སྒྱུ་རྩལ་རྩོམ་རིག་དང་གཏན་ཚིགས་རིག་པ་གཉིས་ཀྱི་འབྲེལ་བ་ཅུང་བཤད་པ།

༼ནང་དོན་གནད་བཤུས༽ སྒྱུ་རྩལ་རྩོམ་རིག་ལེགས་པོ་ཞིག་འབྲི་བ་ལ་ཐོག་མར་ཕུན་སུམ་ཚོགས་པའི་འཚོ་བའི་ཉམས་མྱོང་དང༌། གཏིང་ཟབ་པའི་བསམ་
བློའི་ལྟ་བ། བྱང་ཆུབ་པའི་སྒྱུ་རྩལ་ཐབས་རྩལ་བཅས་རྩོམ་པའི་རྒྱུ་ལེགས་པོ་ཞིག་གི་རྩ་བའམ་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ལ། དེའི་རྗེས་ད་དུང་
གཏན་ཚིགས་རིག་པའི་ཐད་ལའང་ངེས་པར་དུ་ཤེས་རྟོགས་ཟབ་མོ་ཞིག་བསྐྱེད་དགོས་ཏེ།   གསར་རྩོམ་གྱི་དངོས་རྒྱུ་དེ་དག་ཕན་ཚུན་གཞི་གཅིག་ཏུ་སྦྲེལ་
བ་ལ་གཏན་ཚིགས་རིག་པ་ནི་མེད་དུ་མི་རུང་བའི་ལྷན་ཅིག་བྱེད་རྐྱེན་ཞིག་ཡིན་པར་སྙམ་པས། འདིར་རང་་བློས་དཔོད་ཚོད་ཀྱིས་དེ་གཉིས་ཀྱི་འབྲེལ་བ་
ཙམ་བཤད་ཁུལ་བྱས་པའོ།།
༼བརྡ་ཆད་གཙོ་བོ༽སྒྱུ་རྩལ་རྩོམ་རིག  གཏན་ཚིགས་རིག་པ།  འབྲེལ་བ།
    
     ད་ལྟའི་སྤྱི་ཚོགས་གསར་བའི་དགེ་མཚན་འོག་རང་རྒྱལ་གྱི་མི་རིགས་སོ་སོའི་སྲིད་འབྱོར་རིག་གསུམ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་
ཆེན་པོ་བྱུང་ཞིང༌།  གནས་བབ་ལེགས་པོ་འདིའི་མཐུན་རྐྱེན་འོག་ཏུ་རང་ཅག་མདོ་དབུས་ཁམས་གསུམ་གྱི་སྒྱུ་རྩལ་རྩོམ་རིག་ལའང་དགེ་མཚན་གསར་བ་
ཞིག་རྒྱས་བཞིན་པ་སྟེ།  མིག་སྔར་བོད་ཁུལ་གྱི་ས་གནས་སོ་སོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང༌། དགོན་སྡེ་ཁག   མི་སྒེར་སོགས་ཀྱིས་དུས་དེབ་དང་
ཚགས་པར་སྣ་ཚོགས་ནི་ཆར་རྗེས་ཀྱི་ཤ་མོ་བཞིན་པར་བསྐྲུན་བྱས་དང་བྱེད་བཞིན་པ་ནི་མིག་མཐོང་ལག་ཟིན་རེད་ལ། སྤྱིར་འདི་ནི་མི་རིགས་ཤིག་གི་
འཕེལ་རྒྱས་དང་སད་རྟོགས་ཀྱི་མངོན་མཚན་ཁྱད་པར་བ་ཞིག་ཀྱང་ཡིན་སྲིད།   འཕེལ་རིམ་འདི་ལས་ང་ཚོས་ཅུང་བསམ་གཞིགས་བྱ་དགོས་པའི་གནད་
དོན་ཡང་འགའ་རེ་ཡོད་པ་སྟེ།   དུས་དེབ་དང་ཚགས་པར་སྣ་ཚོགས་སུ་བཀོད་པའི་བརྩམས་ཆོས་མང་པོ་ཞིག་ལ་འཚོ་བ་དང་སྒྱུ་རྩལ་གྱི་བདེན་པས་ཅུང་
དབུལ་བས། ཀློག་མཁན་མི་ཉུང་བ་ཞིག་གི་འདོད་བློ་སྐོང་ཐུབ་ཀྱིན་མེད་པ་རེད།   དེ་ལའང་ཕྱི་ནང་གཉིས་ཀའི་རྒྱུ་རྐྱེན་མང་པོ་ཞིག་ཡོད་པ་གོར་མ་ཆག་
ཀྱང༌།  འདིར་དམིགས་བསལ་གྱིས་གླེང་འདོད་པ་ནི་ང་ཚོ་གསར་རྩོམ་ལ་འཇུག་མཁན་རང་སྟེང་གི་ཞན་ཆ་ཞིག་སྟེ།  རྩོམ་པའི་རྒྱུ་ལེགས་པོ་ཞིག་འཚོགས་
ཐུབ་མེད་པའི་ཕྱོགས་དེའོ།།
        དེ་ཡང་མཁས་དབང་དོར་ཞི་རིན་པོ་ཆེས"སྦྲང་བུས་མེ་ཏོག་མང་བོའི་བཅུད་འཐུང་ནས།།  ཞིམ་མངར་སྦྲང་རྩི་སྐྱུག་པར་བྱེད་པ་བཞིན།།   རྣམ་
མང་ཤེས་བྱའི་དོན་ལ་ངེས་རྙེད་པ།།   སྙན་རྩོམ་སྤུས་ལེགས་འབྱུང་བའི་དངོས་རྒྱུ་ཡིན།།"ཞེས་གསུངས་བ་བཞིན།  རྩོམ་རིག་བརྩམས་ཆོས་ལེགས་པོ་ཞིག་
འབྲི་བ་ལ་ཐོག་མར་ཇི་ལྟར་རྩོམ་པའི་རྒྱུ་འོས་ཤིང་འཚམ་པ་ཞིག་གསོག་དགོས་ཏེ།   ང་ཚོས་བཀོད་ལེགས་དགེ་བསྒྲུབ་ཀྱི་མཆོད་རྟེན་ཞིག་བཞེངས་པའི་
དབང་དུ་བཏང་ནའང༌། ཐོག་མར་དེ་ཇི་ལྟར་བཞེངས་པའི་བཟོ་རྩལ་ལེགས་པོ་ཞིག་དང༌།   བཞེངས་བྱེད་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་ངེས་པར་དུ་
འཛོམ་དགོས་ཏེ།  གལ་ཏེ་རྒྱུ་རྐྱེན་དེ་དག་ལས་གང་རུང་ཞིག་མ་འཛོམ་ཚེ་མིག་ལ་མཛེས་ཤིང་བརྗིད་ཉམས་ལྡན་པའི་མཆོད་རྟེན་ཞིག་འབྱུང་མི་ཐུབ་པ་
