《མེ་ལོང་མ》དང་འབྲེལ་བའི་གཏམ།

ལྷ་སྡེ་སྲིན་སྲས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-25

                                                                     ༡
       དེ་ཡང་སྙན་ངག་ནི་རྣ་བར་སྙན་ཞིང་ཡིད་འཕྲོག་པར་བྱེད་པའི་བརྗོད་བྱེད་ཀྱི་ཚིག་ཅིག་ལ་ཟེར་ཏེ།མེ་ལོང་མའི་གཞུང་དུ་
ལུས་དང་རྒྱན། སྐྱོན་གསལ་བ་གསུམ་དུ་བསྟན་ཡོད་པ་རེད། དེ་ནི་ང་ཚོ་བོད་ཀྱི་སྙན་ངག་གི་གཞུང་ཡིན་མ་གཏོགས་སྙན་ངག་
མ་ཡིན།སྙན་ངག་གི་གཞུང་ལུགས་གཉིས་ལ་ཁྱབ་ཆེ་ཆུང་ཡོད་དེ།སྙན་ངག་ནི་སྙན་ངག་གི་གཞུང་ལ་བརྟེན་ནས་བརྩམས་གནང་
གྲུབ་པ་ཞིག་དང་སྙན་ངག་གི་གཞུང་ནི་སྙན་ངག་འབྱུང་སའི་ལྟེ་བ་ལྟ་བུ་ཞིག་ཡིན་བཤད་ཆོག་སྙམ།དཔེར་ན་སྙན་ངག་གི་
གཞུང་ཡིན་ལ་སྙན་ངག་མ་ཡིན་པ་ནི་མེ་ལོང་མ་ལྟ་བུ་དང།སྙན་ངག་ཡིན་ལ་སྙན་ངག་གི་གཞུང་མ་ཡིན་པ་ནི་སྐྱེས་རབས་དཔག་
བསམ་འཁྲི་ཤིང་ལྟ་བུ། གཉིས་ཀ་ཡིན་པ་ནི་དབྱངས་ཅན་དགྱེས་གླུ་ལྟ་བུ་དང༌།གང་ཡང་མ་ཡིན་པ་ནི་སུམ་ཅུ་བ་དང་རྟགས་
འཇུག་གི་གཞུང་ལྟ་བུའོ།
                                                                       ༢
      སྙན་ངག་མེ་ལོང་མ་ནི་རྒྱ་བོད་གཉིས་ཀྱི་ཐུན་མོང་གིས་སྤྱོད་པའི་སྙན་ངག་གི་རིག་པའི་གཞུང་ལུགས་ཅིག་ཡིན་པ་མ་ཟད།
བོད་ཀྱི་སྙན་ངག་རིག་པའི་རྩ་པའི་མ་ལག་ཞིག་ཀྱང་ཡིན། ཡིན་ནའང་དེང་དུས་ཀྱི་ན་གཞོནའགའ་རེ་ཡིས་སྙན་ངག་དང་སྙན་
ངག་གི་གཞུང་གཉིས་གོ་བ་གཏོང་ཟབ་ཞིག་མ་བླངས་པར་གང་བྱུང་གི་དཔྱད་གླེང་རེ་འགའ་སྤེལ་ཀྱིན་འདུག། ཁོ་བོ་ཚོས་བལྟས་
ན་སྙན་ངག་མེ་ལོང་ནི་གནའ་བོའི་རྒྱ་གར་གྱི་སྙན་ངག་ཞིག་ཏེ་དེས་དངོས་ཡོད་བོད་ཀྱི་འཚོ་བ་མཚོན་མེད་པ་མ་ཟད། བརྗོད་བྱ་
བརྗོད་བྱེད་ཐད་ནས་བཤད་ནའང་དེ་འདྲའི་ལེགས་རྒྱུ་མེད་པས་བོད་ཀྱི་སྙན་ངག་གི་སྟེགས་བུ་ལས་ངལ་གསོ་དགོས་ཟེར།དེ་ནི་
ཁོ་ཚོས་སྙན་ངག་དང་སྙན་ངག་གི་གཞུང་གིས་གཉིས་ལ་གོ་བ་མ་ལོན་པའི་རྐྱེན་རེད།སྙན་ངག་མེ་ལོང་ནི་བོད་ཀྱི་སུམ་ཅུ་བ་དང་
རྟགས་འཇུག་དང་འདྲ་བར་བོད་ཀྱི་བརྡ་སྤྲོད་པའི་རྩ་བ་ཡིན་པ་ཇི་བཞིན་བོད་ཀྱི་སྙན་ངག་གི་ཨ་མ་ལྟ་བུ་ཞིག་ཡིན་པ་མ་ཟད།
ཚིག་གི་རྒྱུ་རྩལ་འབྱུང་ས་ཞིག་ཀྱང་རེད།ཡང་གཅིག་བཤད་ན་དེ་ནི་བོད་ཀྱི་རྩོམ་ཚུལ་རིག་པ་སྟེ།སྙན་ངག་ཇི་ལྟར་འབྲི་ཚུལ་སྐོར་ཀྱི་རྩ་
བའི་རིག་གཞུང་ཞིག་པ་མ་ཟད་ཚིག་རྒྱན་རིག་པའི་བང་མཛོད་ལྟ་བུ་ཞིག་ཀྱང་རེད།གལ་སྲིད་མེ་ལོང་མ་བོད་ཀྱི་སྙན་ངག་གི་
གར་སྟེགས་ནས་རྒྱང་འཕུད་བཏང་བ་ཡིན་ན་ཡིན་བོད་ཀྱི་སྙན་ངག་མཐའ་དག་སྙན་ངག་གི་གར་སྟེགས་ནས་རྒྱང་འཕུད་
དགོས་པ་རེད། དེའི་རྒྱུ་རྐྱེན་ནི་སྔོན་བྱོན་གྱི་སྙན་ངག་གྲགས་ཅན་མཐའ་དག་དང༌།དེ་ཡོད་ཀྱི་སྙན་ངག་མཐའ་དག་སྙན་ངག་མེ་
ལོང་གི་རྩོམ་ཚུལ་རིག་པ་ཞིག་གཞིར་བཟུང་ནས་བརྩམས་པ་ཤ་སྟག་ཡིན་པ་མ་ཟད།ཆུ་དང་འོ་མ་འདྲེས་པ་ལྟར་ངོ་བོ་དབྱར་
མེད་དུ་འདྲེས་པ་ཞིག་ཞིག་ཀྱང་རེད། 
                                                                              ༣
            མདོར་ན་སྙན་ངག་མེ་ལོང་མ་ནི་བོད་སྙན་ངག་གི་གར་སྟེགས་ལས་རྒྱང་འཕུད་གཏོང་མི་རུང་བ་མ་ཟད་ང་ཚོས་གླེང་
བཞིན་པའི་སྲོལ་རྒྱུན་སྙན་ངག་དང་རང་མོས་སྙན་ངག་སོགས་ཀྱི་ཨ་མ་ལྟ་བུ་ཡིན་ནོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《མེ་ལོང་མ》དང་འབྲེལ་བའི་གཏམ།

2009-02-25 ལྷ་སྡེ་སྲིན་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།