲིན་ཕྲན་ཚོགས་པ་ཞིག་གི་ནང་། འཕྲིན་ཕྲན་གྱི་སྐད་ཡིག་ཏུ་བོད་ཡིག་འཇོག་ཐབས་ཐད་ལ་སྐད་ཆ་མང་པོ་བྱུང་བ་དང་། ཚོགས་གཙོས་ཟེར་ན། ཡིག་བསྒྱུར་ཐད་ལེགས་སྒྲུབ་ཡག་པོ་བྱུང་ན། གཞུང་ཕྱོགས་འཕྲིན་ཕྲན་ནང་བོད་ཡིག་འཇོག་རྒྱུ་བཀའ་ལས་མ་རེད་ཟེར། དེ་དུས་ལུག་རིན་པོ་ཆེ་ཡང་ཡོད་རེད། ཁོ་རང་གི་བསམ་ཚུལ་བྱས་ན། ཡིག་སྒྱུར་གྱི་ཚད་དེ་གནད་དོན་མ་ཡིན་པར། ཐེང་ཤུན་གཞུང་ཕྱོགས་ཀྱི་རྣམ་འགྱུར་དེ་གཙོ་བོ་རེད། བོད་ཡིག་ལ་ཁྲོམ་རྭ་དང་། བོད་ཡིག་སྤྱོད་མཁན་མང་པོ་ཡོད་ནས། དེའི་རྐྱེན་པས་ཐེང་ཤུན་ཚང་ལའང་། ཁེ་ཏོག་ཙམ་ཡོད་ངེས་པས། བོད་ཡིག་བཅུག་རྒྱུ་ལ་རེ་བ་ཡོད་རེད་ཟེར།

ད་དུང་། "གལ་སྲིད་ཐེང་ཤུན་ནས་འཕྲིན་ཕྲན་སྐད་ཡིག་ནང་བོད་ཡིག་བཅུག་པའི་བསམ་བློ་ཡོད་ན། ཁོ་ཚོ་ལ་འཕྲིན་ཕྲན་མ་ལག་རེ་རེ་གསར་སྒྱུར་སྐབས་ཀྱི་ཡིག་བསྒྱུར་སྡེ་ཚོགས་ཤིག་དགོས་པ་དང་། ད་དུང་། བོད་ཡིག་ཐད་ལས་ཀ་བྱ་མཁན་གྱི་ལས་མི་ཡང་བསྡུ་ངེས་རེད། ཡིན་ནའང་། ད་བར་དུ། ཁོ་ཚོ་ལ་བསམ་བློ་དེ་མེད་པ་འདྲ་"ཞེས་ལུག་རིན་པོ་ཆེ་དགེན་ཡེ་ཤེས་བསྟན་འཛིན་གྱིས་གསུངས་བྱུང་།

གསུམ་པ། ད་རེག་སྤྱི་ལོ་༢༠༡༦ལོའི་ཟླ་༦པའི་བར་དུ། འཕྲིན་ཕྲན་གྱི་སྐད་ཡིག་སྣ་མང་ནང་། རྒྱའི་ཡིག་རིགས་གསུམ་ཚུད་པའི་སྐད་ཡིག་༢༢ཙམ་ཡོད་པ་རེད།

རྒྱ་ཡིག་གཤར་མ་(རྒྱ་ནག་སྐམ་ས་)
རྒྱ་ཡིག་གཟབ་མ་(ཧོང་ཀོང་)
རྒྱ་ཡིག་གཟབ་མ་(ཐེ་ཝན་)
དབྱིན་ཡིག
ཧིན་རྡུ་ཉི་ཞི་ཡའི་སྐད་ཡིག
མ་ལ་ཞི་ཡའི་སྐད་ཡིག
སི་ཕེན་གྱི་སྐད་ཡིག
ཁོ་རེ་ཡའི་སྐད་ཡིག
ཉི་ཧོང་གི་སྐད་ཡིག
ཨི་ཐ་ལིའི་སྐད་ཡིག
ཕོ་ལན་གྱི་སྐད་ཡིག
པོར་ཅུ་གལ་གྱི་སྐད་ཡིག
ཨུ་རུ་སུའི་སྐད་ཡིག
གསེར་ལྡན་རྒྱལ་ཁབ་ཀྱི་སྐད་ཡིག
ཝེད་ནམ་གྱི་སྐད་ཡིག
ཨ་རབ་ཀྱི་སྐད་ཡིག
རྒྱ་གར་གྱི་སྐད་ཡིག
ཡ་ཧུ་ད་པའི་སྐད་ཡིག
ཏུར་ཀེའི་སྐད་ཡིག
འཇར་མན་གྱི་སྐད་ཡིག
ཧྥ་རན་སིའི་སྐད་ཡིག་བཅས་རེད།