ལྟ་བུའོ།།  དེས་ན་ང་ཚོས་རྩོམ་ཡིག་ལེགས་པོ་ཞིག་འབྲི་བ་ལའང་ཕུན་སུམ་ཚོགས་པའི་འཚོ་བའི་ཉམས་མྱོང་དང༌། གཏིང་ཟབ་པའི་བསམ་བློའི་ལྟ་བ།  
བྱང་ཆུབ་པའི་སྒྱུ་རྩལ་ཐབས་རྩལ་བཅས་ངེས་པར་དུ་ཚང་དགོས་པར་འདོད་ལ། ང་ཚོ་གསར་སློབ་པ་སྐོར་ཞིག་གིས(རང་ཉིད་ཀྱང་འདུ)ཆ་རྐྱེན་འདིའི་
ཐད་ནས་རྨང་གཞི་བཏིང་བ་ཅུང་མི་འདང་བས་ལག་རྩལ་དང་རྒྱུ་ཆ་ཞན་པའི་བཟོ་གྲྭ་ལས་ཐོན་པའི་དངོས་པོ་བཞིན་ང་ཚོའི་རྩོམ་ཡིག་དེའང་རྒྱུ་སྤུས་
ཞན་པ་རེད།  དེས་ན་གོང་སྤྲོས་ཀྱི་རྩོམ་པའི་རྒྱུ་གསུམ་གྱི་རྩ་བའམ་རྨང་གཞི་ལེགས་པོ་ཞིག་བཏིངས་་་རྗེས་ད་དུང་གཏན་ཚིགས་རིག་པའི་ཐད་ལའང་
ངེས་པར་དུ་ཤེས་རྟོགས་ཟབ་མོ་ཞིག་བསྐྱེད་དགོས་ཏེ།   གསར་རྩོམ་གྱི་དངོས་རྒྱུ་དེ་དག་ཕན་ཚུན་གཞི་གཅིག་ཏུ་་སྦྲེལ་བ་ལ་གཏན་ཚིགས་རིག་པ་ནི་
མེད་དུ་མི་རུང་བའི་ལྷན་ཅིག་བྱེད་རྐྱེན་ཞིག་ཡིན་པར་སྙམ།  ཡིན་ནའང༌། ད་ལྟའི་ང་ཚོ་གསར་སློབ་པ་མང་པོ་ཞིག་གིས་སྒྱུ་རྩལ་རྩོམ་རིག་དང་གཏན་
ཚིགས་རིག་པ་གཉིས་ནི་ཕན་ཚུན་འབྲེལ་མེད་ཀྱི་རིག་ཚན་ཡན་གར་བ་གཉིས་ལ་དགོངས་ཀྱིན་པའི་འཁྲུལ་སྣང་བྱུང་བས།  འདིར་ཀུན་སློང་གཙང་མས་
རང་བློས་དཔོད་ཚོད་ཀྱིས་དེ་གཉིས་ཀྱི་འབྲེལ་བ་ཙམ་བཤད་ཁུལ་བྱེད་པར་དགོངས་འགལ་མེད་པར་ཤོག
       དེ་ཡང་རྩོམ་རིག་ལ་སྤྱིར་བཏང་གི་རྩོམ་རིག་དང་སྒྱུ་རྩལ་རྩོམ་རིག་གཉིས་ཡོད་པལས་སྔ་མར་གཏན་ཚིགས་རིག་པའི་རིགས་ལམ་གསལ་བོ་ཞིག་
དགོས་པ་ནི་ཅུང་མངོན་གསལ་ཡིན་པས་འདིར་བསྐྱར་བཟློས་ཀྱི་ངལ་བ་མི་དགོས་པར་སྙམ་ལ། འདིར་གླེང་བར་འདོད་པ་ནི་ཕྱི་མ་སྟེ་སྒྱུ་རྩལ་རྩོམ་རིག་
འབྲི་བ་ལའང་གཏན་ཚིགས་རིག་པའི་རྨང་གཞི་འོས་ཤིང་འཚམ་པ་ཞིག་ངེས་པར་འཛོམ་དགོས་པར་འདོད་པ་དེའོ།།
         དེས་ན་ད་ལྟའི་རྒྱལ་སྤྱིའི་རིག་གཞུང་འཕེལ་འགྱུར་གྱི་ཐད་ནས་བལྟས་ན།  སྒྱུ་རྩལ་རྩོམ་རིག་དང་གཏན་ཚིགས་རིག་པ་གཉིས་ནི་གཞུང་ལུགས་
ཀྱི་མ་ལག་ཞིབ་ཚགས་ལྡན་ཞིང༌།   རང་རྐྱ་ཕེར་བའི་རིག་ཚན་ཚད་ལྡན་གཉིས་སུ་གྲུབ་འདུག་སྟབས།  དེ་གཉིས་ཀྱི་འབྲེལ་བ་གླེང་རྒྱུ་ནི་བརྗོད་གཞི་རྒྱ་ཆེ་
ཞིང་གཏིང་ཟབ་པ་ཞིག་ཏུ་ཟད་པས་ཧ་ཅང་ཁག་པོ་ཞིག་རེད།  ཡིན་ནའང་འདིར་གཙོ་བོ་རང་དང་ན་མཉམ་གྱི་གྲོགས་པོ་ཚོར་གྲོས་མོལ་གྱི་ཚུལ་དུ་གླེང་
བྱ་རྒྱ་མཚོའི་ཀློང་ལས་ཆུ་ཐིགས་ཙམ་ཞིག་ཀུ་ཤའི་རྩེ་མོར་མཆོད་ཐུབ་པ་འབྱུང་ནའང་ལེགས་པར་སྙམ་རྐྱེན་ཉུང་ངུ་ཞིག་ཞུ་བ་ལ།
              དང་པོ།  སྒྱུ་རྩལ་རྩོམ་རིག་གི་བརྗོད་བྱའི་དོན་དང་གཏན་ཚིགས་རིག་པའི་འབྲེལ་བ་བཤད་པ།
    སྤྱིར་སྒྱུ་རྩལ་རྩོམ་རིག་ཅེས་པ་ནི་རྩོམ་པ་པོའི་རྟོག་སྣང་གི་རིག་པའི་འཆར་སྒོ་ལ་བརྟེན་ནས་སྒྱུ་རྩལ་སྣང་བརྙན་གསར་སྐྲུན་དང་ཆགས་སྡང་གི་སེམས་
བྱུང་སྣ་ཚོགས་དང༌།  སྤྱི་ཚོགས་འཚོ་བ་དང་མི་ཚེའི་རིན་ཐང་སོགས་དང་འབྲེལ་བའི་རྩོམ་པ་པོའི་མཛེས་རྟོག་གི་འདུ་ཤེས་མངོན་པར་མཚོན་པའི་ངག་
གི་རྣམ་པར་རིག་བྱེད་དུ་སྦྱར་བའི་སྐད་ཆའི་སྒྱུ་རྩལ་ཞིག་ལ་ཟེརཞིང༌།  སྤྱིར་བཏང་དུ་བརྩམས་སྒྲུང་དང་སྙན་ངག  ལྷུག་རྩོམ།  ཟློས་གར་བཅས་
རིགས་བཞིར་དབྱེ་བཞིན་ཡོད།  དེས་ན་དེའི་བྱེད་ལས་གཙོ་བོ་ནི་སྤྱི་ཚོགས་འཚོ་བའི་ཟ་ཟུར་གང་རུང་ཞིག་གམ་རྩོམ་མཁན་རང་ཉིད་ཀྱི་ཡིད་འགྱུ་སྣ་
ཚོགས་སྒྱུ་རྩལ་ལས་སྣོན་དང་བཙོ་སྦྱང་བྱས་ཏེ་ཅུང་གཅིག་སྡུད་དང་སྣང་བརྙན་རང་བཞིན་གྱིས་ཕྱིར་སྤྱི་ཚོགས་འཚོ་བར་ཞབས་འདེགས་ཞུ་བའི་སྒྱུ་རྩལ་
བྱ་འགུལ་ཞིག་ལ་བྱ་ཞིང༌། གཏན་ཚིགས་རིག་པ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་སྡོད་ལུགས་དངོས་རྟགས་སམ་རྒྱུ་མཚན་ཡང་དག་གི་ལམ་ནས་ཕྱིན་ཅི་མ་
ལོག་པར་ཤེས་པའི་རིག་པ་ལ་གོ་དགོས་ཤིང༌། རྒྱུ་མཚན་རིག་པ་དང༌།  ཚད་མ་རིག་པ།  གཏན་ཚིགས་རིག་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སུ་
འགྲོ་ལ།  རྒྱའི"逻 辑 学 "འམ"因 明 学 "དང་གནད་གཅིག་ལ་ཁེལ་འདུག་པར་གསུངས་སོ།།  མིག་སྔར་དེའི་རབ་དབྱེ་ལ་རྒྱལ་ཁབ་ཕྱི་ནང་དུ་ཅུང་
ཞིབ་པར་སྣང་ནའང་རང་ཅག་བོད་མི་རིགས་ལ་མཚོན་ན།  གཏན་ཚིགས་རིག་པ་སྤྱིའི་རྨང་གཞི་སྲོལ་རྒྱུན་གྱི་ཚད་མ་རིག་པ་ལས་སྐད་ཆའི་གཏན་ཚིགས་
རིག་པ་དང་རྩོམ་རིག་གཏན་ཚིགས་རིག་པ་སོགས་ཅུང་ཞིབ་ཕྲའི་མ་ལག་ཅིག་ད་དུང་ཆགས་ཐུབ་ཀྱིན་མེད་པ་རེད།
     རྒྱུ་མཚན་དེའི་དབང་གིས་ང་ཚོ་གསར་སློབ་པ་མང་བོ་ཞིག་གིས་ཚད་མ་ནི་དགོན་སྡེ་ཁག་ཏུ་སྦྱང་རྒྱུའི་བསླབ་གཞི་ཞིག་ཡིན་པ་ལས་ང་ཚོ་སློབ་གྲྭ་བ་
དག་ལ་འབྲེལ་བ་ཆེན་པོ་མེད་པར་སྙམ་པའི་ལྟ་ཚུལ་ཕྱིན་ཅི་ལོག་པ་ཞིག་མ་དག་རྒྱུན་འབྱམས་སུ་ཆགས་ཤིང༌།  སྣང་ཚུལ་དེའི་མཇུག་འབྲས་ལ་རང་རེའི་
རྩོམ་རིག་གི་གར་སྟེགས་སུའང་བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་ནས་གཏན་ཚིགས་ཀྱི་་ཆོས་ཉིད་དང་མི་མཐུན་པའི་བརྩམས་ཆོས་སྣ་ཚོགས་ནི་ལུ་གུ་
རྒྱུད་དུ་བྱུང་དང་འབྱུང་བཞིན་པ་རེད།   འདི་ལྟར་བྱུང་བའི་རྩོམ་ཡིག་དག་ལ་ཚིག་དོན་གནད་དུ་་དྲིལ་ཞིང་སྒྲིག་གཞིའི་ཚགས་དམ་པ་སོགས་ཀྱི་ཁྱད་
ཆོས་དབེན་པས་ཀློག་པ་པོའི་ཡིད་ཀྱི་དྭངས་མ་ཅིག་ཅར་དུ་འདྲེན་པའི་ནུས་པ་མ་སྐུལ་རང་ཤུགས་ཀྱིས་ཉམས་སོང་བར་འདོད་ལ།  དེ་སྐད་ཟེར་དོན་ནི། 
སྤྱིར་གཏན་ཚིགས་རིག་པའི་བྱེད་ལས་གཙོ་བོ་ནི་གོང་སྤྲོས་ལྟར་ཆོས་རྣམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྒྱུ་མཚན་ཡང་དག་གིས་གཏན་ལ་
འབེབས་བྱེད་གྱི་རིགས་ལམ་ཞིག་ཡིན་པས་སྒྲ་སྙན་བཟོ་གསོ་སོགས་རིག་གནས་ཆེ་ཆུང་བཅུ་དང༌།  ཚན་རིག་ལོ་རྒྱུས་སོགས་ཀྱི་གཞུང་གང་ཡིན་རུང༌།
 གཏན་ཚིགས་རིག་པ་སྟེ་རྒྱུ་མཚན་ཡང་དག་གིས་གཏན་ལ་ཕབ་པར་མ་མཛད་པ་གཅིག་ཀྱང་མེད་པར་འདོད།  ཡང་གཅིག་བཤད་ན་གཏན་ཚིགས་
རིག་པ་ཞེས་པ་ནི་ང་ཚོའི་བློ་ངོར་ཤར་བ་ནང་བཞིན་ཧ་ཅང་ལྐོག་གྱུར་གྱི་རིག་ཚན་ཞིག་གཏན་ནས་མ་ཡིན་པར།  དེ་ནི་གོ་སླ་བའི་ཚིག་གིས་བཤད་ན་ང་
ཚོ་དོན་གཉེར་བ་དག་གིས་བསམ་གཞིགས་བྱེད་སྟངས་ཤིག་གམ་རིགས་ལམ་ལེགས་པོ་ཞིག་ཆགས་སུ་འཇུག་པའི་ཤེས་རིག་སྦྱངས་སྟོབས་ཀྱི་ཐབས་ལམ་བླ་
ན་མཐོ་བ་ཞིག་ཡིན།  དེར་བརྟེན་ང་ཚོ་གསར་རྩོམ་ལ་འཇུག་པའི་ལས་དང་བོ་བ་ཞིག་ལ་མཚོན་ན་འདི་ལྟའི་བསམ་གཞིགས་བྱེད་སྟངས་ཀྱི་ཐབས་མཆོག་
ཅིག་ངེས་པར་དུ་དགོས་ཏེ།   རྩོམ་་་་རིག་ནི་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་མངོན་པར་མཚོན་པའི་བྱ་འགུལ་རླབས་ཆེན་ཞིག་ཡིན་ན། 
དེ་ལྟའི་ཚད་མཐོ་བའི་སྐད་ཆའི་སྒྱུ་རྩལ་ལ་གཅིག་སྡུད་དང་གསོན་ཉམས་ཀྱི་ཆ་དེ་ངེས་པར་དུ་འབུར་དུ་ཐོན་དགོས་ལ།  དེ་ལྟར་ཐོན་པ་ལ་སྐད་ཆའི་
གཏན་ཚིགས་རིག་པས་ལས་སྣོན་དང་བཙོ་སྦྱང་ཤིན་ཏུ་མཁོ་སྟེ།   རྒྱའི་རྩོམ་པ་པོ་གྲགས་ཅན་ལའོ་ཧྲེས(老 舍 )ནས་"གཏན་ཚིགས་ཀྱི་རང་བཞིན་དམ་
ལ་ཚིག་ཉུང་ཞིང་བསྡུས་པ་ཞིག་ལ་གཞི་ནས་ཉུང་བསྡུས་ཟེར་བ་ཡིན"ཞེས་གསུངས་པ་ནི་རྨད་དུ་བྱུང་བའི་ལེགས་བཤད་དུ་འཁུམས་སོ།།  འདིར་གསལ་