བོད་ཡིག་དང་ཆ་འདྲ་བ་ལ། ཡུ་གུར་གྱི་འཕྲིན་ཕྲན་པར་གཞིའི་གཉེན་ཆས་ཀྱང་ཡོད་པ་དང་། སོག་ཡིག་ཅན་ཡོད་ཀྱང་ངེས། ཡུ་གུར་སྐད་ཡིག་དང་། སོག་ཡིག་གི་ལས་དབང་ནི་བོད་དང་ཆ་འདྲ་བར་ཚང་མ་འཇིག་ལ་ཁད་དུ་ལུས་ཡོད་པ་དང་། ཚང་མ་ཡིན་ཁྱབ་མཉམ་དུ་རྒྱུ་བསྒྱུར་གྱི་ཡོ་ལང་ནང་ཚུད་ཡོད་རེད། ལས་དབང་གཅིག་ཡིན་པའི་ངོས་ནས། འཕྲིན་ཕྲན་སྐད་ཡིག་ནང་། ཡུ་གུར་དང་། སོག་ཡིག་གི་པར་གཞི་བཅུག་དགོས་པའི་བསམ་འཆར་དང་། ཀི་འབོད་རྒྱག་རྒྱུ་གལ་ཆེ་སྙམ།

བཞི་པ། དེ་སྔོན་བོད་བསྒྱུར་འཕྲིན་ཕྲན་གྱི་མཉེན་ཆས་ཁག་དང་། ད་ལྟའི་བོད་ཀྱི་དྲ་ལམ་སྤྱི་ཚོགས་ནང་རྒྱུགས་བཞིན་པའི་འཕྲིན་ཕྲན་བོད་སྒྱུར་གྱི་ཐ་སྙད་རྣམས་རགས་ཙམ་བཀོད་ན།

微信;འཕྲིན་ཕྲན།
搜索;འཚོལ་བཤེར།
文章;རྩོམ་ཡིག
通讯录;འཕྲིན་དེབ།
发现;གསར་སྤེལ།  
我;ང་།
退出;ཕྱིར་ལྡོག

[语音];སྐད།
[图片];པར།  
[视频];བརྙན།
[小视频]བརྙན་ཐུང་།
[红包];ཤོག་ཆག
[音乐];གཞས།
[表情];པར་ཡིག
[动画表情]འགུལ་རྣམ་པར་ཡིག
[链接];སྦྲེལ་མཐུད།

新的朋友;དྲ་གྲོགས་གསར་པ།
群聊;འཕྲིན་ཕྲན་ཚོགས་པ།
标签;གདོང་མཛར།
公众号;འཕྲིན་སྟེགས།  
订阅号;ཀློག་འདོན་སྟེགས་བུ།
企业号;ཁེ་ལས་སྟེགས་བུ།
星标朋友;སྐར་རྟགས་དྲ་གྲོགས།

添加朋友;དྲ་གྲོགས་སྣོན་པ།
等待验证;ར་སྤྲོད་སྒུག་པ།  
已添加;སྣོན་ཚར།
添加;སྣོན་པ།
邀请;གདན་ཞུ།

二维码;འཚོལ་བཤེར་པར་རིས།
名片;་མིང་བྱང་།
条码;ཐིག་རིས་ཀྱི་ཨང་རྟགས།
收付款;དངུལ་སྤྲོད་ལེན།

朋友圈;གྲོགས་ཚོམས།
扫一扫;བཤེར་བཤེར།
摇一摇;གཡུག་གཡུག
附近的人;ཉེ་འགྲམ་གྱི་མི།
购物;ཉོ་སྒྲུབ།
游戏;རོལ་རྩེད།