བཤད་བྱ་རྒྱུ་ཞིག་ལ།  ཕྲན་གྱིས་ཚིག་ཉུང་ཞིང་གནད་དྲིལ་བ་ཞེས་པ་ནི་རྩོམ་ཡིག་ཇི་ལྟར་ཐུང་ན་དེ་ལྟར་ལེགས་ཞེས་པའི་དོན་མ་ཡིན་པར།  གཙོ་བོ་
བརྗོད་བྱ་ལ་མི་མཁོ་བའི་ཚིག་ལྷག་དང་ཉོག་བཤད་ལ་གཟབ་དགོས་པར་སྐུལ་བ་སྟེ།  རང་རྒྱལ་གྱི་སྒྱུ་རྩལ་རྩོམ་རིག་པ་གྲགས་ཅན་ལུའུ་ཞུན(鲁迅)
གྱིས“གཟབ་ནན་གྱི་སྒོ་ནས་བརྗོད་བྱ་འདེམ་གསེས་བྱེད་པ་དང༌།   གཏིང་ཟབ་གྱི་སྒོ་ནས་བརྗོད་སྙིང་སྔོག་་འདོན་བྱེད་པ་ལས།  དོན་སྙིང་མེད་པའི་ཙག་ཙིག་
གི་གཏམ་རྒྱུད་འགའ་བསྡུ་རུབ་བྱས་ཏེ་གསར་རྩོམ་བྱས་པ་ཕུན་སུམ་ཚོགས་པར་བསམས་ནས་རང་སྣང་སྐྱིད་པོར་བྱེད་པ་ནི་མི་འོས་སོ།།”ཞེས་གསུངས་པ་
ལྟར་བརྗོད་བྱའི་དགོས་མཁོ་དང་བསྟུན་ཏེ་རྩོམ་ཡིག་ལ་དག་བརྗིད་ཀྱི་ཉམས་འདོན་རྒྱུ་ནི་གལ་བོ་ཆེ་ལ་ནན་གྱིས་ཞུ་བསམ་པ་ལགས།   གནས་ལུགས་དེ་
ནི་རང་རེའི་སྔོན་བྱོན་དམ་པ་དག་གི་བརྩམས་ཆོས་ཀྱིས་ཀྱང་ར་སྤྲོད་བྱ་ཐུབ་པར་སྙམ་སྟེ། ཆོས་རྗེ་ས་པཎ་དང་བུ་སྟོན་ཐམས་ཅད་མཁྱེན་པ།  རྗེ་ཡབ་སྲས་
སོགས་ཀྱི་གསུང་འབུམ་ལ་བལྟས་པ་ཙམ་གྱིས་ཚིག་ཉུང་ཞིང་དོན་འདྲིལ་ལ་གོ་བདེ་བ།  བཟློས་སྐྱོན་དང་བྲལ་ཞིང་བརྗོད་དོན་གསལ་ཞིང་འགལ་བ་མེད་
པ་བཅས་ཀྱིས་རྣམ་པར་བརྗིད་པ་ནི་གཏན་ཚིགས་རིག་པའི་རིགས་ལམ་ཡང་དག་ཅིག་གི་རྒྱབ་རྟེན་དང་བྲལ་ཐབས་མེད་དོ།།
        ཡང་གཅིག་བཤད་ན། འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་རྩོམ་པ་པོ་གྲགས་ཅན་ཐོར་ཟི་ཐེ(托 尔 斯 泰 )ཡི་བརྩམས་ཆོས་ནི་ཨུ་རུ་སུའི་
གསར་བརྗེའི་“མེ་ལོང”ཞིག་ཏུ་གྱུར་བ་དང༌།  ཧེ་ཉི(海 尼 )ནི་ཧྥ་རན་སེའི“ཆེས་རླབས་ཆེན་གྱི་སྙན་ངག་མཁན”དུ་གྱུར་བ།  ཏིས་ཀིན་སི(狄 根 斯 )
ལ“དུས་རབས་ཀྱི་དར་ཆའི”མཚན་སྙན་ཐོབ་པསོགས་ཀྱང་རྩོམ་རིག་སྒྱུ་རྩལ་གྱི་གྲུབ་མཐའ་ལ་གཏན་ཚིགས་རིག་པའི་རིགས་ལམ་ཞིབ་མོས་
ལས་སྣོན་དང་བཞུ་སྦྱངས་བྱས་པའི་ཐུན་མིན་གྱི་གྲུབ་འབྲས་ཏག་ཏག་ཡིན་པ་གདོན་མི་ཟ་སྟེ། རྒྱུ་མཚན་ནི་རྩོམ་མཁན་གྲགས་ཅན་དེ་དག་ནི་རྩོམ་རིག་སྒྱུ་
རྩལ་གྱི་མཁན་པོ་ཡིན་ལ།  མཚན་ཉིད་སྨྲ་བའི་དཔུང་འདྲེན་ཡང་ཡིན་པས་སོ།། དེར་བརྟེན། ང་ཚོས་གཏན་ཚིགས་རིག་པ་ཞེས་པ་ལ་གོ་བ་ཡང་དག་ཅིག་
བླངས་ནས་དེ་དང་སྒྱུ་རྩལ་རྩོམ་རིག་གཉིས་ཀྱི་འབྲེལ་བ་ལ་ཤེས་རྟོགས་ཟབ་མོ་ཞིག་བསྐྱེད་དགོས་ཏེ།  ནུབ་ཕྱོགས་ཀྱི་གཏན་ཚིགས་རིག་པ་ཡིན་ནའང་
འདྲ། ཤར་ཕྱོགས་ཀྱི་གཏན་ཚིགས་རིག་པ་ཡིན་ནའང་འདྲ།   བོད་བརྒྱུད་ནང་་བསྟན་གྱི་ཚད་མ་རིག་པ་ཡིན་ནའང་འདྲ། ཚང་མའི་མཐར་ཐུག་གི་
དམིགས་ཡུལ་ལམ་གཞི་འབེབས་ས་ནི་གཅིག་ཡིན་པར་འདོད་དེ།  དེ་དག་ཐུན་མོང་གི་བྱེད་ལས་ནི་འགྲོ་བ་མིའི་རིགས་གྱི་བསམ་བློ་དང་ཤེས་རབ་ལ་ཞུན་
བརྡར་དང་བཙོ་སྦྱང་བྱས་ཏེ་ཕྲ་ཞིང་ཞིབ་ཆ་ལྡན་པའི་བསམ་གཞིག་བྱེད་སྟངས་ཐུན་མོང་མ་ཡིན་པ་ཞིག་ཆགས་སུ་འཇུག་རྒྱུ་དེ་ཡིན་པར་སྙམ་པསསོ།། 
དེས་ན་སྒྱུ་རྩལ་རྩོམ་རིག་ནི་རྩོམ་པ་པོ་དག་གི་སོར་རྩེ་ལས་བྱུང་བའི་བསམ་གཞིག་གི་རི་མོ་སྣང་བརྙན་དུ་བཞེངས་་་བསྐྲུན་བྱེད་པའི་བྱ་གཞག་རླབས་ཆེན་
ཞིག་ལགས་ན།  དེ་གཉིས་ཀྱི་མ་བཅོས་རང་གྲུབ་ཀྱི་འབྲེལ་བ་ལ་ང་ཚོས་དོ་སྣང་བྱ་འོས་པའི་དགོས་གལ་ཤིན་ཏུ་ཆེ་བ་མིག་མཐོང་ལག་ཟིན་རེད་ཨང༌།
          གཉིས་པ།  སྒྱུ་རྩལ་རྩོམ་རིག་གི་རྗོད་བྱེད་ཚིག་དང་གཏན་ཚིགས་རིག་པའི་འབྲེལ་བ་བཤད་པ།
      ང་ཚོས་ཤེས་གསལ་ལྟར།  སྒྱུ་རྩལ་རྩོམ་རིག་ལེགས་པོ་ཞིག་འབྲི་ལ་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གཉིས་ནི་བྱ་རྒྱལ་རྒོད་པོའི་གཤོག་ཟུང་ལྟར་
གཅིག་ཀྱང་མེད་དུ་མི་རུང་བ་སྟེ།   རྩོམ་མཁན་གྱིས་གོ་རིམ་གསལ་ཞིང་གཏན་ཚིགས་ཀྱི་ཆོས་ཉིད་དང་མི་འགལ་བའི་བརྗོད་བྱ་གང་རུང་ཞིག་བློས་
བསླངས་བྱས་མཐར། དེ་ཉིད་ཇི་ལྟར་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་མངོན་མཚོན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་སྟེ།  ཨུ་རུ་སུའི་རླབས་ཆེན་གྱི་རྩོམ་
པ་པོ་ཀོ་ཨེར་ཅི(高 尔 基 )ཡིས“རྩོམ་རིག་གི་རྩ་བའི་གྲུབ་ཆ་ནི་སྐད་ཆ་ཡིན་པ་དང༌།  སྐད་ཆ་ནི་རྩོམ་རིག་གི་ཡོ་བྱད་དང་པོ་ཡིན་ལ།  སྐད་ཆ་དང་དོན་
དངོས་སྣ་ཚོགས་པ་དང༌།  འཚོ་བའི་སྣང་ཚུལ་རབ་དང་རིམ་པ་རྣམས་ལྷན་དུ་འདུས་ཏེ་རྩོམ་རིག་གི་རྒྱུ་ཆ་གྲུབ་པ་ཡིན"ཞེས་གསུངས་པ་ནི་དངོས་
འབྲེལ་དོན་དངོས་དང་མཐུན་པ་ཞིག་གོ།  དེ་ཡང་སྐད་ཆའི་སྒྱུ་རྩལ་ཞེས་པ་ནི་ཚིག་རྒྱན་སྣ་ཚོགས་ཀྱིས་ལེགས་པར་སྤྲས་པ་ཙམ་ལ་མི་བྱ་བར།  གཙོ་བོ་
བརྩམས་ཆོས་གང་དེ་ལེགས་པར་འགྲུབ་བྱེད་ཀྱི་དོན་ཚན་རེ་རེ་དང་ཚིག་སྦྱོར་རེ་རེ། ཐ་ན་ཐ་སྙད་རེ་རེ་དང་ཚིག་ཕྲད་རེ་རེ་བཀོལ་བར་ཡང་གཏན་ཚིགས་
ཀྱི་ཆོས་ཉིད་དང་བསྟུན་རྒྱུ་ནི་ཧ་ཅང་གཙོ་བར་འདོད།    དེའི་ཕྱིར་རྩོམ་པ་པོ་གྲགས་ཅན་མའོ་པོ་སང(莫 泊 桑 )གིས"ཁོ་ཚོས་བརྗོད་པའི་དོན་གང་
ཞིག་ཡིན་རུང༌།  ཐ་སྙད་གཅིག་གིས་གསལ་བཤད་བྱེད་ཐུབ་པ་དང༌།  བྱ་ཚིག་གཅིག་གིས་གསོན་ཉམས་ལྡན་དུ་འཇུག་ཐུབ་ལ།  རྒྱན་ཚིག་གཅིག་གིས་
དོན་དེ་ཉིད་ཀྱི་ངོ་བོ་ཐག་གཅོད་བྱེད་ཐུབ་པ་ཡིན།  དེ་བས་ང་ཚོས་བྱ་ཚིག་དེ་དང་རྒྱན་ཚིག་དེ་ཚོ་འཚོལ་དགོས་པ་ལས་ད་ནི་ཕལ་ཆེར་ཆོག་གོ་ཞེས་
གཏན་ནས་འདོད་མི་རུང་ངོ༌།།"ཞེས་གསུངས་བ་ནི་རྨད་དུ་བྱུང་བའི་ལེགས་བཤད་དུ་འཁུམས་ཏེ།  རྩོམ་ཡིག་ལེགས་པོ་ཞིག་འབྲི་བ་ལ་བློ་རྩེ་ཇི་ལྟར་ཞིབ་
ན་དེ་ལྟར་ལེགས་ཏེ་གཡག་ཞར་གྱིས་རྩྭ་བཟའ་བ་བཞིན་བློ་རྩིང་བས་གཏན་ནས་འཇུག་མི་རུང་ངོ།།   དེས་ན་དེ་ལྟའི་སྲེག་བཅད་བརྡར་གསུམ་གྱི་ཐབས་
ལམ་ལ་གཏན་ཚིགས་རིག་པ་ནི་རྩ་བའི་རྒྱུན་ཐག་ལྟ་བུར་གྱུར་འདུག་སྟེ།   རྩོམ་རིག་བརྩམས་ཆོས་ཀྱི་བརྗོད་བྱའི་གདམ་བསལ་ཡིན་ནའང་འདྲ།  སྒྲིག་
གཞིའི་བཀོད་སྒྲིག་ཡིན་ནའང་འདྲ།    ཚིག་སྦྱོར་སྤེལ་སྟངས་ཡིན་ནའང་འདྲ། ཚང་མ་གཏན་ཚིགས་རིག་པའི་ཆོས་ཉིད་དང་མཐུན་པར་བྱ་རྒྱུ་ནི་རང་
རེ་རྩོམ་མཁན་ཚོའི་ཆེས་གཞི་རྩའི་འོས་འགན་ཞིག་སྟེ།   རྗེ་དོན་ཡོད་མཁས་གྲུབ་ཀྱིས"རིགས་ལམ་ལ་མ་སྦྱངས་པའི་འཇིག་རྟེན་པ་རྣམས་ཀྱི་ཡོན་ཏན་
དེ་ཅི་ཙམ་བཟང་ཡང་སོབ་སོབ་་་ཅིག་ཡོད"ཅེས་གསུངས་པ་ནི་དོན་དམ་པར་ང་ཚོ་ལྟ་བུར་དམིགས་པ་ལོས་ཡིན་སྙམ་མོ།།
        གལ་ཏེ་རྗོད་བྱེད་ཚིག་སྦྱོར་གྱི་ཆ་ནས་གཏན་ཚིགས་ཀྱི་ཆོས་ཉིད་དང་འགལ་བའི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་ན།  དེ་ནི་ཀློག་པ་པོའི་འདོད་
བློ་དང་མཐུན་པའི་རྩོམ་ཡིག་ལེགས་པོ་ཞིག་ཏུ་འགྲོ་དཀའ་སྟེ།  ཏག་ཏག་བརྩམས་ཆོས་གང་དེ་མཛེས་སྡུག་ཡིད་དུ་འོང་བའི་ཤིང་ཁང་ཞིག་ཡིན་པའི་
དབང་དུ་བཏང་ན།  དེ་ནི་དངོས་འབྲེལ་གདུང་མ་དང་གདུང་མའི་ལྷུ་རྐང་འཕྲོད་མེད་པའི་ཁང་བ་སྐྱོན་ཅན་ཞིག་དང་མཚུངས་པས།  སུས་ཀྱང་ཞིབ་