清空;གཙང་སེལ།
全文;ཡི་གེ་ཆ་ཚང་།
收起;ཡར་བསྡུ།
评论;ཞབས་མཆན་འགོད་པ།
赞;སྙིང་གཟུགས་བསྟེར་བ།

相册;པར་ཁུག
收藏;ཉར་ཚགས།
钱包;དངུལ་ཁུག
设置;སྒྲིག་འགོད།
我的相册;ངའི་པར་ཁུག
地理位置;གནས་ཡུལ།
粘贴;སྦྱོར་བ།
文件;ཡིག་ཆ།
我的钱包;ངའི་དངུལ་ཁུག
微信安全支付;འཕྲིན་ཕྲན་གྱི་བདེ་འཇགས་རྩིས་རྒྱག
零钱;དངུལ་སིལ་མ།
银行卡;དངུལ་བྱང་།
刷卡;བྱང་བུ་དྲུ་བ།
转账;དངུལ་བསྒྱུར་བ།
手机充值;ཁ་པར་དུ་དངུལ་བླུག་པ།
理财通;ནོར་འཛིན་ཀུན་ཤེས།
生活缴费;འཚོ་བའི་འགྲོ་སོང་རྩིས་རྒྱག
信用卡;ཡིད་རྟོན་བྱང་བུ།
腾讯公益;ཐེང་ཤུན་ཀུན་ཕན།

标注;ཟུར་མཆན།
地区;ས་ཆ།
更多;དེ་ལས་མང་བ།
发消息;ཡི་གེ་བསྐུར་བ།
视频聊天;བརྙན་ལམ་ཁ་བརྡ།
投诉;ཐེར་འདོན།
聊天文件;གླེང་མོལ་ཡིག་ཆ།

账号和安全;ཐོ་དང་བདེ་འཇགས།
脸书;ངོ་དེབ།
邮箱地址;ཡིག་སྒམ་ས་གནས།
声音锁;སྐད་ཆའི་སྒོ་ལྕག
账号保护;ཐོ་སྲུང་སྐྱོབ།
微信密码;འཕྲིན་ཕྲན་གྱི་གསང་ཨང་།
微信安全中心;འཕྲིན་ཕྲན་གྱི་བདེ་འཇགས་ལྟེ་གནས།

以保护;སྲུང་སྐྱོབ་བྱེད་ཚར།
编辑;རྩོམ་སྒྲིག
取消;རྩིས་མེད།
确认;གཏན་འཁེལ།
完成;ལེགས་སྒྲུབ།

新消息通知;འཕྲིན་གསར་བརྡ་སྦྱོར།
开启;ཁ་ཕྱེ།
关闭;ཁ་རྒྱག
声音;སྐད།
震动;འབིར།

通用;རྒྱུན་སྤྱོད།
多语言;སྐད་ཡིག་སྣ་མང་།
保存;ཉར་བ།
字体大小;ཡིག་གཟུགས་ཆེ་ཆུང་།
标准;ཚད་ལྡན།
浏览字体大小;ཡིག་གཟུགས་ཀྱི་ཆེ་ཆུང་ལ་ལྟ་བ།

设置;སྒྲིག་འགོད།
聊天背景;གླེང་མོལ་རྒྱབ་ལྗོངས།

拍一张;པར་གཅིག་ལེན།
使用照片;པར་བེད་སྤྱོད་པ།
我的表情;ངའི་པར་ཡིག
排序;གྲལ་སྒྲིག་པ།
移除;གསུབ་པ།

按住拍;མནན་ནས་བརྙན་ལེན་པ།
听筒模式;སྐད་སྦུག་ཉན་རྣམ།
功能;བྱེད་ནུས།
qq离线消息;qqདྲ་ཕྲལ་ཆ་འཕྲིན།
qq邮箱提醒;qqཡིག་སྒམ་གྱི་འཕྲིན་བརྡ།
语音记录本;སྐད་ཀྱི་ཟིན་ཐོ།

腾讯新闻;ཐེང་ཤུན་གསར་འགྱུར།
群发助手;སྡེབ་བསྐུར་ལག་རོགས།
视频聊天;གརྙན་ལམ་གླེང་མོལ།
语音输入;སྐད་བསྐུར་བ།
拍摄;པར་ལེན།
通讯录安全助手;འཕྲིན་དེབ་ཀྱི་བདེ་འཇགས་ལག་རོགས།

聊天记录;གླེང་མོལ་ནང་དོན།
上传;ཡར་སྐྱེལ།
下载;ཕབ་ལེན།

清理;གཙང་ཕྱག
存储空间;གསོག་ཉར་བར་སྟོང་།

帮助与反馈;རོགས་རམ་དང་ལན་སློག
关于微信;འཕྲིན་ཕྲན་གྱི་སྐོར།
系统通知;མ་ལག་བརྡ་སྦྱོར།
功能介绍;བྱེང་ནུས་འཚམས་སྦྱོར།

隐私;གསང་དོན།
通讯录黑名单;འཕྲིན་དེབ་ནག་པོ།
陌生人;ངོ་མི་ཤེས་པའི་མི།

头像;མགོ་པར།
名字;མིང་།
微信号;འཕྲིན་ཕྲན་ཨང་གྲངས།
手机号;ཁ་པར་ཨང་གྲངས།
我的二维码;ངའི་འཚོལ་བཤེར་པར་རིས།
个人名片;མི་སྒེར་གྱི་མིང་བྱང་།

会员卡;ཁོངས་མིའི་བྱང་བུ།
优惠卷;གཟིགས་སྐྱོང་སྒྲིལ་མ།
票卷;སྤ་སེ་སྒྲིལ་མ།
卡卷;བྱང་བུ་སྒྲིལ་མ།

分享;མཉམ་སྤྱོད།
换个样式;དཔེ་རིས་བརྗེ་བ།
我的地址;ངའི་སྡོད་གནས།
性别;ཕོ་མོ།
地区;ས་གནས།

个性签名;རང་གཤིས་མིང་རྟགས།
linkedln账号;ལིན་ཁེའི་ཐོ།
展示;སྟོན་པ།
完成;ལེགས་གྲུབ།
停用;སྤྱོད་མཚམས་འཇོག་པ།

ལྔ་པ། ཡིག་བསྒྱུར་སྐོར་ལ། སྐད་ཆ་ཉུང་ཉུང་ཞིག་ལབ་ན།

༡.སྔོན་དང་ཆེན་བཅོ་བརྒྱད་ལ། ང་ཚོས་འཕྲིན་ཕྲན་དང་། སྐད་འཕྲིན། འཕྲིན་ཆུང་གསུམ་གང་ཞིག་གཏན་ལ་ཕབ་འོས་མིན་སྐད་ཆ་བཤད་དུས། འཕྲིན་ཕྲན་ནི་གཞུང་ཕྱོགས་སམ་མཁན་ཚུལ་ཁྲིམས་བློ་གྲོས་ལགས་རྣམས་པས་ཁས་ལེན་བྱ་གི་ཡོད་པ་དང་། དགུ་རོང་སྤུན་གྲོལ་དང་། མང་ཚོགས་ནང་། སྐད་འཕྲིན་ཞེས་རྒྱུགས་ཆེ་གི་འདུག འཕྲིན་ཆུང་ནི་གཞུང་ཕྱོགས་ཀྱི་ཡིག་བསྒྱུར་ནང་དེ་སྔ་ཙམ་ལ་བསྒྱུར་བཞག་པ་ཡིན་ནའང་། བེད་སྤྱོད་གཏོང་མཁན་དང་། རྒྱ་ཁྱབ་དེ་ཙམ་མེད་པ་འདྲ། ང་རང་ནི་དང་པོ་ནས་འཕྲིན་ཕྲན་ཞེས་བོད་ལྗོངས་བརྙན་འཕྲིན་གྱི་དགོད་བྲོའི་གཏམ་གླེང་ནང་ཐོས་བྱུང་ལ། མཁན་ཚུལ་ཁྲིམས་བློ་གྲོས་ཕྱོགས་ནས་ཀྱང་། དེང་རབས་བརྡ་ཆད་སྐོར་ལ་དེབ་མང་ཙམ་རྩོམ་སྒྲིག་ཞུས་ཡོད་པས། ད་རེས་མང་ཚོགས་ནས་ཁོང་གི་བསྒྱུར་དེའི་རྗེས་སུ་རྒྱུགས་ན་སྙམ་ནས་"微信"ལ་འཕྲིན་ཕྲན་ཞེས་བྲིས་ཡོད།

༢.རྒྱ་ནག་སྐད་"表情"ལ་དངོས་གནས་བྱས་ན། རྣམ་འགྱུར་ཞེས་བསྒྱུར་དགོས་ནའང་། ང་རང་གི་ཕ་ཡུལ་དུ་དེ་ལ་"པར་ཡིག་"ཅེས་འཕྲིན་ཕྲན་ཚོགས་པ་ཁག་ཏུ་ཡོངས་གྲགས་ཟེར་སྲོལ་འདུག་པས། དེ་ཡང་བདེན་སྙམ་ནས་འཕྲིན་ཕྲན་ནང་"表情"ཟེར་ཚད་ལ་བོད་ཡིག་པར་ཡིག་ཅེས་བསྒྱུར་པ་ཡིན། གལ་སྲིད་སྤྱི་ལ་གནོད་སྐྱོན་ཡོད་རེད་སྙམ་ན། རྣམ་འགྱུར་ཞེས་དེ་ག་རང་ལ་བཞག་ནའང་འགྲིག