བལྟས་བྱས་ཚེ་ནང་དུ་འདུག་མི་འདོད་པ་ལྟ་བུ་རེད།    དེས་ན་ང་ཚོས་སྒྱུ་རྩལ་རྩོམ་རིག་ལ་འཇུག་རྒྱུ་ནི་ཧ་ཅང་ལས་སླ་བའི་དོན་དག་ཅིག་ཏུ་མི་སེམས་
པར།  ཆེས་ཐོག་མ་ཉིད་ནས་སུམ་རྟགས་དག་གསུམ་དང༌།  རྩོམ་རིག་གཞུང་ལུགས།  ཚིག་རྒྱན་རིག་པ་སོགས་ལ་བསླབ་སྦྱང་བྱ་དགོས་པར་མ་ཟད། 
 སྤྱི་ཚོགས་འཚོ་བ་དངོས་ལ་ཟབ་ཞུགས་བྱས་ཏེ་སྒྱུ་རྩལ་རྩོམ་རིག་པ་ཞིག་ལ་དགོས་ངེས་ཀྱི་རྨང་གཞི་མཐའ་དག་འདིང་དགོས་ལ།   ལྷག་པར་དུ་གཏན་
ཚིགས་རིག་པའི་ཆོས་ཉིད་དང་མཐུན་པའི་སྐད་ཆའི་ཚིག་སྦྱོར་སྤེལ་བ་ལ་ནང་བྱན་ཆུད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་སྟེ།   མཁས་དབང་དོར་ཞི་རིན་པོ་
ཆེ་ནས་"སྒྱུ་རྩལ་རྩོམ་པ་བ་བཟང་བོ་ཞིག་བྱེད་འདོད་ན་ཐོག་མར་ཚིག་གི་སྡེབ་སྦྱོར་རམ་སྨྲ་་བརྗོད་ཚིག་གི་ཉམས་བཟང་པོ་བྱེད་ཤེས་པ་ཞིག་ངེས་པར་
དགོས་ཏེ།  ཚིག་གི་སྡེབ་སྦྱོར་འབྱོར་མོ་ཞིག་མ་འཁྱོངས་ན་ཚོན་གྱི་སྡེབ་སྦྱོར་མི་ཤེས་པས་ཐང་ག་བཞེངས་པ་དང༌།དབྱངས་ཀྱི་འགྱུར་ཁུག་འདེགས་འཇོག་
མི་ཤེས་པས་གླུ་དབྱངས་ལེན་པ་དང་ཁྱད་པར་མེད་དོ།།"ཞེས་གསུངས་པ་ནི་གནད་དུ་ཐིངས་སོ།།
       དེར་བརྟེན།  ང་ཚོས་གཏན་ཚིགས་རིག་པ་དང་སྒྱུ་རྩལ་རྩོམ་རིག་གཉིས་ལ་གོ་བ་ཡང་དག་ཅིག་བླངས་ནས།  དེ་གཉིས་ཀྱི་ཕན་ཚུན་གཅིག་རམ་
གཅིག་འདེགས་ཀྱི་འབྲེལ་བར་ངོས་ཟིན་ཟབ་མོ་ཞིག་འདྲོང་དགོས་ཏེ།   རྒྱལ་དབང་ལྔ་བ་ཆེན་་མོས"རིགས་པས་བརྡར་ཤ་མ་བཅད་གཞུང་དོན་ལ།། 
 ཚིག་སྤྱིའི་གོ་བ་ལམ་ཙམ་་ཡོད་གྱུར་ཀྱང༌།།  ཞིབ་ཏུ་བརྟག་ན་བྱེ་མའི་ཆངས་བུ་ལྟར།། འགྱུར་ཕྱིར་རིགས་པའི་གསང་གནད་ཞིབ་ཏུ་སློབས།།"ཞེས་
གསུངས་པ་ལྟར་རྩོམ་རིགས་གང་དང་གང་ཞིག་འབྲི་ནའང་རྩོམ་ཡིག་སྤྱིའི་སྒྲིག་གཞི་དང་སྐད་ཆའི་སྦྱོར་བ།   ཐ་སྙད་བཀོལ་་སྟངས་སོགས་ཕྱོགས་གང་
ཐད་ནས་བློ་རྩེ་གཅིག་སྒྲིམ་གྱིས་ཞུན་བརྡར་དང་གཏན་འབེབ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་སྙམ་པ་དེའོ།།
               གསུམ་པ།  དམིགས་བསལ་དུ་སྙན་ངག་དང་གཏན་ཚིགས་རིག་པའི་འབྲེལ་བ་བཤད་པ།
        དེས་ན་འདིར་དམིགས་བསལ་དུ་ཞུ་རྒྱུ་ཞིག་ལ།   ལ་ལས་འོ་ན་སྙན་ངག་གི(ལྷག་པར་དུ་མིག་སྔར་རྒྱུག་ཆེ་བའི་རང་མོས་སྙན་ངག)ཚིག་སྦྱོར་
ལ་ལ་ཞིག་གཏན་ཚིགས་དང་འགལ་བའི་ཆ་སྣང་བ་ནི་མིག་མཐོང་ལག་ཟིན་རེད་ལ།   དེ་ཇི་ལྟར་བཤད་ཅེ་ན།  ཕྲན་གྱི་རྨོངས་བློར་འདི་ལྟར་འཆར་ཏེ།
ང་ཚོས་ཤེས་གསལ་ལྟར།   སྤྱིར་སྒྱུ་རྩལ་རྩོམ་རིག་ལས་སྙན་ངག་ནི་ཅུང་ཐུན་་མོང་མ་ཡིན་པའི་རྩོམ་ཐབས་ཤིག་སྟེ།  དེ་ནི་གཙོ་བོ་རྩོམ་པ་པོའི་ཡིད་འགྱུ་
དྲག་པོ་ལ་བརྟེན་ནས་བརྗོད་བྱ་གང་རུང་ཞིག་ཅུང་གཅིག་སྡུད་དང་ཚད་མཐོ་བའི་སྒོ་ནས་མངོན་མཚོན་བྱེད་པ་ཞིག་ཡིན་སྟབས།  དེ་ལ་སྒྱུ་རྩལ་རྩོམ་རིག་
གི་རྩོམ་ལུས་གཞན་དང་བསྡུར་ན་བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་ནས་ཅུང་རང་དབང་ཆེ་བའི་ཆ་ཞིག་མངའ་བར་སྙམ་སྟེ།  རྒྱའི་སྙན་ངག་པ་
ཀུའོ་ཞའོ་ཁྲོན(郭 小 川 )གྱིས"སྙན་ངག་ལ་ཚོར་འདུ་ཡོད་དགོས།  ཚོར་འདུ་མེད་ན་སྙན་ངག་མེད།  ཡིད་ཀྱི་འགྱུར་བ་མཚོན་པའི་ཆ་ནས་སྙན་ངག་གི་
རྣམ་པ་འདི་ནི་རྣམ་པ་གཞན་ལས་ཁྱད་དུ་འཕགས"ཞེས་གསུངས་པ་ནི་སྙན་ངག་དང་སྒྱུ་རྩལ་རྩོམ་ལུས་གཞན་དག་བར་གྱི་ཁྱད་པར་འབྱེད་བྱེད་ཀྱི་