༣."二维码"ལ་འདིའི་ནང་འཚོལ་བཤེར་པར་རིས་ཞེས་བསྒྱུར་ཡོད་ནའང་། དོན་དངོས་ཐོག་རྒྱ་ཡིག་ཐད་བསྒྱུར་གྱིས་"རྩ་གཉིས་ཨང་རྟགས་"ཞེས་སྔ་ས་ནས་སྤྱི་ལ་རྒྱུགས་བཞིན་ཡོད་པས་དེ་ལ་གནོད་པ་བཟོས་སོང་ན་དགོངས་དག་ཞུ། ང་རང་གི་བསམ་ཚུལ་བྱས་ན། འཕྲིན་ཕྲན་ལ་སོགས་གཏན་ཚིགས་རང་བཞིན་ཅན་ལྟ་བུ་གལ་གནད་འགའ་མེད་དུས། ནམ་ཞིག་བེད་མེད་མཁོ་མེད་དུ་འགྱུར་ངེས་ཆེ་བས། གང་ཞིག་དོན་བསྒྱུར་བྱ་ཐུབ་ན་དགའ་ཤོས་རེད་སྙམ།

༤.འཕྲིན་ཕྲན་བརྡ་ཆད་"语音"དང་། "图片""视频"ལ་སྐད་མདངས་དང་། པར་རིས། བརྙན་རིས་ཞེས་ཟང་ཟིང་དུ་ཡོད་ཀྱང་། ངས་ནི་སྟབས་བདེའི་ཚུལ་དུ། སྐད་དང་། པར། བརྙན་ཞེས་བསྒྱུར་ཡོད་པ་ལ། དོན་དངོས་སུའང་དེ་ག་རང་རེད་སྙམ། དེང་སང་ང་ཚོས་འཕྲིན་ཕྲན་ནང་། སྐད་བསྐུར་ཤོག་དང་། པར་བསྐུར་ཤོག བརྙན་བསྐུར་ཤོག་ཅེས་ཟེར་གི་རེད་མ་གཏོགས། སྐད་མདངས་དང་། པར་རིས། བརྙན་རིས་སོགས་བསྐུར་ཤོག་ཅེས་ཡེ་ལབ་ཀི་མ་རེད། ལབ་པའི་དབང་དུ་བཏང་ཡང་། བཙན་སྦྱོར་ལྟ་བུ་ཞིག་ཏུ་སྣང་།

༥.འཕྲིན་ཕྲན་བདག་གཉེར་བྱེད་མཁན་གྱི་ཚོགས་པ་ནི། ཐེང་ཤུན་ཟེར་བའི་སྤྱི་གཉེར་ཁང་དེ་ཡིན་པ་དང་། ཡང་"腾讯"སྒྲ་བསྒྱུར་གྱི་སྐབས་སུ་བསྒྱུར་མང་པོ་ཞིག་ཡོད་ཀྱང་། ལ་ཏིན་སྒྲ་སྦྱོར་"tengxun"དེ་ཐད་ཀར་བོད་ཡིག་ལ་ཕབ་ན་དེ་ག་རང་གིས་འགྲིག་སྙམ། དེའི་ནང་། tནི་ཐ་དང་། eནི་ཨེ། ngནི་ང་། xནི་ཤ uནི་ཨུ། nནི་ན། དེ་ལྟར་ཐེང་ཤུན་ཞེས་ཏག་ཏག་བོད་ཡིག་ལ་ཕབ་ཐུབ་པ་རེད། ནམ་རྒྱུན་ང་ཚོས་"北京"ལ་པེ་ཅིང་དང་། པེ་ཅིན་གཉིས་ལས་གང་ཞིག་འཐུས་ཞེས་ཐེ་ཚོམ་ཡོད་པ་ལ། གོང་གི་བསྒྱུར་ཐབས་དེ་རང་སྤྱད་ན། "beijing"ལ་བོད་ཡིག་བསྒྱུར་དུ་པེ་ཅིང་ཡིན་པ་ངེས་ཤེས་སླེབས་སྲིད། འོན་ཀྱང་། དེང་སང་མང་པོ་ཞིག་གིས། ཐབས་དེ་བེད་མེད་དུ་བཞག་ནས་སྒྲ་མཐུན་པ་རང་ཞིག་བསྒྱུར་བ་ལ། ཡང་དེའི་བར་གསེང་ནས་འགལ་འཛོལ་མང་པོ་བྱུང་གིན་ཡོད་རེད། གང་ལྟར་ངས་ནི་ལྟབས་བདེའི་ཚུལ་ལ་བསམ་ནས། ཕབ་བསྒྱུར་བྱེད་ཐབས་དེ་ལ་མོས་པ་ཡོད།

དྲུག་པ། གནད་ཀྱི་སྐད་ཆ།

མི་སྒེར་གྱི་རེ་ཞུ་དང་། དྲ་བའི་ཀི་འབོད་ལ་ཁོ་ཚོས་ཁ་ཡ་མ་བྱེད་དུས། ལྗོངས་གཅིག་ཞིང་བཞིའི་འབྲེལ་ཡོད་སྐད་ཡིག་སྡེ་ཚན་ནས་དེའི་ཕྱོགས་ལ་ལག་པ་འཆང་ན། གནས་ཚུལ་མང་པོ་ཞིག་ཐག་གཅོད་ཐུབ་ངེས་རེད། སྐད་འཕྲིན་ནང་བོད་ཡིག་བཅུག་ཐུབ་སོང་ན། རྗེས་མའི་ལས་ཀ་དེ་ནི་བོད་ཡུལ་ཀུན་དུ་བོད་ཡིག་ཁྱབ་གདལ་གྱི་ལས་འགུལ་སྤེལ་རྒྱུ་རེད། འཕྲིན་ཕྲན་ལག་པ་འཆང་བ་ནས་བཟུང་། མི་མང་པོ་ཞིག་བོད་ཡིག་སྤྱོད་འགོ་ཚུགས་པ་མངོན་སུམ་རེད་འདུག ཐ་ན། དེ་སྔོན་ཀ་མད་སུམ་བཅུ་ལས་མི་ཤེས་ཟེར་མཁན་ཡང་། ད་ལྟ་འཕྲིན་ཕྲན་ནང་བོད་ཡིག་ལམ་ནས་སྐད་ཆ་ཐོགས་མེད་བཤད་ཐུབ་མཁན་འདུག དེར་བརྟེན་གཞུང་འབྲེལ་ལས་ཁུངས་ཁག་ནས་དེ་ཕྱོགས་ལ་སྐད་ཆ་མང་ཙམ་བཤད་རོགས་ཟེར་རྒྱུ་ཡིན། ད་རེས་ནི་ང་ཚོ་ནང་ཁུལ་གྱི་སྐད་ཆ་ཞིག་ལབ་པ་སོང་ཙང་། བོད་ཡིག་གཅིག་པུ་བཀོད། རྗེས་ཕྱོགས་ཐེང་ཤུན་ཚང་ལ་དེ་འབྲེལ་གྱི་ཞུ་འབོད་སྒྲོག་དུས་རྒྱ་དབྱིན་བོད་གསུམ་ཟུང་མ་སྤེལ་བའི་རེ་བ་ཞུ། དབྱིན་ཡིག་མ་བྱུང་ཡང་། རྒྱ་བོད་ཟུང་མ་ཞིག་ངེས་པར་ཡོད་དགོས། དེ་བཞིན། དེང་རབས་ཆ་འཕྲིན་ལ་རྒྱུས་མངའ་གཟབ་པ་དང་། ཆ་འཕྲིན་གྱི་ལས་ཀ་བྱེད་མཁན་གྱི་སྡེ་ཚོགས་གཅིག་གིས་ཐེང་ཤུན་དང་གཏུགས་ནས་བོད་ཡིག་སྐོར་ལ་སྐད་ཆ་ལབ་ཐུབ་ན་ཧ་ཅང་ཡག་སོང་། དེ་དང་ཆབས་གཅིག དེང་སང་བོད་ཡིག་གི་ཡིག་ཆ་མང་པོ་ཞིག་འཕྲིན་སྟེགས་ནང་དོན་ཡོང་གིན་ཡོད་པས། འཕྲིན་ཕྲན་གྱི་འཚོལ་བཤེར་ནང་འཕྲིན་སྟེགས་ནང་གི་བོད་ཡིག་གཅིག་ཀྱང་འཚོལ་མི་ཐུབ་པས། དེ་འབྲེལ་གྱི་གནད་དོན་སེལ་སོང་ན་ཧ་ཅང་དགའ་སོང་། ཡག་སོང་།

                                                        རྩོམ་སྒྲིག་པ། ལྷ་སྐྱིད།

     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕྲིན་ཕྲན་དང་བོད་ཡིག

2016-06-14 ལྷ་གཡག་ཉི་སྲི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།