གསུང་བགྲོས་ཡང་དག་ཅིག་རེད།  ཡང་གཅིག་བཤད་ན།  ཅི་ཞིག་ལ་སྙན་ངག་ཟེར་བར་ཡང་གནའ་ནས་ད་ལྟའི་བར་དུ་ཅུང་གཅིག་གྱུར་གྱི་ལྟ་ཚུལ་ཞིག་
བྱུང་མེད་པ་སྟེ།   ལོ་རབས་སུམ་ཅུའི་ནང་ཡང་ཧོང་ལོས"ཀྲུང་གོའི་་སྙན་ཚིག་རིག་པའི་རྩ་གནད"ཅེས་པ་ཞིག་བྲིས་པ་ལས།  ཀྲུང་གོའི་དཔེ་དེབ་ཁྲོད་
ཀྱི་སྙན་ངག་གི་མཚན་ཉིད་སྐོར་བཞི་བཅུ་ལྷག་ལ་དགག་བཞག་བྱས་ཡོད་པ་དང༌།  ཨ་མེ་རི་ཁའི་སྙན་ངག་པ་ཁཱར་ཨར་སངས་ཏི་ཕུའུ་ཡིས་ཁོང་གི<<སྙན་
ངག་གི་མཚན་ཉིད"ཅེས་པའི་ནང་དུའང་མཚན་ཉིད་སོ་བརྒྱད་རིམ་པར་གླེང་མྱོང་བ་ལྟ་བུ་དང༌།  དེ་བཞིན་རང་ཅག་བོད་མི་རིགས་ལ་མཚོན་ནའང་
བོད་མཁས་པ་དང་རྒྱལ་དབང་ལྔ་བ།  འཇུ་མི་ཕམ།  དུང་དཀར་ཚང༌།  བསེ་ཚང་ཚང༌།  འཇུ་སྐལ་བཟང་སོགས་དུས་སྐབས་རེ་རེའི་སྙན་ངག་སྨྲ་བའི་
ཁྱུ་མཆོག་དག་གིས་ཀྱང་རང་རང་གི་འདོད་ལུགས་ལྟར་མཚན་ཉིད་རེ་བཀོད་ཡོད་པ་སོགས་གནའ་དེང་དང༌། ཀྲུང་ཕྱིའི་སྙན་ངག་གི་ལོ་རྒྱུས་སྟེང་སྙན་
ངག་གི་མཚན་ཉིད་བགྲང་གིས་མི་ལངས་པ་ཞིག་བྱུང་ཡོད་པ་ལས་ཀྱང་སྙན་ངག་ལ་རྩོམ་ལུས་གཞན་དང་མི་མཐུན་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་
པ་ར་སྤྲོད་བྱས་ཡོད་པར་སྙམ།   ཁྱད་ཆོས་དེའང་གཙོ་བོ་སྙན་ངག་རང་སྟེང་གི་ཁྱད་ཆོས་ཏེ།  ཕུན་སུམ་ཚོགས་པའི་ཀུན་རྟོག་དང༌།  ཤུགས་དྲག་པོའི་
ཚོར་འདུ།  སྙན་འཇེབས་འགྱུར་ཁུགས་དབྱངས་ཀྱི་ཡོན་ཏན་ལྡན་པའི་ཚིག་སྦྱོར།  བརྗོད་ཡུལ་ལས་འདས་པའི་བརྗོད་བྱ་སོགས་ཀྱིས་ཐག་གཅོད་བྱས་པ་
ཤ་སྟག་རེད།  དེར་བརྟེན།  སྙན་ངག་ལ་མོས་མཁན་ལ་ལས"སྙན་ངག་ནི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་དྲག་པོ་དེ་རི་མོར་ཕབ་པའི་
སྒྱུ་རྩལ་གྱི་ཡང་རྩེ་ཞིག་ཡིན་པས།  གསལ་ལྷང་ལྷང་གི་ཚོར་འདུ་དེ་ཧ་ཅང་གལ་ཆེན་ཡིན་པ་ལས།   ཚིག་སྦྱོར་བརྡ་སྤྲོད་དང་མཐུན་མིན་ནི་དེ་འདྲ་གལ་
ཆེན་མིན"ཞེས་སྨྲས་པར་ཡང་སྙན་ངག་རང་སྟེང་གི་ཁྱད་ཆོས་ཀྱི་སྟེང་ནས་བལྟས་ན་གནས་ལུགས་གཏན་ནས་མེད་པ་ཞིག་ག་ལ་ཡིན།    སྙན་ངག་ནི་
དངོས་འབྲེལ་ཚོར་འདུ་དྲག་པོའི་བདག་ཉིད་ཅན་ཞིག་ཡིན་ཏེ།    དབྱི་ཐ་ལིའི་སྙན་ངག་པ་ཏན་ཏིན(但 丁)གྱིས“ང་ནི་འདི་འདྲའི་སྙན་
ངག་པ་ཞིག་སྟེ།   འདོད་བརྩེ་ཡིས་ང་ལ་དུང་སྐུལ་བྱེད་སྐབས།  ཁོས་སེམས་ཁོང་ནས་ཕབ་པའི་བཀའ་བཞིན་ངས་སྙན་ངག་ཏུ་བྲིས་པ་ཡིན”ཞེས་དང༌། 
སྙན་ངག་མཁན་ཨེ་ཆིན(艾青)གྱིས“སྙན་ངག་གི་ཆེས་འགངས་ཆེ་བའི་འཇོན་ཐང་ནི་བསམ་ཡན་བཀོད་རྒྱུ་དེ་རེད།  སྙན་ངག་མཁན་གྱིས་
བསམ་ཡན་ལ་བརྟེན་ནས་ཕན་ཚུན་འབྲེལ་བ་མེད་པའི་དངོས་པོ་རྣམས་ཕྲེང་ཐག་གིས་སྦྲེལ་བ་ནང་བཞིན་གཅིག་གྱུར་གྱི་ཕུང་བོའམ་གོང་བུ་ཞིག་ལ་
སྒྲིལ་བ་ཡིན”ཞེས་གསུངས་པ་སོགས་ནི་གཙོ་བོ་སྙན་ངག་གི་གཞི་རྩའི་ཁྱད་ཆོས་ཏེ།    ཤུགས་དྲག་པོའི་ཚོར་འདུས་ཕྱུག་དགོས་ཚུལ་དེ་བསྟན་པ་རེད།  
དེར་བརྟེན། འདིར་གླེང་བར་འདོད་པ་ནི་སྙན་ངག་གི་བརྗོད་བྱའི་དགོས་མཁོའམ་ཚོར་འདུ་དྲག་པོའི་དབང་གིས་ཚིག་སྦྱོར་གྱི་ཐད་ནས་གནས་སྐབས་ལ་ལར་གཏན་
ཚིགས་ཀྱི་ཆོས་ཉིད་དང་འགལ་བའི་ཆའང་འབྱུང་སྲིད་པས།(ལྷག་པར་དུ་རང་མོས་སྙན་ངག་ལ་མཚོན་ན)  དེ་ནི་རྩོམ་ལུས་རང་སྟེང་གི་རྩ་བའི་ཁྱད་
ཆོས་ཀྱིས་ཐག་གཅོད་བྱས་པ་ཞིག་ཡིན་ཕྱིར་ཅུང་དམིགས་བསལ་ཅན་ཞིག་ཡིན་པར་སྙམ་ཙ་ན།   དེས་སྒྱུ་རྩལ་རྩོམ་རིག་དང་གཏན་ཚིགས་་རིག་པ་
གཉིས་ཀྱི་འབྲེལ་བ་གླེང་བར་གེགས་རྐྱེན་བཟོས་མེད་པར་འདོད།  ཡིན་ནའང་སྙན་ངག་གང་ཡིན་རུང་བརྗོད་བྱའི་སྤྱི་ཁོག་དང་གོ་རིམ་སོགས་ནི་ངེས་
པར་དུ་གཏན་ཚིགས་རིག་པའི་ཆོས་ཉིད་དང་མཐུན་དགོས་ཏེ།  ཚོར་འདུ་ཤུགས་དྲག་གིས་ཁྱེར་བ་ཡིན་ཟེར་ནས་བརྗོད་བྱའི་སྒྲིག་གཞིའང་གཏན་ཚིགས་
དང་འགལ་ཚེ།  དེ་ནི་སྙན་ངག་ཚད་ལྡན་ཞིག་ཏུ་རྩི་དཀའ་བར་སྙམ་མོ།།
           མདོར་ན།  མཁས་དབང་དོར་ཞི་རིན་པོ་ཆེ་ནས“ཚིག་གི་སོག་མ་ཤིང་རྟས་མི་ཐེག་པར།།  དོན་གྱི་འབྲས་བུ་སྤར་གང་མེད་པ་ལས།།  རྗོད་
བྱེད་མེ་ལོང་མཐེབ་ཀྱུ་ཙམ་གྱི་ངོས།།  བརྗོད་བྱའི་སྣང་བརྙན་འབུམ་ཕྲག་ཚུད་པ་བྲིན།།”ཞེས་གསུངས་པ་ལྟར་ང་ཚོས་སྒྱུ་རྩལ་རྩོམ་ཡིག་ལེགས་པོ་ཞིག་
འབྲི་བ་ལ་ཚིག་དོན་གཉིས་ཀྱི་གནད་འདྲིལ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་ལ།  ད་ལྟའི་ང་ཚོ་གསར་སློབ་པ་མང་པོ་ཞིག་གིས་བྲིས་དང་འབྲི་བཞིན་པའི་
རྩོམ་ཡིག་མང་ཤོས་ཤིག་ལ་དག་བརྗིད་ཀྱི་ཉམས་ཀྱིས་ཅུང་དབུལ་བས།  མིག་སྔར་བོད་ཀྱི་རྩོམ་སྟེགས་སུ་ཀློག་མཁན་ལས་རྩོམ་མཁན་མང་བའི་སྣང་
ཚུལ་དོ་མི་མཉམ་པ་ཞིག་བྱུང་བར་སྙམ། དེས་ན་སྣང་ཚུལ་འདིར་དག་ཐེར་བྱ་བ་ལ་ང་ཚོ་རྩོམ་མཁན་དང་རྩོམ་སྒྲིག་པ།   ཀློག་པ་པོ་བཅས་ཐུན་མོང་གིས་
རྡོག་རྩ་གཅིག་སྒྲིལ་གྱིས་རང་རེའི་རྩོམ་རིག་སྒྱུ་རྩལ་གྱི་རྒྱུ་སྤུས་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས་པ་ནི་ཁ་ཚ་དགོས་གཏུག་གི་ལས་ཤིག་
ཡིན་ཞིང༌། དེ་ལྟར་གཏོང་བ་ལ་ཕྱི་ནང་གཉིས་ཀའི་རྒྱུ་རྐྱེན་མང་བོ་ཞིག་ལ་གཟབ་ནན་བྱ་དགོས་པར་མ་ཟད།   གཏན་ཚིགས་རིག་པའི་ཐད་ལའང་ངེས་
པར་དུ་དོ་་སྣང་བྱ་དགོས་པར་འདོད་པ་སྟེ། ཨ་ལགས་དོར་ཞིས་གཏན་ཚིགས་རིགས་པའི་བྱེད་ལས་ལ“སྔར་མི་ཤེས་པའི་ཤེས་བྱ་གསར་བ་རྟོགས་པ་
དང༌། སྒྲ་སྦྱོར་ཚུལ་གྱི་ཕྲ་ཞིབ་ཀྱི་ཁྱད་པར།  དགག་སྒྲུབ་ཀྱི་རྟགས་སྦྱོར་དང༌།  ཐལ་འགྱུར་འགོད་ཚུལ་སོགས་ཀྱི་ཤེས་བྱ་ལ་བརྟེན་ནས་རྣམ་འབྱེད་བློ་ཡི་
ནུས་པ་བསྐྱེད་པ་དང༌།   ཚན་རིག་ཞིབ་འཇུག་དང༌།  གཞུང་ལུགས་འཆད་རྩོད་རྩོམ་གསུམ་བྱེད་པའི་འཇོན་ཐང་བླ་ལྷག་ཏུ་བསྐྱེད་པ་སོགས་སོ།།”ཞེས་
གསུངས་བ་ནི་ཤིན་ཏུ་བྲིན་པས།  འདིར་འདི་དང་སྒྱུ་རྩལ་རྩོམ་རིག་གཉིས་ཀྱི་འབྲེལ་བ་ཙམ་རྨོངས་བློར་འཆར་ཚུལ་ཇི་བཞིན་འབྲི་ཁུལ་བྱས་པ་དགེའོ།།

མཆན།
༡ དོར་ཞི་གདོང་དྲུག་སྙེམས་བློ། མུན་འཇོམས་ནོར་བུའི་ཕྲེང་བ། [M]. པེ་ཅིན།  མི་རིགས་དཔེ་སྐྲུན་ཁང༌།  1996.11  p205
༢ རྡོ་རྗེ་རིན་ཆེན། རྩོམ་རིག་གཞུང་ལུགས་གནད་བསྡུས། [M].  པེ་ཅིན།   མི་རིགས་དཔེ་སྐྲུན་ཁང༌། 2005.6 p3
༣  དགེ་འདུན།   གཏན་ཚིགས་རིག་པའི་འཕེལ་རྒྱས་སྐོར་རགས་ཙམ་གླེང་བ། [J].  པེ་ཅིན།  ཀྲུང་གོའི་བོད་ཀྱི་ཤེས་རིག  1993 (3)p79
༣རིན་ཆེན་བཀྲ་ཤིས། རྩོམ་རིག་གསར་རྩོམ་གྱི་རྣམ་བཤད།[M]. མཚོ་སྔོན།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།  1998.5  p15
༤  བོད་ལྗོངས་ཞིབ་འཇུག(བོད་ཡིག)གོ་བདུན་ལོའི་དེབ་གཉིས་པ།  p30

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྱུ་རྩལ་རྩོམ་རིག་དང་གཏན་ཚིགས་རིག་པ་གཉིས་ཀྱི་འབྲེལ་བ་ཅུང་བཤད་པ།

2009-02-25 སྐལ་རྒྱམ།(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།